གཏན་ཕབ་བརྒྱད།སྔ་མའི་པར་གཞི་དེ འབུམ་མཚོ།  ནས 2020-11-05 08:53ལ་འགྲུབ།

གཏན་ཕབ་བརྒྱད།

གཏན་ཕབ་བརྒྱད།
གཏན་ཕབ་བརྒྱད་ནི་སྤྱི་ལོ2012ལོའི་ཟླ12པའི་ཚེས4ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ནས་འཚོགས་འདུ་བསྡུས་ཤིང་། ཚོགས་ཐོག་ཏུ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ནས་བྱ་བའི་ལས་སྲོལ་བསྒྱུར་བཅོས་དང་མི་དམངས་དང་དམ་པོར་སྦྲེལ་བའི་སྐོར་ནས་གཏན་ཕབ་བརྒྱད་ཐག་གིས་བཅད་པ་ལ་ཟེར། སྤྱི་ལོ2017ལོའི་ཟླ12པའི་ཚེས3ཉིན། ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གིས་གཏན་ཕབ་བརྒྱད་དང་འབྲེལ་བའི་པར་རིས་སྣ16བཟོས་ཏེ་འགྲེམས་སྤེལ་བྱས་པས་སྤྱི་ཚོགས་སྟེང་ཚ་ཚ་འུར་འུར་གྱི་རྣམ་པ་ཞིག་ཆགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中共中央政治局关于改进工作作风密切联系群众的规定
མིང་ཆ་ཚང་།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བྱ་བའི་སྤྱོད་ཚུལ་ལེགས་བཅོས་དང་མི་དམངས་མང་ཚོགས་དང་དམ་པོར་འབྲེལ་བའི་སྐོར་གྱི་གཏན་ཕབ།
བསྡུས་མིང་།
གཏན་ཕབ་བརྒྱད།
མཆན་བཀོད་མཛུབ་སྟོན་ལས་ཁུངས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ།
མཆན་བཀོད་མཛུབ་སྟོན་དུས་ཚོད།
སྤྱི་ལོ2012ལོའི་ཟླ12པའི་ཚེས4ཉིན།
1 ནང་དོན་གཙོ་བོ།

(1)རྟོག་དཔྱོད་ཞིབ་འཇུག་སྐོར་ལེགས་བཅོས་གཏོང་དགོས་ཏེ། གཞི་རིམ་དུ་སོང་ནས་དོན་དངོས་གནས་ཚུལ་ལ་རྒྱུས་ལོན་དང་། ཉམས་མྱོང་བསྡུ་ལེན། གནད་དོན་ཞིབ་འཇུག གནད་དོན་ཐག་གཅོད། བྱ་བར་མཛུབ་སྟོན། མང་ཚོགས་ལ་སློབ་སྦྱོང་། ལག་ལེན་ཟབ་ཞུགས། མང་ཚོགས་དང་བཞུགས་མོལ་གནང་བ། ལས་བྱེད་པ་དང་ལྷན་དུ་ཁ་བརྡ་གློད་ཅིང་གྲོས་བསྡུར་བྱེད་པ། དཔེ་མཚོན་གནད་དོན་ལ་དབྱེ་ཞིབ་གཏོང་བ། དེ་མིན་དཀའ་ཁག་དང་འགལ་བ་མང་ས། མང་ཚོགས་ལ་བསམ་འཆར་མང་བའི་ས་ཆར་འགྲོ་དགོས། ཁྲལ་སེལ་སླ་བཅོས་དང་ཕྱི་ཚུལ་རིང་ལུགས་ཀྱི་རྣམ་པ་གཏན་ནས་འགོག་དགོས། རླངས་འཁོར་སྟབས་བདེ་སྤྱོད་པ། ཕེབས་རོགས་ཞུ་ཚུལ་ཇེ་ཉུང་དུ་གཏོང་བ། སྣེ་ལེན་བྱེད་ཚུལ་སྟབས་བདེར་གཏོང་བ། འཕྲེད་འགེལ་སྦྱར་ཡིག་མི་སྦྱོར་བ་དང་མང་ཚོགས་ལ་བསུ་སྐྱེལ་བྱེད་དུ་མི་འཇུག་པ། སྐུ་མགྲོན་བསུ་བའི་ས་གདན་མི་འདིང་བ་དང་། མེ་ཏོག་མི་སྒྲིག་པ། གསོལ་སྟོན་མི་བཤམས་པ་བཅས་ཀྱི་ནང་དོན་འདུས།

