ཏང་ལོ།སྔ་མའི་པར་གཞི་དེ འབུམ་མཚོ།  ནས 2020-11-10 08:31ལ་འགྲུབ།

ཏང་ལོ།

ཏང་ལོ།
ཏང་ལོ་ནི་གྲ་སྒྲིག་ཏང་ཡོན་ནས་དངོས་ཞུགས་ཏང་ཡོན་དུ་གྱུར་བའི་རྗེས་སུ་ཏང་ནང་དུ་ཞུགས་ཏེ་འགོར་བའི་ལོ་ཡི་ཁ་གྲངས་ལ་ཟེར་ཞིང། དངོས་ཞུགས་ཏང་ཡོན་དུ་གྱུར་བའི་རྗེས་ཀྱི་དུས་ཚོད་ཚང་མ་ཡིན། ཏང་ལོ་ཡིས་ཏང་ཡོན་ཏང་ནང་དུ་ཞུགས་པའི་རྗེས་ཀྱི་ཏང་ནང་ཁུལ་གྱི་འཚོ་བ་དང་བྱ་བའི་མྱོང་བརྒྱུད་མཚོན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
党龄
བརྩི་ཚུལ།
དངོས་ཞུགས་ཏང་ཡོན་དུ་གྱུར་བ་ནས་བརྩི་དགོས།
1 ​ངོ་སྤྲོད་རགས་བསྡུས།

གྲ་སྒྲིག་ཏང་ཡོན་ལ་ཏང་ནང་དུ་དངོས་སུ་མ་ཞུགས་པའི་ཡར་སྔོན་དུ་ཐག་གཅོད་ཀྱི་དབང་ཆ་དང་། འདེམས་བསྐོ་དང་ཚུར་འདེམས་པ་བཅས་ཀྱི་དབང་ཆ་མེད་པས། དེའི་ཏང་ནང་ཁུལ་གྱི་འཚོ་བ་དང་བྱ་བར་ཚད་བཀག་ཆེན་པོ་མ་ཐེབས་ཐབས་མེད་ཡིན།  གྲ་སྒྲིག་ཏང་ཡོན་གྱི་དུས་ཚོད་ལོངས་ཏེ་དངོས་ཞུགས་ཏང་ཡོན་དུ་གྱུར་རྗེས་སྔར་གྱི་ཚད་བཀག་དེ་དག་ཀྱང་མེད་པར་གྱུར་འགྲོ་བ་ཡིན། དེ་བས། ཏང་ལོ་ནི་ཏང་ནང་དུ་དངོས་སུ་ཞུགས་པའི་རྗེས་ནས་འགོ་བརྩམས་ཏེ་བརྩི་དགོས་པ་ཡིན།

2 ཏང་ཞུགས་དུས་ཚོད་དང་ཏང་ལོ།

ཏང་ཞུགས་དུས་ཚོད་ནི་ཏང་ཀྲི་པུའུ་ཡིས་ཏང་ཡོན་ཚོགས་ཆེན་བསྡུས་ཏེ་གྲ་སྒྲིག་ཏང་ཡོན་བསྡུ་བའི་དུས་ཚོད་ལ་གོ་ཞིང་། ཏང་ཡོན་གྱི་ཡིག་ཚགས་སུ་ཉར་བའི《ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས་པའི་རེ་འདུན་ཞུ་ཡིག》ཏུ་བཙལ་ན་རྙེད་ཐུབ། ཏང་གི་སྒྲིག་ཡིག་གི་དོན་ཚན་བདུན་པར“ཏང་ཡོན་གྱི་ཏང་ལོ་ནི་གྲ་སྒྲིག་ཏང་ཡོན་ནས་དངོས་ཞུགས་ཏང་ཡོན་དུ་གྱུར་བའི་རྗེས་ནས་བརྩི་དགོས་པ་ཡིན”ཞེས་གསལ་བོར་གཏན་ལ་ཕབ་ཡོད།

3 ཏང་ལོ་བརྩི་སྟངས་དམིགས་བསལ་བ།

གཅིག གྲ་སྒྲིག་དུས་ཡུན་ཇེ་རིང་དུ་བཏང་བའི་ཏང་ཡོན་ཡིན་ན། དེའི་ཏང་ལོ་ནི་གྲ་སྒྲིག་དུས་ཡུན་ལོངས་རྗེས་ཏང་ཡོན་ངོ་མ་ཡིན་པའི་ཆོག་མཆན་ཐོབ་པའི་ཉིན་ནས་བརྩི་དགོས།

