ཏང་ཡོན་སློབ་གསོ།སྔ་མའི་པར་གཞི་དེ འབུམ་མཚོ།  ནས 2020-11-12 09:18ལ་འགྲུབ།

ཏང་ཡོན་སློབ་གསོ།

ཏང་ཡོན་སློབ་གསོ།
ཏང་ཡོན་སློབ་གསོ་ནི་ཏང་གི་འཛུགས་སྐྲུན་གྱི་རྨང་གཞིའི་བྱ་བ་གལ་ཆེན་དང་དུས་ཡུན་རིང་བོའི་འཐབ་ཇུས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
党员教育
དབྱེ་བ།
རྒྱུན་ལྡན་དང་གཅིག་སྡུད་ཅན་གཉིས་ཡོད།
1 ​ངོ་སྤྲོད། 

ཏང་ཡོན་སློབ་གསོ་ནི་ཏང་གི་འཛུགས་སྐྲུན་གྱི་རྨང་གཞིའི་བྱ་བ་གལ་ཆེན་དང་དུས་ཡུན་རིང་བོའི་འཐབ་ཇུས་ཤིག་ཡིན་ཞིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རླབས་པོ་ཆེ་དང་ཏང་གི་འཛུགས་སྐྲུན་གྱི་ལས་གྲྭ་གལ་ཆེན་ལ་སྐུལ་འདེད་གཏོང་བའི་གོ་རིམ་ཁྲོད་དུ་སྣེ་ཁྲིད་དང་། ཡོངས་ཁྱབ་རང་བཞིན། འགན་སྲུང་རང་བཞིན་བཅས་ཀྱི་ནུས་པ་གལ་ཆེན་འདོན་བཞིན་མཆིས། ཏང་གི་ལོ་རྒྱུས་ངོས་ནས་བལྟས་ན་ཏང་ཡོན་སློབ་གསོ་ལ་རྣམ་པ་གཉིས་ཡོད་དེ། གཅིག་ནི་རྒྱུན་ལྡན་གྱི་ཏང་གཤིས་སློབ་གསོ་དང་། ཅིག་ཤོས་ནི་གཅིག་སྡུད་སློབ་གསོ་གཉིས་ཡིན། རྒྱུན་ལྡན་གྱི་ཏང་གཤིས་སློབ་གསོ་གཙོར་བཟུང་སྟེ། གནས་བབ་ཀྱིས་སྤྲད་པའི་འོས་འགན་གྱི་བླང་བྱ་དང་རང་གི་འཕེལ་རྒྱས་ཀྱི་དགོས་མཁོར་གཞིགས་ཏེ་དུས་ཐོག་ཏུ་ཏང་ནང་ཁུལ་གྱི་གཅིག་སྡུད་སློབ་གསོ་སྤེལ་བ་ནི་གུང་ཁྲན་ཏང་གི་གོམས་སྲོལ་བཟང་བོ་ཞིག་ཏུ་ཆགས་ཡོད།

སྤྱི་ལོ2019ལོའི་ཟླ11པར། ཀྲུང་དབྱང་གི་འགོ་ཁྲིད་མོས་མཐུན་བྱུང་བ་བརྒྱུད། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིང་གིས《སྤྱི་ལོ2019ལོ་ནས2023ལོའི་བར་གྱི་རྒྱལ་ཡོངས་ཏང་ཡོན་སློབ་གསོའི་གསོ་སྦྱོང་འཆར་གཞི》དཔར་འགྲེམ་གནང་།