(2)གྲོས་ཚོགས་དང་བྱ་འགུལ་སྟབས་བདེའི་སྒོ་ནས་སྤེལ་བ་དང་། གྲོས་ཚོགས་ཀྱི་ལུགས་སྲོལ་ལེགས་བཅོས་བྱེད་པ་སྟེ། ཀྲུང་གུང་ཀྲུང་དབྱང་གི་མིང་གཡར་ནས་རྒྱལ་ཡོངས་རང་བཞིན་གྱི་ཚོགས་འདུ་དང་བྱ་འགུལ་གལ་ཆེན་སྤེལ་ཚད་ལ་ཚོད་འཛིན་ནན་མོ་བྱེད་དགོས་ཤིང་། ཀྲུང་དབྱང་གི་ཆོག་མཆན་མ་ཐོབ་པར་དར་ཚོན་འབྲེག་པ་དང་རྩིག་རྨང་འདིང་བའི་བྱེད་སྒོ་སྣ་ཚོགས་དང་། རྟེན་འབྲེལ་ཚོགས་འདུ། དྲན་གསོའི་ཚོགས་འདུ། གཟེངས་བསྟོད་ཚོགས་འདུ། དངོས་མང་འགྲེམས་སྟོན་ཚོགས་འདུ། བགྲོ་གླེང་ཚོགས་འདུ་སྣ་ཚོགས་བཅས་སུ་ཞུགས་མི་ཆོག དེ་མིན་ཚོགས་འདུའི་ཕན་འབྲས་ཇེ་མཐོར་གཏོང་བ་དང་། ཚོགས་འདུའི་དུས་ཡུན་ཐུང་བ། ཚོགས་འདུའི་གཏམ་བཤད་ཉུང་བ། སྟོང་བཤད་དང་རྒྱས་བཤད་དེ་བས་ཀྱང་ཇེ་ཉུང་དུ་གཏོང་དགོས།

(3)ཡིག་ཆ་གནད་བསྡུས་དང་ཡིག་སྲོལ་ལེགས་བཅོས་བྱས་ཏེ། དོན་གྱིས་སྟོང་བ་དང་། དོན་སྙིང་དང་བྲལ་བ། བསྡུས་དྲགས་པའི་ཡིག་ཆའི་རིགས་ཁྱབ་བསྒྲགས་གཏན་འགོག་བྱེད་དགོས།

(4)འཚམས་འདྲིའི་བྱ་འགུལ་ཚད་ལྡན་དུ་གཏོང་བ། ཕྱི་འབྲེལ་བྱ་བའི་དགོས་དབང་ལ་དམིགས་ཏེ་འཚམས་འདྲི་བྱ་འགུལ་ལུགས་མཐུན་གྱིས་བཀོད་སྒྲིག་བྱེད་པ་དང་། འཚམས་འདྲི་དང་ལྷན་དུ་འགྲོ་རོགས་ཀྱི་ཁ་གྲངས་ལ་ཚོད་འཛིན་ནན་མོ་བྱེད་པ། འགྲོ་སྤྱད་ཀྱི་འགྲིམ་འགྲུལ་ཡོ་བྱད་ཚད་གཞི་ལྟར་སྤྱོད་དགོས་པ་མ་ཟད། སྤྱིར་བཏང་ཀྲུང་གོའི་མ་འཇོག་ལས་ཁུངས་དང་། ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ། ཕྱི་འགྲིམས་སློབ་མ་བཅས་ཀྱི་འཐུས་མི་སོགས་གནམ་ཐང་དུ་ཕེབས་བསུ་བྱེད་པར་བཀོད་སྒྲིག་བྱེད་མི་རུང་།

(5)ཉེན་སྲུང་བྱ་བ་ལེགས་བཅོས་བཏང་སྟེ། འགྲིམ་འགྲུལ་དོ་དམ་བྱེད་ཚད་ཇེ་ཡང་དུ་བཏང་ནས་སྤྱིར་བཏང་གི་གནས་ཚུལ་འོག་ལམ་འགོག་པ་དང་ལུས་རྩལ་ཁང་གི་སྒོ་གཏན་པ་སོགས་བྱས་མི་ཆོག

(6)གསར་འགྱུར་འགོད་ཚུལ་ལེགས་བཅོས་གཏོང་བ་སྟེ། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་དག་འཚོགས་འདུར་ཞུགས་པ་དང་བྱ་འགུལ་སྤེལ་སྐབས་བྱ་བའི་གནས་ཚུལ་དང་གསར་འགྱུར་གྱི་རིན་ཐང་། སྤྱི་ཚོགས་ལ་ཐོན་ཐུབ་པའི་ནུས་པར་གཞིགས་ཏེ་གསར་འགྱུར་འགོད་དགོས་མིན་ཐག་གཅོད་དགོས་ཤིང་། དེར་བསྟུན་གྱིས་གསར་འགྱུར་གྱི་ཁ་གྲངས་དང་ཡིག་གྲངས། དུས་ཚོད་རིང་ཐུང་བཅས་བསྡུ་མ་དང་སྟབས་བདེར་བཟོ་དགོས།

(7)དཔེ་དེབ་སོགས་ཀྱི་འགྲེམས་སྤེལ་བྱ་བའི་ཚད་གཞི་ནན་མོར་འཛིན་དགོས་ཏེ། ཀྲུང་དབྱང་གིས་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་ན་མ་གཏོགས། མི་སྒེར་གྱི་བརྩམས་ཆོས་དང་གཏམ་བཤད་དེབ་རྐྱང་མ་སོགས་པར་བསྐྲུན་བྱས་མི་ཆོག་པ་མ་ཟད། རྟེན་འབྲེལ་ཤིས་ཚིག་བསྐུར་བ་དང་ཁ་པར་བཏང་ནས་རྟེན་འབྲེལ་ཞུ་ཚིག་འབུལ་བ་སོགས་བྱེད་མི་རུང་།

