འབུམ་རམས་པའི་ཞབས་ཞུ་ཚོགས་པ།སྔ་མའི་པར་གཞི་དེ འབུམ་མཚོ།  ནས 2020-11-10 14:28ལ་འགྲུབ།

འབུམ་རམས་པའི་ཞབས་ཞུ་ཚོགས་པ།

འབུམ་རམས་པའི་ཞབས་ཞུ་ཚོགས་པ།
འབུམ་རམས་པའི་ཞབས་ཞུ་ཚོགས་པའི་བྱ་བ་ནི་ནུབ་རྒྱུད་ས་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་དང་། ཕུལ་བྱུང་འཇོན་མི་གསོ་སྐྱོང་བྱེད་པའི་ཐབས་ལམ་ནུས་ལྡན་དེ་ཡིན། དེའི་ལས་ཀ་གཙོ་བོ་ཀྲུང་དབྱང་རྩ་འཛུགས་པུའུ་དང་གུང་གཞོན་ཚོགས་པས་དོ་དམ་བྱེད་ཀྱིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
博士服务团
རྩ་འཛུགས་མཁན།
ཀྲུང་དབྱང་རྩ་འཛུགས་པུའུ་དང་གུང་གཞོན་ཚོགས་པ།
ཆ་རྐྱེན།
ཆབ་སྲིད་བྱང་ཚད་མཐོ་ཞིང་སྤྱོད་ཚུལ་བཟང་བ།
དུས་ཚོད།
སྤྱི་ལོ1999ལོ།
1 ངོ་སྤྲོད།

འབུམ་རམས་པའི་ཞབས་ཞུ་ཚོགས་པའི་བྱ་བ་ནི་ནུབ་རྒྱུད་ས་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་དང་། ཕུལ་བྱུང་འཇོན་མི་གསོ་སྐྱོང་བྱེད་པའི་ཐབས་ལམ་ནུས་ལྡན་དེ་ཡིན། དེའི་ལས་ཀ་གཙོ་བོ་ཀྲུང་དབྱང་རྩ་འཛུགས་པུའུ་དང་གུང་གཞོན་ཚོགས་པས་དོ་དམ་བྱེད་ཀྱིན་ཡོད། ལོ་རེར་ཀྲུང་དབྱང་གི་འབྲེལ་ཡོད་ལས་ཁུངས་དང་ཤར་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་ནས་འབུམ་རམས་པ་ནུབ་རྒྱུད་དུ་མངགས་ཏེ་ཞབས་ཞུ་དང་སྦྱོང་བརྡར་གྱི་ལས་ཀ་བྱེད་ཀྱིན་ཡོད།

སྤྱི་ལོ1999ལོར་སྤེལ་འགོ་བརྩམས་པ་ནས་བཟུང་། ནུབ་རྒྱུད་ས་ཆར་བསྐྱོད་ཟིན་པའི་འབུམ་རམས་པར་ཁྱོན་སྡོམ་སྐོར་ཁག17དང་མི་གྲངས2822ལ་འབུད།

2 འཁོར་བསྐྱོད།

འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ཚོད་ལྟའི་བྱ་བ་སྤྱི་ལོ1999ལོ་ནས་འགོ་བརྩམས་ཤིང་། སྐོར་ཁག་དང་པོར་ཚོགས་མི23ཡོད་པ་དང་། སོ་སོ་ཁྲུང་ཆིང་དང་ཁྲེང་ཏུའུ་རུ་མངགས་པ་ཡིན། ཁོ་ཚོས་ས་གནས་དེ་དག་ཏུ་མཐོ་རིམ་ཤེས་ལྡན་མི་སྣའི་དགེ་མཚན་མངོན་པར་བཏོན་ཏེ་རང་ཉིད་ཀྱི་ནུས་པ་དང་འཇོན་ཚད་ལྟར་ས་དེ་གའི་འབྲེལ་ཡོད་སྡེ་ཁག་ཏུ་ཞབས་ཞུའི་བྱ་བ་བསྒྲུབས། ཚོད་ལྟའི་བྱ་བའི་ཁྲོད་གྲུབ་འབྲས་མངོན་གསལ་བླངས་ཤིང་། ས་གནས་དེ་གའི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་འབུམ་རམས་པའི་ཞབས་ཞུ་ཚོགས་པའི་བྱ་བར་གདེང་འཇོག་མཐོན་པོ་གནང་། དེའི་ཕྱིར་ཀྲུང་དབྱང་རྩ་འཛུགས་པུའུ་དང་གུང་གཞོན་ཚོགས་པས་སྤྱི་ལོ2000ལོ་ནས་ཡང་བསྐྱར་སྐོར་ཁག་བགོས་ཏེ་འཇོན་མི་བརྒྱ་སྐོར་ལྷག་ནུབ་རྒྱུད་ས་ཁུལ་གསར་སྤེལ་དང་འཛུགས་སྐྲུན་ཕྱོགས་རྒྱབ་སྐྱོར་གནང་བར་མངགས། 


དཔྱད་གཞིའི་ཡིག་ཆ།