2 བསམ་བློའི་མཛུབ་སྟོན།

ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེང་ཞིང་། མར་ཁེ་སི་ལའེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིག་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་མཛུབ་སྟོན་དུ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་རྒྱལ་སྐྱོང་སྲིད་གཉེར་གྱི་ལྟ་གྲུབ་གསར་བ་དང་། བསམ་བློ་གསར་བ། འཐབ་ཇུས་གསར་བ་བཅས་ལ་ནན་ཏན་གྱིས་སློབ་སྦྱོང་དང་དོན་འཁྱོལ་གནང་བ། ཏང་གི་སྲིད་སྐྱོང་ནུས་པ་དང་སྔོན་ཐོན་རང་བཞིན། དྭངས་གཙང་རང་བཞིན་བཅས་འཛུགས་སྐྲུན་ལ་ཤུགས་སྣོན་པའི་གཙོ་ཐིག་དམ་པོར་བཟུང་ནས། སློབ་སྦྱོང་ཅན་དང་། ཞབས་ཞུ་ཅན། གསར་གཏོད་ཅན་གྱི་མར་ཁེ་སི་རིང་ལུགས་ཀྱི་རྣམ་གསུམ་སྲིད་ཏང་གི་བླང་བྱ་དང་མཐུན་པར་བྱ་དགོས། ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བར་དམིགས་ཏེ། ཏང་གཤིས་ཇེ་དྲགས་དང་། བྱང་ཚད་མཐོར་འདེགས་གཙོ་གནད་དུ་བཟུང་ནས། གཞི་རྒྱ་ཆེ་བའི་ཏང་ཡོན་སློབ་གསོའི་གསོ་སྦྱོང་སྤེལ་བ་དང་། ཁྱོན་ཡོངས་ནས་ཏང་ཡོན་གྱི་དཔུང་སྡེའི་བྱང་ཚད་མཐོར་འདེགས། རྒྱ་ཆེའི་ཏང་ཡོན་མི་སྣའི་དཔེ་ལེགས་ནུས་པ་ཕྱིར་མངོན་གྱིས་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ལ་འགན་སྲུང་བརྟན་པོ་མཁོ་འདོན་བྱ་དགོས།

3 རྩ་བའི་རྩ་དོན།

ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་གཅིག

ཏང་ཡོན་ལ་ཞབས་ཞུ་དང་དགོས་མཁོ་ལྟར་ཁྲིད་པའི་རྩ་དོན་དང་གཉིས།

དོན་དངོས་དང་ཟུང་སྦྲེལ་བྱས་ནས་བསླབས་ཏེ་སྤྱོད་པའི་རྩ་དོན་དང་གསུམ།

གཞི་རིམ་གཙོར་འཛིན་དང་གོང་འོག་འབྲེལ་མཐུད་ཀྱི་རྩ་དོན་དང་བཞི།

གསར་གཏོད་རྒྱུན་འཛིན་དང་ཕན་འབྲས་ལ་དམིགས་པའི་རྩ་དོན་དང་ལྔའོ།།

4 དམིགས་འབེན་གཙོ་བོ།

ཏང་ཡོན་གྱི་བསམ་བློ་དང་ཆབ་སྲིད་སྤུས་ཚད་མཐོར་འདེགས་གཏོང་བ་དང་གཅིག

ཏང་ཡོན་གྱི་བྱ་བའི་ནུས་པ་མཐོར་འདེགས་གཏོང་བ་དང་གཉིས།

ཏང་ཡོན་གྱི་གདོང་ལེན་མིག་དཔེའི་ནུས་པ་འདོན་པ་དང་གསུམ་མོ།།

5 ནང་དོན་གཙོ་བོ།

མར་ཁེ་སི་ལའེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དང་ཀྲུང་གོའི་ཕུགས་འདུན་སྐོར་གྱི་སློབ་གསོ། ཏང་གི་སྒྲིག་ཡིག་དང་གཞི་རྩེའི་ཤེས་བྱ། ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་སྐོར་གྱི་སློབ་གསོ། ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས། གནས་བབ་གསར་བའི་འོས་འགན་སྐོར་གྱི་སློབ་གསོ། རྒྱལ་ཁབ་ཀྱི་གནས་བབ་སྐོར་གྱི་སློབ་གསོ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་འདུན་དང་གུང་ཁྲན་རིང་ལུགས་ཀྱི་རྒྱང་རིང་ཕུགས་བསམ་སྐོར་གྱི་སློབ་གསོ། ཏང་གི་སྲོལ་རྒྱུན་དང་སྤོད་ཚུལ་བཟང་བོ། ཏང་གི་སྒྲིག་ཁྲིམས་དང་རུལ་རྒོལ་གཙང་སྤེལ་གྱི་སློབ་གསོ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་སྐོར་གྱི་སློབ་གསོ། ཁྲོམ་རའི་དཔལ་འབྱོར་དང་ཁྲིམས་ལུགས། ཚན་རིག་རིག་གནས། ལས་དོན་ལག་རྩལ་བཅས་ཀྱི་སློབ་གསོ་སོགས་ཀྱི་ནང་དོན་འདུ། ས་ཆ་དང་སྡེ་ཁག་སོ་སོའི་ཏང་རྩ་འཛུགས་ནས་དུས་སྐབས་མི་འདྲ་བའི་གནས་བབ་དང་འོས་འགན་ལ་གཞིགས་ཤིང་། ཁྱབ་ཁོངས་མི་གཅིག་པ་དང་། ལས་རིགས་མི་གཅིག་པ། ལས་གནས་མི་གཅིག་པའི་ཏང་ཡོན་གྱི་དངོས་ཡོད་གནས་ཚུལ་ལྟར་སློབ་གསོའི་ནང་དོན་བཀོད་སྒྲིག་བྱ་དགོས།