(8)གྲོན་ཆུང་བསྲི་ཚགས་ལ་གོམས་པར་བྱ་དགོས་ཏེ། སྲིད་དོན་གཙང་སྐྱོང་གི་འབྲེལ་ཡོད་སྒྲིག་ལུགས་བརྩི་སྲུང་ནན་མོ་བྱེད་དགོས་ལ། སྡོད་ཁང་དང་རླངས་འཁོར་བཀོད་སྒྲིག་སོགས་འཚོ་བའི་གསོལ་ཐང་ཐད་ཀྱི་སྒྲིག་སྲོལ་བརྩི་སྲུང་ནན་མོ་བྱེད་དགོས།

2 དོན་འཁྱོལ་གནས་ཚུལ།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ། ཀྲུའུ་ཞི་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་རྒྱུན་འཁྱོངས་དང་། ཀྲུང་དབྱང་གི་གཏན་ཕབ་བརྒྱད་གཏན་འབེབས་དང་ལག་བསྟར་དོན་འཁྱོལ་བྱས་པ་མ་ཟད། ཏང་གི་མང་ཚོགས་ལམ་ཕྱོགས་དང་འབྲེལ་བའི་སློབ་གསོའི་བྱ་འགུལ་སྤེལ་ཏེ། ཕྱི་ཚུལ་རིང་ལུགས་དང་། དཔོན་ངན་རིང་ལུགས། སྐྱིད་འདོད་རིང་ལུགས། རྒྱས་སྤྲོས་རིང་ལུགས་སོགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས་པས། ཐོག་མཐའ་བར་གསུམ་དུ་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་གྱི་རྒྱུན་འཆང་བ་དང་། ཏང་དང་མི་དམངས་མང་ཚོགས་བར་གྱི་འབྲེལ་བ་དམ་ཟབ་ཏུ་གནས་པ། ཏང་ཉིད་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགོ་ཁྲིད་བརྟན་པོའི་སྲོག་ཤིང་ཏུ་འགྱུར་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན།

ཏང་གི་གཏན་ཕབ་བརྒྱད་ནི་འཇུག་སྒོ་ཞིག་དང་སྐུལ་སློང་གི་བཀའ་རྒྱ་ལྟ་བུ་ཞིག་ཡིན། ཏང་ཀྲུང་དབྱང་གིས་ཀྲུང་དབྱང་གི་གཏན་ཕབ་བརྒྱད་ལག་བསྟར་དོན་འཁྱོལ་བྱས་པ་ནས་བཟུང་གོང་མས་འོག་མར་འགོ་ཁྲིད་དང་། སྣེ་ཁྲིད་མིག་དཔེ་སྟོན་པ་ཀྲུང་དབྱང་ནས་མགོ་བརྩམས་ཏེ་བསམ་བློ་དང་ཀུན་སྤྱོད་ཕྱོགས་གཉིས་ནན་མོར་བཟུང་ཞིང་། སྒྲིགས་ཁྲིམས་ལག་བསྟར་དང་འགན་འཁྲི་རྩད་གཅོད། དཔེར་མཚོན་གྱོད་གཞི་ལ་ཞིབ་བཤེར་དང་ཐག་གཅོད་ནན་མོ་དང་དམར་འདོན་བྱས་ནས་སྒྲིག་ལམ་དམ་པའི་རྣམ་པ་ཆགས་པར་བྱེད་དགོས། ས་ཆ་སོ་སོ་ནས་ཀྲུང་དབྱང་གི་གཏན་ཕབ་བརྒྱད་ལག་བསྟར་དོན་འཁྱོལ་དང་། དོན་དངོས་ཀྱི་གནས་ཚུལ་ལ་གཞིགས་ཏེ་བྱེད་ཐབས་བྱེ་བྲག་ཅན་ཡང་གཏན་དུ་ཕབ་ཅིང་། ཚུལ་འདི་མཐའ་དག་ལ་མི་དམངས་མང་ཚོགས་ཀྱི་བརྩི་བཀུར་ཟོལ་མེད་པ་ཐོབ་ལ། ལོ་ངོ་འགའ་ཡི་འབད་བརྩོན་བརྒྱུད་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱ་བར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ། འོན་ཀྱང་སྤྱོད་ཚུལ་གྱི་གནད་དོན་ལ་ངན་རེངས་རང་བཞིན་དང་བསྐྱར་ཟློས་རང་བཞིན་ལྡན་པས་སྤྱོད་ཚུལ་ཚུལ་མཐུན་ཡོང་བ་དེ་ངལ་བ་ཐེངས་གཅིག་གིས་འགྲུབ་ཐུབ་པ་ཞིག་མིན་ལ། སྤྱོད་ངན་དོར་བ་དེ་ཡང་ལས་སླ་མོ་ཞིག་མིན། ཀྲུང་དབྱང་གི་གཏན་ཕབ་བརྒྱད་ནི་ཆེས་མཐོའི་ཚད་གཞི་མིན་ལ་དམིགས་འབེན་མཐར་ཐུག་པ་དེ་ཡང་མིན་ལ། དེ་ནི་ང་ཚོས་སྤྱོད་ངན་ལེགས་བཅོས་གཏོང་བའི་གོམས་པ་དང་པོ་ཡིན་པས། འབད་བརྩོན་ལྷོད་མེད་དང་དཀའ་བ་ཁྱད་གསོད་ཀྱིས་སྤྱོད་ཚུལ་འཛུགས་སྐྱོང་བྱ་བ་གཏིང་ཟབ་ཏུ་སྤེལ་དགོས་ལ། སྤྱོད་ཚུལ་ལེགས་བཅོས་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱ་བ་ནམ་ཡང་སྒྲུབ་བཞིན་པའི་ལམ་ན་ཡོད།

