ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་ཞིབ་ཕྲ།སྔ་མའི་པར་གཞི་དེ འབུམ་མཚོ།  ནས 2020-11-10 11:10ལ་འགྲུབ།

ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་ཞིབ་ཕྲ།

ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་ཞིབ་ཕྲ།
《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་ཞིབ་ཕྲ》ནི་སྤྱི་ལོ2014ལོའི་ཟླ5པའི་ཚེས28ཉིན་ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་གིས་དཔར་འགྲེམ་གནང་བའི་ཏང་ཁུལ་དུ་ལྟ་སྐུལ་བྱེད་པར་སྤྱོད་པའི་ཡིག་ཆ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中国共产党发展党员工作细则
དཔར་འགྲེམ་ལས་ཁུངས།
ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་།
དཔར་འགྲེམ་དུས་ཚོད།
སྤྱི་ལོ2014ལོའི་ཟླ5པའི་ཚེས28ཉིན།
ལག་བསྟར་དུས་ཚོད།
སྒྲིག་སྲོལ་ཁྱབ་བསྒྲགས་བྱས་པ་ནས་བཟུང་ལག་བསྟར་བྱེད་པ།
1 ​མ་ཡིག་གི་ནང་དོན།

《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་ཞིབ་ཕྲ》ནི《ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་གིས〈ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་ཞིབ་ཕྲ〉དཔར་འགྲེམ་གྱི་བརྡ་ཐོ》གཞིར་བཟུང་སྟེ་གཏན་ལ་ཕབ་པ་ཡིན་ཞིང(ཀྲུང་དབྱང་གཞུང་ལས་ཐིང་གི་ཡིག་ཆ〔2014〕ཨང33པ)དེ་ལས་ཚན་བཤུས་ཤིག་བཀོད་ན་གཤམ་ལྟར།

1_1 ལེའུ་དང་པོ། སྤྱིའི་རྩ་དོན།

དོན་ཚན་དང་པོ། ཏང་ཡོན་འཕེལ་རྒྱས་ཀྱི་ལས་དོན་ཚད་ལྡན་དང་། ཏང་ཡོན་གྱི་བྱང་ཚད་ལ་ཁག་ཐེག ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་བཅས་ཡོང་ཆེད། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》དང་ཏང་ནང་ཁུལ་གྱི་གཏན་ཕབ་ལྟར་སྒྲིག་སྲོལ་འདི་བཙུགས་པ་ཡིན།

དོན་ཚན་གཉིས་པ། ཏང་གི་གཞི་རིམ་རྩ་འཛུགས་ཀྱིས་མར་ཁེ་སི་རིང་ལུགས་ཀྱི་དད་མོས་དང་། གུང་ཁྲན་རིང་ལུགས་ཀྱི་རྟོགས་སད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆོད་སེམས་ཡོད་པའི་ཁྱད་ཆོས་ལྡན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རང་རྟོགས་ཀྱིས་ལག་ལེན་བྱེད་པའི་སྔོན་ཐོན་ཅན་དག་ཏང་ནང་དུ་སྡུད་ལེན་བྱེད་པ་དེ་རྒྱུན་ལྡན་གྱི་བྱ་བ་གལ་ཆེན་ཞིག་ཏུ་བརྩི་འོས།

དོན་ཚན་གསུམ་པ། ཏང་ཡོན་འཕེལ་རྒྱས་གཏོང་རྒྱུའི་ལས་ཀའི་ཐད་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་རྩ་འཛིན། གཞི་རྩའི་ཉམས་མྱོང་། གཞི་རྩའི་བླང་བྱ་བཅས་ལག་བསྟར་བྱེད་འོས། བསྡོམས་འབོར་ཚོད་འཛིན་དང་། གྲུབ་ཚུལ་ལེགས་འགྱུར། སྤུས་ཚད་མཐོར་གཏོང་། ནུས་པ་འདོན་སྤེལ་བཅས་ཀྱི་སྤྱིའི་བླང་བྱ་ལྟར། ཏང་གི་སྒྲིག་ཡིག་ནང་གཏན་ལ་ཕབ་པའི་ཏང་ཡོན་གྱི་ཚད་གཞི་མཐའ་འཁྱོངས་བྱས་ནས་ཆབ་སྲིད་ཀྱི་ཚད་གཞི་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་འཇོག་པ། གཟབ་ནན་གྱིས་གོང་འཕེལ་གཏོང་རྒྱུ་དང་དོ་མཉམ་ངང་གོང་འཕེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་འགོ་ཁྲིད་ཡོད་པ་དང་འཆར་གཞི་ཡོད་པའི་སྒོ་ནས་སྤེལ་དགོས་པ། ཏང་ནང་དུ་ཞུགས་རྒྱུའི་རང་མོས་ཀྱི་རྩ་དོན་དང་མི་རེ་གཉིས་བསྡུ་ལེན་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱས་ནས་ཆ་རྐྱེན་འཛོམས་ན་གཅིག་འཕེལ་རྒྱས་གཏོང་དགོས། འཕྲལ་དུ་འཕེལ་རྒྱས་བཏང་མི་ཆོག་པ་དང་། “སྒོ་རྒྱག་རིང་ལུགས”ལ་ངོ་རྒོལ་བྱ་དགོས།