6 བྱ་བའི་གཙོ་གནད།

མིག་སྔར་དང་རྗེས་ཀྱི་དུས་ཡུན་ངེས་ཅན་ཞིག་གི་རིང་ཏང་ཡོན་སློབ་གསོ་སྤེལ་བར་གཤམ་གྱི་ཕྱོགས་བདུན་གཙོ་གནད་དུ་འཛིན་དགོས་ཏེ།

གཞི་རིམ་ཏང་ཙུའུ་ཧྲུའུ་ཅི་ཡི་གསོ་སྦྱོང་དང་གཅིག

ཞིང་གྲོང་གི་ཏང་ཡོན་གྱི་རྒྱང་བསྲིང་སློབ་གསོ་དང་གཉིས།

སྤྱི་དབང་མིན་པའི་དཔལ་འབྱོར་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་ཡོན་གསོ་སྦྱོང་དང་གསུམ།

ཏང་ཡོན་གསར་བའི་གསོ་སྦྱོང་དང་བཞི།

འཁོར་སྐྱོད་ཏང་ཡོན་གྱི་གསོ་སྦྱོང་དང་ལྔ།

མཐའ་འཁོབ་མི་རིགས་ཀྱི་གཞི་རིམ་ཏང་ཡོན་གསོ་སྦྱོང་དང་དྲུག

ཏང་ཡོན་གྱི་ལས་གཏོད་ལས་ཞུགས་ལག་རྩལ་གསོ་སྦྱོང་དང་བདུན།

7 བྱེད་ཐབས་གཙོ་བོ།

གཅིག་ནི་བྱེད་ཐབས་ལེགས་བཅོས་ཏེ། ཏང་ཡོན་སློབ་གསོའི་ཕན་འབྲས་ཅན་དུ་འགྱུར་བར་དམིགས་པ།

གཉིས་ནི་གསར་གཏོད་ཀྱི་བྱེད་ཐབས་ཏེ་ཏང་ཡོན་སློབ་གསོའི་དེང་རབས་ཅན་གྱི་ཆུ་ཚད་མཐོར་འདེགས་སུ་གཏོང་བ།

གསུམ་ནི་ཐོན་ཁུངས་སྒྲིག་སྦྱོར་ཏེ་ཏང་ཡོན་སློབ་གསོའི་གསོ་སྦྱོང་ལ་འགན་སྲུང་ནུས་ལྡན་མཁོ་འདོན་བྱ་བ།

བཞི་ནི་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ་ཏང་ཡོན་སློབ་གསོའི་བྱ་བ་ཚན་རིག་ཅན་དུ་གཏོང་བ།

8 འབྲེལ་ཡོད་ཡིག་ཆ།

སྤྱི་ལོ2019ལོའི་ཟླ11པར། ཀྲུང་དབྱང་གི་འགོ་ཁྲིད་མོས་མཐུན་བྱུང་བ་བརྒྱུད། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིང་གིས《སྤྱི་ལོ2019ལོ་ནས2023ལོའི་བར་གྱི་རྒྱལ་ཡོངས་ཏང་ཡོན་སློབ་གསོའི་གསོ་སྦྱོང་འཆར་གཞི》དཔར་འགྲེམ་གནང་།

དཔྱད་གཞིའི་ཡིག་ཆ།