སྤྱི་ལོ2018ལོའི་ཟླ12པའི་ཚེས3ཉིན། ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་དྲ་ངོས་སུ་ཀྲུང་དབྱང་གི་གཏན་ཕབ་བརྒྱད་ལག་བསྟར་བྱས་ཏེ་ལོ་ངོ6འགོར་བའི་རིང་ལ། རྒྱལ་ཡོངས་ནས་ཀྲུང་དབྱང་གི་གཏན་ཕབ་བརྒྱད་ཀྱི་དགོངས་དོན་དང་འགལ་ཏེ་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་ཆད་པ་ཁུར་བའི་མི་གྲངས་ཁྱོན་སྡོམ་འབུམ206428ཡོད་པའི་གནས་ཚུལ་བཀོད་འདུག

3 གནད་དོན་ཞིབ་བཤེར་ཐག་གཅོད་བྱས་ཚུལ།

སྤྱི་ལོ2018ལོའི་ཟླ1པོའི་ཚེས1ནས་ཟླ6པའི་ཚེས30ཡི་བར། ཀྲུང་དབྱང་གི་གཏན་ཕབ་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན25677ལ་ཞིབ་བཤེར་ཐག་གཅོད་བྱས་ཡོད། ཐག་གཅོད་བྱས་པའི་མི་གྲངས36618ཡོད་པ་དང་། ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་བཅད་པའི་མི་གྲངས26029ཡོད།

སྤྱི་ལོ2018ལོའི་ཟླ7པར། རྒྱལ་ཡོངས་ཀྱིས་གཏན་ཕབ་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན5178ལ་ཞིབ་བཤེར་ཐག་གཅོད་བྱས་པ་དང་མི་གྲངས7353ཐག་གཅོད་བྱས་ཡོད།

སྤྱི་ལོ2018ལོའི་ཟླ1པོའི་ཚེས1ནས་ཟླ8པའི་ཚེས31ཉིན་བར། རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་ཕབ་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན36420ཞིབ་བཤེར་ཐག་གཅོད་བྱས་ཤིང་། མི་གྲངས51817ཐག་གཅོད་བྱས་པ་དང་། ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་བཅད་པའི་མི་གྲངས36582ཡོད།

སྤྱི་ལོ2018ལོའི་ཟླ10པའི་ཚེས23ཉིན་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་དྲ་ངོས་སུ་སྤྱི་ལོ2018ལོའི་ཟླ9པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་ཕབ་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན6451ལ་ཞིབ་བཤེར་ཐག་གཅོད་བྱས་པ་དང་མི8873ལ་ཆད་པ་བཅད་ཅིང་། མི6335ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་བཅད་པའི་གནས་ཚུལ་ཡོངས་བསྒྲགས་བྱས་འདུག

སྤྱི་ལོ2018ལོའི་ཟླ11པའི་ཚེས27ཉིན་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་དྲ་ངོས་སུ་སྤྱི་ལོ2018ལོའི་ཟླ10པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་ཕབ་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན5585ལ་ཞིབ་བཤེར་ཐག་གཅོད་བྱས་པ་དང་མི7819ལ་ཆད་པ་བཅད་ཅིང་། མི5672ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་བཅད་པའི་གནས་ཚུལ་ཡོངས་བསྒྲགས་བྱས།

སྤྱི་ལོ2018ལོའི་ཟླ12པའི་ཚེས24ཉིན་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་དྲ་ངོས་སུ་སྤྱི་ལོ2018ལོའི་ཟླ11བར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་ཕབ་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན7249ལ་ཞིབ་བཤེར་ཐག་གཅོད་བྱས་པ་དང་མི10295ལ་ཆད་པ་བཅད་ཅིང་། མི7221ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་བཅད་པའི་གནས་ཚུལ་ཡོངས་བསྒྲགས་བྱས།

སྤྱི་ལོ2019ལོའི་ཟླ2པའི་ཚེས28ཉིན་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་དྲ་ངོས་སུ་སྤེལ་བའི་གནས་ཚུལ་ལ་གཞིགས་ན། སྤྱི་ལོ2019ལོའི་ཟླ1པོར་རྒྱལ་ཡོངས་ཀྱིས་ཀྲུང་དབྱང་གི་གཏན་ཕབ་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན5001ལ་ཞིབ་བཤེར་ཐག་གཅོད་བྱས་པ་རེད།

སྤྱི་ལོ2019ལོའི་ཟླ3པའི་ཚེས་5ཉིན་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་དྲ་ངོས་སུ་སྤེལ་བའི་གནས་ཚུལ་ལ་གཞིགས་ན།   སྤྱི་ལོ2019ལོའི་ཟླ2པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་ཕབ་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན3107ཞིབ་བཤེར་ཐག་གཅོད་བྱས་པ་རེད།

སྤྱི་ལོ2019ལོའི་ཟླ4པའི་ཚེས29ཉིན་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་དྲ་ངོས་སུ2019ལོའི་ཟླ3པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་ཕབ་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན3711ཞིབ་བཤེར་ཐག་གཅོད་བྱས་པ་དང་མི་གྲངས5143ལ་ཆད་པ་བཅད་ཅིང་། མི3452ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་བཅད་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་རེད། 