གཉིས། ཏང་ནང་ཁུལ་གྱི་ལྟ་ཞིབ་ཆད་པ་ཕོག་པའི་ཏང་ཡོན་ཡིན་ན། ཏང་ཡོན་གྱི་ཁེ་དབང་སླར་གསོ་བྱས་རྗེས་ཏང་ལོ་སྔར་གྱི་ཁ་གྲངས་ཀྱི་མུ་མཐུད་ནས་བརྩི་དགོས།

གསུམ། ཉེས་མེད་སྐྱོན་འདོགས་ཀྱིས་ཏང་ནང་ནས་ཕྱིར་ཕུད་ཀྱང་ཏང་ཐོབ་སླར་གསོ་བྱས་པ་ཡིན་ན། ཏང་ལོ་སྔར་གྱི་མུར་མཐུད་ནས་བརྩི་དགོས།

བཞི། རང་འགུལ་གྱིས་ཏང་ལས་ཕྱིར་བུད་པ་དང་གཞན་གྱིས་འབུད་དུ་བཅུག་པ། ཏང་ལས་འབུད་པའི་རེ་བ་ཞུ་མཁན། ཡང་ན་ཏང་ཐོབ་བླངས་པའི་ཏང་ཡོན་ཏང་ནང་དུ་གསར་ཞུགས་བྱས་རྗེས། དེའི་ཏང་ལོ་ནི་ཡང་བསྐྱར་ཏང་ནང་དུ་ཞུགས་ཏེ་དངོས་ཞུགས་ཏང་ཡོན་དུ་གྱུར་བའི་རྗེས་ནས་འགོ་བརྩམས་ཏེ་བརྩི་དགོས་པ་ལས་སྔོན་ཆད་གྱི་ཏང་ལོ་དེའི་ནང་དུ་བརྩི་མི་རུང་།

ལྔ། རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་ཏང་ཐོབ་བླངས་པའི་ཏང་ཡོན་གྱི་ཏང་ལོ་བརྩི་དུས་སོ་སོའི་གནས་ཚུལ་བྱེ་བྲག་པར་གཞིགས་ཏེ་ཐག་གཅོད་དགོས་པ་གཤམ་ལྟར།

ཏང་རྩ་འཛུགས་ཀྱིས་དུས་ཡུན་དེའི་རིང་གི་ཏང་ཐོབ་ཕྱིར་སླར་གསོ་བྱེད་པར་ཐག་བཅད་ཚེ། དེའི་ཏང་ལོ་ནི་སྔར་གྱི་མུར་མཐུད་དེ་བརྩི་དགོས།

ཏང་ནང་དུ་གསར་ཞུགས་བྱས་པ་དག་གྲ་སྒྲིག་ཏང་ཡོན་གྱི་དུས་ཡོན་ལོངས་ཏེ་དངོས་ཞུགས་ཏང་ཡོན་དུ་གྱུར་བ་ནས་བཟུང་བརྩི་དགོས།

འབྲེལ་ཡོད་ཡིག་ཆ་ལྟར་ཏང་ནང་དུ་གསར་ཞུགས་བྱས་ཤིང་། གྲ་སྒྲིག་གི་དུས་ཡུན་ལོངས་མི་དགོས་པ་དག་གི་ཏང་ལོ་བརྩི་དུས་རིམ་པ་གོང་མའི་ཏང་ཨུའི་ཐག་བཅད་ལྟར་ཏང་ནང་དུ་གསར་ཞུགས་བྱས་པའི་ཉིན་ནས་བརྩི་དགོས།

4 ཏང་ཞུགས་དུས་ཡོན་གྱི་དོན་སྙིང་།

ཏང་ལོ་ནི་དངོས་ཞུགས་ཏང་ཡོན་དུ་གྱུར་རྗེས་འགོར་བའི་ལོ་ཡི་ཁ་གྲངས་ཡིན། ཏང་ཡོན་ཞིག་ལ་མཚོན་ན་ཏང་ལོ་ཡིས་རང་ཉིད་ཀྱི་ཆབ་སྲིད་འཚོ་བ་གསལ་བོར་མཚོན་ཞིང་། དེས་རང་གི་ཏང་ནང་ཁུལ་གྱི་འཚོ་བ་དང་བྱ་བའི་མྱོང་བརྒྱུད་མཚོན་པ་མ་ཟད། དེར་འོས་འགན་དང་འགན་འཁྲི་ཡང་འདུས་ཡོད། ཏང་ལོ་ཡིད་ལ་བརྟན་པོར་འཛིན་པ་ནི་ཏང་ཡོན་ཞིག་ལ་མཚོན་ན་ལྡོག་མེད་ཀྱི་འགན་འཁྲི་ཞིག་ཡིན།