1_2 ལེའུ་གཉིས་པ། ཏང་ཞུགས་ཧུར་བརྩོན་ཅན་གཏན་ཁེལ་དང་གསོ་སྐྱོང་།

དོན་ཚན་བཞི་པ། ཏང་ཙུའུ་ནས་ཏང་གི་ཆབ་སྲིད་འདོད་ཕྱོགས་དང་བསམ་བློ་ཆབ་སྲིད་ཀྱི་བྱ་བ་ཞིབ་ཕྲ་ཅན་ཁྱབ་བསྒྲགས་བྱས་པར་བརྟེན་ཏང་ཕྱིའི་མང་ཚོགས་ཀྱིས་ཏང་ལ་ངོས་འཛིན་ཚུལ་འཐུས་ཇེ་ཚང་དང་། ཏང་ཞུགས་ཧུར་བརྩོན་ཅན་གྱི་དཔུང་སྡེ་ཇེ་སྟོབས་སུ་གཏོང་དགོས།

དོན་ཚན་ལྔ་པ།  ན་ཚོད་བཅོ་བརྒྱད་ལ་ལོན་པའི་ཀྲུང་གོའི་བཟོ་བ་དང་། ཞིང་བ དམག་མི། ཤེས་ཡོན་ཅན། སྤྱི་ཚོགས་ཀྱི་རིམ་གྲས་གཞན་དག་ནང་གི་སྔོན་ཐོན་པ། ཏང་གི་རྩ་འཛིན་དང་སྒྲིག་ཡིག་ཁས་ལེན་པ། ཏང་གི་རྩ་འཛུགས་ཤིག་གི་ནང་ལ་ཞུགས་པ་དང་འབྲེལ་དེའི་ནང་དུ་ཧུར་བརྩོན་གྱིས་ལས་ཀ་བྱེད་པ་དང་། ཏང་གི་གྲོས་ཆོད་ལག་ལེན་བྱེད་པ། ཏང་གི་གྲོན་དངུལ་དུས་ཐོག་ཏུ་འབུལ་བ་བཅས་བྱེད་འདོད་ཡོད་མཁན་ཞིག་ཡིན་ན། ཀྲུང་གོ་གུང་ཁྲན་ཏང་དུ་ཞུགས་རྒྱུའི་རེ་འདུན་ཞུ་ཡིག་ཕུལ་ཆོག

དོན་ཚན་དྲུག་པ།   རེ་འདུན་ཞུ་མཁན་གྱིས་ལས་ཀ་དང་སློབ་སྦྱོང་བྱེད་སའི་ལས་ཁུངས་དེའི་ཏང་རྩ་འཛུགས་ལ་ཏང་ནང་ཞུགས་རྒྱུའི་ཞུ་ཡིག་འབུལ་དགོས། ལས་ཀ་དང་སློབ་སྦྱོང་བྱེད་མཁན་སྡེ་ཚན་ལ་ཏང་རྩ་འཛུགས་བཙུགས་མེད་ན། དེ་གའི་ཏང་གི་རྩ་འཛུགས་ལ་ཏང་ནང་ཞུགས་རྒྱུའི་ཞུ་ཡིག་འབུལ་དགོས།

སྐོར་སྐྱོད་མི་སྣས་རང་ཉིད་འདུག་སའི་ཏང་རྩ་འཛུགས་སམ་སྡེ་ཚན་གཙོ་སྐྱོང་སྡེ་ཁག་གི་ཏང་རྩ་འཛུགས་ལའང་ཏང་ནང་ཞུགས་རྒྱུའི་ཞུ་ཡིག་ཕུལ་ཆོག སྐོར་སྐྱོད་ཏང་ཡོན་གྱི་ཏང་རྩ་འཛུགས་ལ་ཏང་ནང་ཞུགས་རྒྱུའི་ཞུ་ཡིག་ཕུལ་ཡང་ཆོག

དོན་ཚན་བདུན་པ། ཏང་རྩ་འཛུགས་ནས་ཞུ་ཡིག་འབྱོར་རྗེས་མི་སྣ་མངག་བཅོལ་གྱིས་ཏང་ཞུགས་རེ་ཞུ་འབུལ་མཁན་དང་ཁ་བརྡ་བྱས་ཏེ་གནས་ཚུལ་ལ་རྒྱུན་ལོན་བྱེད་འོས།

དོན་ཚན་བརྒྱད་པ། ཏང་ནང་ཞུགས་རྒྱུའི་ཞུ་ཡིག་འབུལ་མཁན་ཁྲོད་ནས་ཏང་ཞུགས་ཧུར་བརྩོན་ཅན་གཏན་འཁེལ་བྱེད་སྐབས། ཏང་ཡོན་གྱིས་འོས་སྦྱོར་བྱེད་པ་དང་། མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་ཕུལ་བྱུང་ཅན་འོས་སྦྱོར་བྱེད་པ་སོགས་ཀྱི་ཐབས་ལ་བརྟེན་ནས་འོས་མི་འདེམས་དགོས་པ་དང་། ཀྲི་པུའུ་ཨུ་ཡོན་ལྷན་ཁང(ཀྲི་པུའུ་ཨུ་ཡོན་ལྷན་ཁང་བཙུགས་མེད་ན་ཀྲི་པུའུ་ཚོགས་ཆེན་ནས། གཤམ་དུ་འདི་དང་མཚུངས)ནས་ཞིབ་འཇུག་གིས་ཐག་གཅོད་དགོས་པ་མ་ཟད། གོང་རིམ་ཏང་ཨུ་ལ་ཐོ་འགོད་སྙན་སེང་ཡང་ཞུ་དགོས།

དོན་ཚན་དགུ་པ། ཏང་རྩ་འཛུགས་ཀྱིས་དངོས་ཞུགས་ཏང་ཡོན་གཅིག་ནས་གཉིས་བདམས་ཏེ་ཏང་ཞུགས་ཧུར་བརྩོན་ཅན་གསོ་སྐྱོང་བྱ་ཡུལ་དུ་གཏན་ཁེལ་བྱེད་འོས། དེ་ཚོའི་འགན་ཁུར་གཙོ་བོ་ནི།

གཅིག ཏང་ཞུགས་ཧུར་བརྩོན་ཅན་ལ་ཏང་གི་གཞི་རྩའི་ཤེས་བྱ་ངོ་སྤྲོད་པ།

གཉིས། ཏང་ཞུགས་ཧུར་བརྩོན་ཅན་གྱི་ཆབ་སྲིད་གོ་རྟོགས་དང་། བསམ་བློ་ཀུན་སྤྱོད། རྒྱུན་ལྡན་གྱི་རྣམ་འགྱུར། ཁྱིམ་ཚང་གནས་ཚུལ་སོགས་ལ་རྒྱུས་ལོན་བྱས་ཏེ། སློབ་གསོའི་བྱ་བ་ལེགས་པར་བསྒྲུབ་ཏེ། ཏང་ཞུགས་སྐུལ་སློང་དྲང་ཕྱོགས་སུ་བསྒྱུར་བར་སྣེ་ཁྲིད་དགོས།

གསུམ། དུས་ཐོག་ཏུ་ཏང་ཀྲི་པུའུ་ལ་ཏང་ཞུགས་ཧུར་བརྩོན་ཅན་གྱི་གནས་ཚུལ་ཡར་ཞུ་བྱེད་དགོས།

བཞི། ཏང་ཀྲི་པུའུ་ས་ནས་ཏང་ཞུགས་ཧུར་བརྩོན་ཅན་འཕེལ་རྒྱས་གཏོང་ཡུལ་དུ་བསྒྱུར་ཆོག་མིན་གྱི་བསམ་འཆར་བསྡུ་ལེན་བྱེད་པ།

དོན་ཚན་བཅུ་པ། ཏང་གི་རྩ་འཛུགས་ཀྱིས་ཏང་ཞུགས་ཧུར་བརྩོན་ཅན་གྱིས་ཏང་གི་སློབ་ཚན་ལ་ཉན་པ་དང་ཏང་ནང་གི་འབྲེལ་ཡོད་བྱེད་སྒོར་ཞུགས་པར་བསྡུ་ལེན་བྱ་དགོས། ཁོ་ཚོར་སྤྱི་ཚོགས་ཀྱི་ལས་ཀ་ངེས་ཅན་ཞིག་བགོ་རྒྱུ་དང་དེ་བཞིན་གཅིག་སྡུད་ཀྱིས་གསོ་སྐྱོང་སྦྱོང་བརྡར་བྱ་རྒྱུ་སོགས་ཀྱི་ཐབས་ཤེས་སྤྱད་དེ་ཏང་ཞུགས་མཁན་ཧུར་བརྩོན་ཅན་རྣམས་ལ་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་བཅས་སྐོར་གྱི་སློབ་གསོ་གཏོང་དགོས། ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས། ཏང་གི་གཞི་རྩའི་ཤེས་བྱའི་སློབ་གསོ། ཏང་གི་ལོ་རྒྱུས་དང་སྲོལ་རྒྱུན་བཟང་པོ། ཀུན་སྤྱོད་ཀྱི་སློབ་གསོ་དང་དེ་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོ་བཅས་ལ་བརྟེན་ནས་ཁོང་ཚོས་ཏང་གི་ངོ་བོ་དང་། རྩ་འཛིན། དམིགས་ཡུལ། རྩ་འཛུགས་ཀྱི་རྩ་དོན། སྒྲིག་ཁྲིམས་བཅས་ཤེས་སུ་འཇུག་དགོས། ཏང་ཡོན་གྱི་འོས་འགན་དང་ཁེ་དབང་ཤེས་པ་དང་། ཁོ་ཚོར་ཏང་ནང་དུ་ཞུགས་རྒྱུའི་ཀུན་སློང་ཡང་དག་འཛིན་རོགས་བྱས་ཏེ། གུང་ཁྲན་རིང་ལུགས་ཀྱི་བྱ་གཞག་གི་ཆེད་དུ་ཚེ་གང་འབད་བརྩོན་བྱ་རྒྱུའི་དད་སེམས་གཏན་འཁེལ་བྱ་དགོས།

དོན་ཚན་བཅུ་གཅིག་པ། ཏང་ཀྲི་པུའུ་ཡིས་ལོ་ཕྱེད་རེའི་ནང་ཏང་ཞུགས་མཁན་ཧུར་བརྩོན་ཅན་ལ་རྟོག་ཞིབ་ཐེངས་རེ་བྱེད་དགོས། གཞི་རིམ་ཏང་ཨུས་ལོ་རེར་ཏང་ཞུགས་ཧུར་བརྩོན་ཅན་གྱི་དཔུང་ཁག་གི་གནས་ཚུལ་ལ་དབྱེ་ཞིབ་ཐེངས་རེར་བྱེད་དགོས།

དོན་ཚན་བཅུ་གཉིས་པ། ཏང་ཞུགས་མཁན་ཧུར་བརྩོན་ཅན་གྱི་ལས་ཀ་དང་སློབ་སྦྱོང་བྱེད་སའི་སྡེ་ཚན(སྡོད་ས)ལ་འགྱུར་བ་བྱུང་ན། དེ་སྔའི་སྡེ་ཚན(སྡོད་ས)གྱི་ཏང་གི་རྩ་འཛུགས་ལ་དུས་ཐོག་ཏུ་སྙན་སེང་ཞུ་དགོས། ཐོག་མའི་སྡེ་ཚན(སྡོད་ས)གྱི་ཏང་གི་རྩ་འཛུགས་ཀྱིས་དུས་ཐོག་ཏུ་གསོ་སྐྱོང་དང་སློབ་གསོ་སོགས་འབྲེལ་ཡོད་དཔྱད་ཡིག་ད་ལྟའི་སྡེ་ཚན(སྡོད་ས་)གྱི་ཏང་གི་རྩ་འཛུགས་ལ་བརྒྱུད་སྤྲོད་བྱ་དགོས། ད་ལྟའི་སྡེ་ཚན(སྡོད་ས)གྱི་ཏང་རྩ་འཛུགས་ཀྱིས་འབྲེལ་ཡོད་དཔྱད་ཡིག་ལ་ཞིབ་བཤེར་ནན་ཏན་བྱ་དགོས་པ་མ་ཟད། གསོ་སྐྱོང་དང་སློབ་གསོའི་ལས་ཀ་མུ་མཐུད་ཡག་པོ་བསྒྲུབ་དགོས།

1_3 ལེའུ་གསུམ་པ། འཕེལ་རྒྱས་གཏོང་ཡུལ་དང་རྟོག་ཞིབ།

དོན་ཚན་བཅུ་གསུམ་པ། ལོ་གཅིག་ཡན་གསོ་སྐྱོང་སློབ་གསོ་དང་རྟོག་ཞིབ་བྱས་པ་བརྒྱུད་ཏང་ཡོན་གྱི་ཆ་རྐྱེན་གཞི་རྩའི་ཆ་ནས་འཛོམས་པའི་ཏང་ཞུགས་ཧུར་བརྩོན་ཅན་རྣམས། ཏང་གི་ཚོ་ཆུང་དང་། གསོ་སྐྱོང་འབྲེལ་གཏུག་བྱེད་མཁན། ཏང་ཡོན། མང་ཚོགས་བཅས་ཀྱི་བསམ་འཆར་ཉན་འཇོག་བྱས་པའི་རྨང་གཞིའི་ཐོག ཀྲི་པུའུ་ཨུ་ཡོན་ལྷན་ཁང་གིས་གྲོས་བསྡུར་བྱས་ནས་འཐད་པ་བྱུང་བ་མ་ཟད་གོང་རིམ་ཏང་ཨུ་ལ་ཐོ་འགོད་སྙན་སེང་ཞུས་རྗེས་འཕེལ་རྒྱས་གཏོང་ཡུལ་དུ་བཞག་ཆོག

དོན་ཚན་བཅུ་བཞི་པ། འཕེལ་རྒྱས་གཏོང་ཡུལ་ཏང་ཡོན་ངོ་མ་གཉིས་ཏང་ནང་དུ་ཞུགས་པའི་ངོ་སྤྲོད་བྱེད་མཁན་ཡོད་དགོས། ཏང་ནང་དུ་ཞུགས་པའི་ངོ་སྤྲོད་མཁན་ནི་སྤྱིར་བཏང་དུ་གསོ་སྐྱོང་འབྲེལ་གཏུག་བྱེད་མཁན་གྱིས་འགན་འཁུར་དགོས་ལ། ཏང་རྩ་འཛུགས་ཀྱིས་དམིགས་འཛུགས་བྱས་ཀྱང་ཆོག

དོན་ཚན་བཅོ་ལྔ་པ། ཏང་ཞུགས་འོས་སྦྱོར་མཁན་གྱི་འགན་ཁུར་གཙོ་བོ་གཤམ་ལྟར།

གཅིག འཕེལ་རྒྱས་གཏོང་ཡུལ་ལ་ཏང་གི་རྩ་འཛིན་དང་། སྒྲིག་ཡིག ཏང་ཡོན་གྱི་ཆ་རྐྱེན། འོས་འགན་དང་དབང་ཆ་བཅས་ངོ་སྤྲོད་དགོས།

གཉིས། འཕེལ་རྒྱས་གཏོང་ཡུལ་གྱི་ཏང་ཞུགས་ཀུན་སློང་དང་། ཆབ་སྲིད་ཀྱི་གོ་རྟོགས། ཀུན་སྤྱོད་ཀྱི་རྒྱུ་གཤིས། ལས་ཀའི་བརྒྱུད་རིམ། རྒྱུན་ལྡན་གྱི་རྣམ་འགྱུར་བཅས་ཇི་མ་ཇི་བཞིན་ཏང་གི་རྩ་འཛུགས་ལ་སྙན་སེང་ཞུ་དགོས།

གསུམ། འཕེལ་རྒྱས་གཏོང་ཡུལ་ལ《ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་རྒྱུའི་རེ་འདུན་ཞུ་ཡིག》འབྲི་བར་ཁྲིད་སྟོན་བྱ་རྒྱུ་མ་ཟད། རང་ཉིད་ཀྱི་བསམ་འཆར་ཡང་ནན་ཏན་གྱིས་འབྲི་རྒྱུ།

བཞི། ཀྲི་པུའུ་ཚོགས་ཆེན་ལ་འཕེལ་རྒྱས་གཏོང་ཡུལ་གྱི་གནས་ཚུལ་ངོ་སྤྲོད་པའི་འགན་ཁུར་དགོས།

ལྔ། འཕེལ་རྒྱས་གཏོང་ཡུལ་གྲ་སྒྲིག་ཏང་ཡོན་ཡིན་པར་ཆོག་མཆན་བཀོད་རྗེས་དེར་མུ་མཐུད་ནས་སློབ་གསོ་དང་རོགས་རམ་བྱ་དགོས།

དཔྱད་གཞིའི་ཡིག་ཆ།