4 གནད་དོན་སྐོར་གྱི་བརྡ་ཁྱབ།

སྤྱི་ལོ2018ལོའི་ཟླ9པའི་ཚེས28ཉིན་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་དྲ་ངོས་སུ“ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་རིང་ཀྲུང་དབྱང་གི་གཏན་ཕབ་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་ལྟ་སྐུལ་ཐེར་འདོན་དང་དམར་འདོན་ཆེད་ཁུལ”གྱིས་ས་གནས་ཁག་གིས་ཞིབ་བཤེར་ཐག་གཅོད་བྱས་པའི་ཀྲུང་དབྱང་གི་གཏན་ཕབ་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན12ལ་བརྡ་ཁྱབ་བཏང་བ་རེད།

5 འབྲེལ་ཡོད་པར་རིས།

སྤྱི་ལོ2017ལོའི་ཟླ12པའི་ཚེས3ཉིན། ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་གི་གཏན་ཕབ་བརྒྱད་དང་འབྲེལ་བའི་པར་རིས་སྣ16སྤེལ་ཞིང་། སྤྱི་ཚོགས་སྟེང་ཚ་ཚ་འུར་འུར་གྱི་རྣམ་པ་ཞིག་བཟོས། ཀྲུང་དབྱང་སྒྲིག་ཨུ་ལྟ་ཞིབ་པུའུ་ཡི་དྲ་ཚུགས་ལྟེ་གནས་ཀྱི་ལྟ་སྐུལ་སྒྲིག་བཤེར་བྱ་བའི་འབྲེལ་ཡོད་མི་སྣས་བཤད་པ་ལྟར་ན་ཟླ12པའི་ཚེས4ཉིན་ཀྲུང་དབྱང་གི་གཏན་ཕབ་བརྒྱད་བཏོན་ནས་ལོ་འཁོར་ལྔ་ལོན་པའི་ཉིན་མོར་ཁེལ་ཡོད་པས། འབྲེལ་ཡོད་པར་རིས་བཀྲམས་པ་དེ་ནི་དུས་ཚོད་འོས་འཚམ་ཡིན་པ་མ་ཟད། རྒྱ་ཆེའི་དྲ་གྲོགས་དག་གི་དགོས་མཁོ་དང་ཡང་མཐུན།

6 སྤྱི་ཚོགས་དཔྱད་གླེང་།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་བའི་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་ཕྱི་ཚུལ་རིང་ལུགས་དང་དཔོན་ངན་རིང་ལུགས་སྤང་གང་ཐུབ་བྱ་རྒྱུ་དེ་ལས་འགན་གལ་ཆེན་དུ་བརྩིས་ཏེ་ཆབ་སྲིད་ལ་དང་དོད་བྱེད་པའི་མཐོ་ཚད་ནས་ཞིབ་ལྟ་བྱ་དགོས་པ་དང་། བསམ་བློ་དང་ཁེ་ཕན་གྱི་འབྱུང་རྩ་ནས་སེལ་དགོས་པའི་ཚུལ་ནན་བཤད་བྱས། ཕྱི་ཚུལ་རིང་ལུགས་དང་དཔོན་ངན་རིང་ལུགས་སྤང་གང་ཐུབ་བྱ་དགོས་ན། ཀྲུང་དབྱང་གི་གཏན་ཕབ་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱ་རྒྱུ་གཙོ་གནད་དུ་འཛིན་དགོས་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ངན་རིང་ལུགས་ཀྱི་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་བྱ་རྒྱུ་དེ་སྤྱོད་བསྲང་སྒྲིག་ནན་གྱི་ལས་འགན་གལ་ཆེན་དང་ཡུན་རིང་གི་ལས་འགན་དུ་བརྩིས་ནས་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་དགོས་པ། རྒྱུན་སྲིང་ལྷོད་མེད་ངང་རྒྱུན་སྲིང་དམག་འཐབ་དང་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་དགོས་པ་བཅས་ནན་གྱིས་བསྟན།

ཀྲུང་དབྱང་གི་གཏན་ཕབ་བརྒྱད་ནི་ཡུན་རིང་ནུས་ལྡན་གྱི་སྒྲིག་ལམ་དང་འགྱུར་མེད་ཀྱི་ཚད་གཞི་ཞིག་ཡིན། ཀྲུང་དབྱང་གི་གཏན་ཕབ་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་དང་། “སྤྱོད་ཚུལ་བཞི”ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཏེ། ཕྱི་ཚུལ་རིང་ལུགས་དང་དཔོན་ངན་རིང་ལུགས་ཀྱི་བརྗོད་བྱའི་ནང་དོན་འགོག་གང་ཐུབ་བྱེད་པ་ནི་བརྗོད་གཞིའི་ནང་དོན་གལ་འགངས་ཆེ་བ་དེ་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། མི་དམངས་མང་ཚོགས་ཀྱིས་སེམས་ཀྱི་གཏིང་ནས་ཡིད་ཆད་སྐྱེ་བར་བྱེད་པའི་སྐྱིད་འདོད་རིང་ལུགས་དང་བག་མེད་ཆུད་ཟོས་ཀྱི་སྲོལ་ངན་བཀག་འགོག་མངོན་གསལ་ཐུབ་ཡོད་པས། ང་ཚོས་སྔར་བཞིན་བློ་རྩ་བརྟན་པོས་བཅོས་སྐྱོང་བྱེད་ཤུགས་རྒྱུན་འཁྱོངས་བྱ་དགོས། ད་ལྟ་ཕྱི་ཚུལ་རིང་ལུགས་དང་དཔོན་ངན་རིང་ལུགས་བཅོས་སྐྱོང་བྱ་རྒྱུ་དེ་མི་དམངས་མང་ཚོགས་ཀྱི་ཁ་ཚ་དགོས་གཏུག་གི་དགོས་འདུན་དུ་གྱུར་ཡོད། ང་ཚོས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ཇེ་ནན་དུ་གཏོང་བའི་མཐོ་ཚད་ངོས་ནས་ཀྲུང་དབྱང་གི་གཏན་ཕབ་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པའི་གྲུབ་འབྲས་སྔར་བས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ངན་རིང་ལུགས་ཀྱི་མཚོན་ཚུལ་གཙོ་བོ་ནི་ལས་ཀ་མི་སྒྲུབ་པ་དང་། འགན་མི་འཁུར་བ། འགན་མི་ལེན་པ་བཅས་རེད། རྩ་བའི་སྟེང་ནས་ཏང་གཤིས་དང་རྒྱབ་འགལ། དམིགས་ཡུལ་བསྐྱུར་བ། ཏང་དང་མང་ཚོགས་བར་གྱི་འབྲེལ་བར་གཏོར་བཤིག་ཚབས་ཆེན་བཏང་ནས་ཏང་གི་སྲིད་སྐྱོང་རྨང་གཞིར་ཉེན་ཁ་བཟོ་བ་བཅས་རེད། ཕྱི་ཚུལ་རིང་ལུགས་དང་དཔོན་ངན་རིང་ལུགས་ཀྱི་ངོས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ལ་ལྟ་སྟངས་འཛིན་པ། ཏང་ཀྲུང་དབྱང་དང་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱ་རྒྱུའི་དགོངས་དོན་དེ་འབོད་ཚིག་ཙམ་དུ་བརྩིས་ཤིང་། དོན་དངོས་ཐོག་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱབ་ཏུ་བསྐྱུར་བ། ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱ་རྒྱུར་འགོག་རྐྱེན་ཚབས་ཆེན་བཟོས་ནས་མཐར་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་གནོད་འཚེ་ཚབས་ཆེན་བཟོ་ངེས་རེད། ཕྱི་ཚུལ་རིང་ལུགས་དང་དཔོན་ངན་རིང་ལུགས་ནི་སྤྱོད་ཚུལ་གྱི་གནད་དོན་སྟབས་བདེ་ཞིག་མ་ཡིན་པར་གཟབ་ནན་གྱི་ཆབ་སྲིད་གནད་དོན་ཞིག་ཡིན། ངེས་པར་དུ་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པར་བརྟེན་ནས་ཐག་གཅོད་བྱ་དགོས་པ་དང་། ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་ཇེ་དམ་དུ་གཏོང་རྒྱུ་དེའི་ཕྱོགས་ལ་ཤུགས་བརྒྱབ་སྟེ། ཀྲུང་དབྱང་གི་གཏན་ཕབ་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ངན་རིང་ལུགས་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་དགྲ་བོ་ཆེན་པོ་ཡིན་ལ། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བ་དོན་གཉེར་བྱེད་པའི་དགྲ་བོ་ཆེན་པོ་ཡང་ཡིན། མིག་སྔར་ང་ཚོ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་དང་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་འགག་རྩའི་དུས་ལ་ཁེལ་ཡོད། དཀའ་ཚེགས་དང་རྙོག་འཛིང་ཆེ་བའི་བསྒྱུར་བཅོས་གོང་སྤེལ་གྱི་ལས་འགན་དང་། མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བའི་རེ་སྨོན་གྱི་མདུན་ཐད་དུ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ངེས་པར་དུ་སྔར་ལས་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་འབད་འབུངས་ཡར་བརྩོན་བྱེད་དགོས། སེམས་ཤུགས་དང་བློ་སྤོབས་བརྟན་པོ་དེ་བསྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཚུལ་ལེགས་སྒྲིག དམངས་འཚོར་ཕན་པ། ཉེན་ཁ་འགོག་པ་བཅས་ཀྱི་ཐད་བཀོལ་དགོས། དཀའ་གནད་སེལ་བ། གནད་དོན་ཐག་གཅོད། མི་དམངས་མང་ཚོགས་ཀྱིས་སེམས་ཁུར་བྱེད་ས་ཆེ་ཤོས་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཡོད་པ། དོན་དངོས་དང་མཐུན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་བྱེད་པའི་ཕྱོགས་སུ་སྤྱོད་དགོས། དམངས་སེམས་ཐོབ་པ་དང་། དམངས་ཀྱི་བློ་གྲོས་དང་མི་དམངས་ཀྱི་སྟོབས་ཤུགས་གཅིག་ཏུ་སྡུད་པ། བློ་གཅིག་སེམས་གཅིག་གིས་ཀྲུང་གོའི་ཕུགས་འདུན་མཉམ་དུ་སྐྲུན་པ་བཅས་ཀྱི་ཐད་དུ་བཀོལ་དགོས། ཡར་རྒྱས་བརྩོན་ལེན་བྱེད་འདོད་མེད་པ་དང་། སྲིད་དོན་སྤེལ་འདོད་མེད་པ། ཐབས་མཁས་ཀྱིས་རང་སྲུང་བྱེད་པ། ཉི་མ་གང་འཁྱོལ་བྱེད་པ་བཅས་ཀྱི་བསམ་བློ་དང་བྱ་སྤྱོད་མཐའ་དག་མི་དམངས་མང་ཚོགས་ཀྱིས་རེ་སྒུག་བྱེད་པ་དང་། དུས་རབས་གསར་བ་དང་བླང་བྱ་གསར་བ་དང་མཐུན་ཐབས་གཏན་ནས་མེད། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་དེ། ལས་སླ་བག་ཕེབས་དང་གླེང་ཕྱོགས་དྲིལ་བསྒྲགས་ཁོ་ནས་མངོན་འགྱུར་ཐུབ་པ་ཞིག་གཏན་ནས་མིན་པར། དངོས་དོན་སྒྲུབ་ན་གཞི་ནས་རྒྱལ་ཁབ་དར་རྒྱས་དང་། རྒྱལ་ཁབ་སྟོབས་ཆེན་དང་། མི་དམངས་ཕྱུག་འགྱུར་བཅས་མངོན་དུ་འགྱུར་ཐུབ། ལས་འགན་ཇི་ཙམ་དཀའ་ཚེགས་ཆེ་ཞིང་རྙོག་འཛིང་ཆེ་ན། ཏང་ཡོངས་ཀྱིས་རྡོག་རྩ་གཅིག་སྒྲིལ་དང་ཞུན་བརྡར་མདུན་སྐྱོད་དེ་ཙམ་བྱེད་དགོས་པ་དང་། ཏང་ཡོངས་གཅིག་བསྡུས་གཅིག་གྱུར་དང་གང་གསུང་དེ་སྒྲུབ་བྱེད་པར་ལྟར་འགན་ལེན་པ། གོམ་སྟབས་གཅིག་གྱུར་གྱིས་དུས་རབས་གསར་བའི་ཏང་གི་ལོ་རྒྱུས་ཀྱི་ལས་འགན་མངོན་འགྱུར་བྱེད་དགོས།

ཕྱི་ཚུལ་རིང་ལུགས་དང་དཔོན་ངན་རིང་ལུགས་མེད་པར་བཟོ་བ་ལ་ངེས་པར་དུ་རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཀྲུང་དབྱང་གི་གཏན་ཕབ་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པ་དང་། “སྤྱོད་ཚུལ་བཞི”ཡོ་བསྲང་བྱེད་པའི་བྱ་བ་གཏིང་ཟབ་ཏུ་སྤེལ་དགོས།  ཕྱི་ཚུལ་རིང་ལུགས་ཀྱི་རྒྱབ་ཏུ་ཁེ་ཕན་རིང་ལུགས་དང་དངོས་ཕན་རིང་ལུགས་ཀྱིས་འགལ་རྐྱེན་བཟོ་བ་སྟེ། སྲིད་སྐྱོང་བྱས་འབྲས་ཀྱི་ལྟ་བ་ནོར་བ་དང་། འགན་འཁྲི་འཁུར་སེམས་མེད་པའི་གནད་དོན་རེད། དཔོན་ངན་རིང་ལུགས་ཀྱི་རྒྱབ་ཏུ་དཔོན་གནས་ཐོབ་ཐང་དུ་བརྩིས་པའི་བསམ་བློ་ནོར་འཆུག་ཅན་ཏེ། དབང་ཆའི་ལྟ་བ་ནོར་བ། བསམ་བློའི་སྟེང་ནས་སྲིད་དོན་སྒྲུབ་པར་སྒྱིད་ལུག་དང་། འགན་འཁུར་མི་འདོད་པ་བཅས་ཀྱི་གནད་དོན་ལ་རག་ལས་པས། ངེས་པར་དུ་བསམ་བློ་དང་ཁེ་ཕན་གྱི་འབྱུང་རྩ་ནས་གནད་དོན་ཐག་གཅོད་བྱ་དགོས། ཕྱོགས་གཅིག་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲས་པ་དང་། རང་ངོས་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས་བསམ་བློའི་ཉམས་སད་ཐེག་པ་དང་། ཕུགས་བསམ་དང་དད་སེམས་ཇེ་བརྟན་དུ་གཏོང་བ། བསམ་པའི་ཀལ་གསབ་པ་བཅས་བྱས་ཏེ། གུང་ཁྲན་ཏང་མིའི“སེམས་རིག་སློབ་སྦྱོང”བྱེད་པ་དང་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་དེ་གུང་ཁྲན་ཏང་མིའི་འགྱུར་མེད་ཀྱི་དོན་གཉེར་བྱེད་ཕྱོགས་ལ་བརྩི་དགོས། ཕྱོགས་གཞན་ཞིག་ནས་གནད་དོན་གྱི་ཁྲིད་ཕྱོགས་ལ་ཤུགས་སྣོན་རྒྱག་དགོས། ཆབ་སྲིད་ཀྱི་རྩ་དོན་མཐའ་འཁྱོངས་དང་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ཇེ་ནན་དུ་གཏོང་བའི་མཐོ་ཚད་ནས་མངོན་གསལ་དོད་པའི་གནད་དོན་ལ་དམ་པོར་དམིགས་ཏེ་ཀྲུང་དབྱང་གི་གཏན་ཕབ་བརྒྱད་ཀྱི་དགོངས་དོན་རྒྱུན་སྲིང་ལྷོད་མེད་ངང་དོན་འཁྱོལ་གཏིང་ཟབ་བྱེད་པ། ཆབ་སྲིད་ཐོག་ནས་ཞིབ་ལྟ་དང་ཆབ་སྲིད་ངོས་ནས་སེལ་བ། གོང་ལ་སྲིད་ཇུས་ཡོད་ན་འགབ་ཏུ་ཁ་གཏད་འཇལ་ཐབས་ཡོད་པ་དང་། བཀའ་བསྒོས་ཀྱང་མི་སྒུལ་བ་དང་བཀག་ཀྱང་མི་ཉན་པའི་བྱ་སྤྱོད་མཐའ་གཅིག་ཏུ་ཡོ་བསྲང་བྱ་དགོས། ལྷག་པར་དུ་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་ལ་གུས་སྐྲག་མི་བྱེད་པ། སྣང་མེད་དུ་འཇོག་པ། འབོད་ཚིག་སྒྲོག་པ། མ་ཡིན་ཡིན་མདོག་བྱེད་པ་བཅས་ཀྱི་ནོར་འཁྲུལ་གྱི་མཚོན་ཚུལ་ལ་དམ་པོར་དམིགས་ཏེ། ཕྱི་ཚུལ་ཙམ་སྟོན་པ་དང་། གནས་ཚུལ་དང་བསྟུན་ཐབས་བྱེད་པ། ཁྲལ་མངོན་སླ་བཅོས་བྱེད་པ། ལས་ཀར་ཞུགས་ཀྱང་ཤུགས་མི་འདོན་པ་སོགས་ཀྱི་གནད་དོན་མངོན་གསལ་དོད་པའི་རིགས་ཞིབ་བཤེར་ཐག་གཅོད་ནན་པོར་བྱ་དགོས་པ་མ་ཟད། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས།

ད་ལོ་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར70འཁོར་བའི་ལོ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱེད་པའི་འགག་རྩའི་ལོ་ཡང་ཡིན་པས། ཀྲུང་དབྱང་གི་བཀོད་འདོམས་དང་ཇུས་གཞི་གལ་ཆེན་ལག་ལེན་དོན་འཁྱོལ་བྱེད་པར་དོན་སྙིང་གལ་ཆེན་ལྡན། ལས་ཀ་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་བར་ངེས་པར་དུ་ཀྲུང་དབྱང་གི་གཏན་ཕབ་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པའི་བརྗོད་བྱ་གཙོ་བོ་འདི་དམ་པོར་བཟུང་ནས། ཕྱི་ཚུལ་རིང་ལུགས་དང་དཔོན་ངན་རིང་ལུགས་མུ་མཐུད་དུ་བཅོས་སྐྱོང་གཏིང་ཟབ་བྱས་ཏེ་གཞི་གཅིག་ཏུ“སྤྱོད་ཚུལ་བཞི”ཡོ་བསྲང་བྱེད་པར་སྐུལ་འདེད་གཏོང་བ་དང་། སྤྱོད་ཚུལ་ལེགས་སྐྱོང་ཟམ་མི་ཆད་པར་གཏིང་ཟབ་ཏུ་སྤེལ་དགོས། ཏང་ཨུ་རིམ་པ་ཁག་གིས་འགན་འཁྲི་གཙོ་བོ་དམ་པོར་འཁུར་བ་དང་། རང་ངོས་སྡེ་ཚན་དང་རང་ངོས་ས་ཁུལ་གྱི་ཕྱི་ཚུལ་རིང་ལུགས་དང་དཔོན་ངན་རིང་ལུགས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་ཕྱོགས་ཡོངས་ནས་གྲལ་བཤེར་བཅོས་སྒྲིག་བྱས་ཏེ་ཡུལ་བབ་དང་བསྟུན་པ་དང་། འབེན་ཡོད་སར་མདའ་འཕེན་པ་ལྟར་བྱེད་ཐབས་ཞིབ་ཕྲ་དང་ནུས་ལྡན་སྤྱད་དེ་གནད་དོན་ཐག་གཅོད་ཏན་ཏིག་བྱ་དགོས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་རང་ཉིད་ནས་འགོ་རྩོམ་པ་དང་། རང་ཉིད་དེའི་ནང་དུ་འཇོག་པ། འགན་འཁྲི་དང་ལས་ཀའི་ནང་ཞུགས་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ངན་རིང་ལུགས་ལ་ངོ་རྒོལ་བྱེད་པའི་ཐད་མིག་དཔེ་སྟོན་པ་དང་། སྤྱོད་ཚུལ་ལེགས་པོ་སྤྱད་དེ་ཆེད་དམིགས་དག་ཐེར་བཅོས་སྐྱོང་ཟབ་སྤེལ། གཅིག་སྡུད་བཅོས་སྒྲིག་ལས་དོན་ལ་ཕན་འབྲས་ཏན་ཏིག་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས།