ཀྲུང་གོར་ཚན་རིག་སྤེལ་བ།སྔ་མའི་པར་གཞི་དེ མིང་གསང་tNNy81462  ནས 2020-10-28 15:43ལ་འགྲུབ།

ཀྲུང་གོར་ཚན་རིག་སྤེལ་བ།

ཀྲུང་གོར་ཚན་རིག་སྤེལ་བ།
ཀྲུང་གོར་ཚན་རིག་སྤེལ་བ་ཞེས་པ་ནི་ཀྲུང་གོའི་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱིས་ཀྲུང་གོར་ཚན་རིག་སྤེལ་བ་ཆ་འཕྲིན་ཅན་དུ་འཛུགས་སྐྲུན་བྱེད་ཆེད་གསར་དུ་བཟོས་པའི་ཚོང་རྟགས་ཤིག་ཡིན་ལ། ཚན་རིག་ཁྱབ་གདལ་དུ་གཏོང་བ་གཙོར་འཛིན་པ་དང་། ད་ཡོད་ཀྱི་ཁྱབ་སྤེལ་ཐབས་ལམ་དང་སྟེགས་བུར་གཞི་བཅོལ་ནས་ཚན་རིག་ཆ་འཕྲིན་ཅན་འཛུགས་སྐྲུན་དང་སྲོལ་རྒྱུན་ཚན་རིག་ཁྱབ་གདལ་གཉིས་གཞི་གཅིག་ཏུ་འདྲེས་པར་བྱས་ཏེ། སྤྱི་དམངས་ཀྱིས་དོ་ཁུར་བྱེད་ཚད་ལས་གཞིའི་གནད་ཁེལ་དཔྱད་ཞིབ་བྱེད་པའི་ཚད་གཞིར་འཛིན་པ་དང་། རྒྱལ་ཁབ་ཀྱི་ཚན་རིག་ཁྱབ་གདལ་སྤྱི་བའི་ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་བ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
科普中国
ཕྱི་ཡིག་གི་མིང་།
China Science Communication
1 ​རྒྱབ་ལྗོངས།

དེང་གི་དུས་འདིར་གྲངས་འཛིན་ཅན་དང་། དྲ་རྒྱ་ཅན། རིག་ནུས་ཅན་སོགས་ཀྱིས་མཚོན་པའི་ལག་རྩལ་གསར་བརྗེ་ཉིན་དང་ཟླ་ལྟར་འཕེལ་རྒྱས་དང་ཕུན་སུམ་ཇེ་ཚོགས་སུ་འགྲོ་བཞིན་ཡོད་ལ། མཉམ་འབྲེལ་དྲ་བ་ནི་གསར་གཏོད་ཀྱིས་འཕེལ་རྒྱས་སྐུལ་སྤེལ་གཏོང་བའི་གཙོ་ཁྲིད་ནུས་པར་གྱུར་ཏེ། མི་དམངས་ཀྱི་འཚོ་བ་དང་ཐོན་སྐྱེད་བྱེད་ལུགས་ལ་ཡང་དེར་བསྟུན་གྱི་འགྱུར་ལྡོག་མངོན་གསལ་དོད་པོ་འབྱུང་བཞིན་ཡོད་པ་མ་ཟད། སྤྱི་དམངས་ཀྱི་ཚན་རིག་ཁྱབ་གདལ་ཆ་འཕྲིན་གྱི་རིན་ཐང་གཉེར་ཕྱོགས་དང་སྦྱོར་བ་སྤེལ་ལུགས་ལ་རྩ་བའི་ཆ་ནས་འགྱུར་བ་བྱུང་ཞིང་། མཉམ་འབྲེལ་དྲ་རྒྱ་ནི་ཚན་རིག་སྤེལ་ཡུལ་གཙོ་བོ་ཞིག་ཏུ་གྱུར་ཡོད། 《དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་ཀྱི་བྱ་སྤྱོད་འཆར་གཞིའི་རྩ་གནད(སྤྱི་ལོ2006-2010-2020ལོ)》ཅེས་པ་ཕྱོགས་ཡོངས་ནས་ལག་བསྟར་ཡོང་བ་དང་། རང་རྒྱལ་གྱི་ཚན་རིག་སྤེལ་བའི་ཕུལ་བྱུང་དྲ་ཚིགས(འཕྲིན་ལམ་དང་ཉེར་སྤྱོད)ཀྱི་གཙོ་ཁྲིད་ནུས་པ་དང་། ཁྱབ་སྤེལ་ནུས་པ། ཤུགས་རྐྱེན་སོགས་གངས་ལེགས་སྒོས་འདོན་སྤེལ་བྱེད་པའི་ཆེད། ཀྲུང་གོར་ཚན་རིག་སྤེལ་བའི་དྲ་བ་སྤུས་ལེགས་ཅན་གྱི་ཚོགས་བཙུགས་ཏེ“མཉམ་གཏོད། གཟབ་ནན། མཉམ་སྤྱོད”བཅས་ཀྱི་ཁྱད་ཆོས་ལྡན་པའི་ཚན་རིག་ཁྱབ་གདལ་གྱི་སྐྱེ་ཁམས་མུ་ཁྱུད་བསྐྲུན་པ་དང་། ཀྲུང་གོར་ཚན་རིག་སྤེལ་བའི་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་བྱེད་པའི་གོམས་སྟབས་ཇེ་མགྱོགས་སུ་གཏོང་དགོས་པ་མ་ཟད། རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་ཁྱབ་གདལ་ནུས་པ་མཐོར་འདེགས་སུ་བཏང་སྟེ། ཚན་རྩལ་ཤེས་བྱ་དྲ་ལམ་ཁག་ལ་ཁྱབ་པ་དང་འཚོ་བའི་ཕྱོགས་གང་སར་ཁེབས་པར་བྱེད་པ་དང་། རང་རྒྱལ་སྤྱི་དམངས་ཀྱི་ཚན་རིག་བྱང་ཚད་ཐོལ་བརྒལ་རང་བཞིན་གྱི་མཐོར་འདེགས་ཡོང་བ་མངོན་འགྱུར་བྱེད་དགོས། 《ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་གཞུང་སྒྲུབ་ཐིང་གི<ཀྲུང་གོའི་ཚན་སྤེལ་ཚོང་རྟགས་ཀྱི་བཀོལ་སྤྱོད་དང་སྲུང་སྐྱོང་དོ་དམ་བྱེད་ཐབས(གནས་སྐབས་སུ་ལག་བསྟར་བྱེད་པ)>དཔར་འགྲེམས་བྱས་པའི་བརྡ་ཐོ》(ཚན་རྩལ་མཐུན་ཚོགས་གཞུང་སྒྲུབ་ཐིང་གིས་སྤེལ་བའི་ཨང་རྟགས[2015]11བ)ལྟར་ན།  ཀྲུང་གོའི་ཚན་རྩལ་མཐུན་ཚོགས་ཀྱིས་ཀྲུང་གོར་ཚན་རིག་སྤེལ་བའི་ཁྱད་ལྡན་དྲ་ཚིགས(འཕྲིན་ལམ་དང་ཉེར་སྤྱོད)ངོས་འཛིན་སྐོར་གྱི་ལས་དོན་སྤེལ་འཆར་ཡོད།

2 ངོ་སྤྲོད།

ཀྲུང་གོའི་ཚན་རྩལ་མཐུན་ཚོགས་ཀྱིས་སྤྱི་ལོ2014ལོ་ནས་སྤྱི་ཚོགས་ཀྱི་ཕྱོགས་སོ་སོ་དང་མཉམ་འབྲེལ་གྱིས“མཉམ་འབྲེལ་དྲ་རྒྱ+ཚན་རིག་ཁྱབ་གདལ”བརྗོད་གཞི་ཡིན་པའི་འཆར་གཞི་དང་ཚན་རིག་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་ལས་གྲྭ་ཤུགས་ཆེན་པོས་སྤེལ་ཞིང་། མཉམ་འབྲེལ་དྲ་རྒྱ་ཅན་གྱི་འདུ་ཤེས་ཇེ་དྲག་དང་གཏིང་ཇེ་ཟབ་ཏུ་བཏང་། “ཀྲུང་གོར་ཚན་རིག་སྤེལ་བ”ཡི་ཚོང་རྟགས་སྣེ་ཤན་དུ་བྱས་ཏེ། ཀྲུང་གོར་ཚན་རིག་སྤེལ་བ་ཆ་འཕྲིན་ཅན་དུ་གཏོང་བའི་ལས་དོན་ཤུགས་ཆེན་པོས་སྤེལ། “ཀྲུང་གོར་ཚན་རིག་སྤེལ་བ”ནི་ཚན་རིག་ཁྱབ་སྤེལ་ཆ་འཕྲིན་ཅན་དུ་གཏོང་ཆེད་གསར་དུ་བཟོས་པའི་ཁྱད་ལྡན་ཚོང་རྟགས་ཤིག་ཡིན་ལ། ཚན་རིག་ཁྱབ་གདལ་དུ་གཏོང་བ་གཙོར་འཛིན་པ་དང་།  ད་ཡོད་ཀྱི་ཁྱབ་སྤེལ་ཐབས་ལམ་དང་སྟེགས་བུར་གཞི་བཅོལ་ནས་ཚན་རིག་ཆ་འཕྲིན་ཅན་འཛུགས་སྐྲུན་དང་སྲོལ་རྒྱུན་ཚན་རིག་ཁྱབ་གདལ་གཉིས་གཞི་གཅིག་ཏུ་འདྲེས་པར་བྱས་ཏེ། སྤྱི་དམངས་ཀྱིས་དོ་ཁུར་བྱེད་ཚད་ལས་གཞིའི་གནད་ཁེལ་དཔྱད་ཞིབ་བྱེད་པའི་ཚད་གཞིར་འཛིན་པ་དང་། རྒྱལ་ཁབ་ཀྱི་ཚན་རིག་ཁྱབ་གདལ་སྤྱི་བའི་ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་བ་ཞིག་ཡིན།

ཀྲུང་གོར་ཚན་རིག་སྤེལ་བའི་ཚོང་རྟགས་ཀྱི་མཐོང་ཚོར་གྱི་ཐད་ནས་ཐིག་དམར་པོ་དང་སྔོན་པོས་གྲུབ་ཅིང་། དབྱིབས་ཀྱི་ཐད་ནསSདངTདབྱིབས་ཅན་གྱི་རི་མོས་གྲུབ་པ་ཡིན། མཚོན་རྟགས་དེ་ནི་ཚན་རིག་དང་ལག་རྩལ་ཞེས་པའི་དབྱིན་ཡིག་གི་མིང་ལས་སྒྲ་སྦྱོར་ཡི་གེ་ཐོག་མSདངTགཞིར་བྱས་ཏེ་བཟོས་ཤིང་། ཐིག་རིས་ཀྱིས་གློག་རླབས་ཀྱི་རྣམ་པར་གྲུབ་ཡོད་པ་དང་། དེས་ཆ་འཕྲིན་ཅན་གྱི་བྱེད་ཐབས་སྤྱད་དེ་ཚན་རིག་ཁྱབ་སྤེལ་བྱེད་པའི་དོན་མཚོན།

3 བེད་སྤྱོད།

སྤྱི་ལོ2015ལོའི་ཟླ9པའི་ཚེས14ཉིན། ཀྲུང་གོར་ཚན་རིག་སྤེལ་བའི་ཕྱོགས་སྟོན་དྲ་ངོས་དངོས་སུ་སྤྱོད་འགོ་ཚུགས།

ཀྲུང་གོར་ཚན་རིག་སྤེལ་བའི་ཕྱོགས་སྟོན་དྲ་ངོས་ནི་ཚན་སྤེལ་ཚོང་རྟགས་ཀྱི་གཅིག་བསྡུས་མཚོན་ཚུལ་ཏེ། དེས“མཉམ་གཏོད། གཟབ་ནན། མཉམ་སྤྱོད”ཀྱི་རྩ་དོན་བརྩི་སྲུང་གིས་སྤྱི་ཚོགས་ཀྱི་ཕྱོགས་སོ་སོར་མཉམ་འབྲེལ་སྒོས་ཚན་རིག་ཁྱབ་སྤེལ་གྱི་ནང་དོན་དང་མཚོན་སྟངས་གསར་གཏོད་ཐད་ཤུགས་སྣོན་པ་དང་། ཁྱབ་སྤེལ་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་སྤྱི་ཚོགས་ཡོངས་ལ་ཚན་རིག་དང་མཐུན་པ། ཚད་དང་ལྡན་པ། ཡང་དག་པའི་ཚན་རྩལ་གྱི་འབྲེལ་ཡོད་ནང་དོན་དང་ཆ་འཕྲིན་མཁོ་འདོན་བྱས་ཏེ། ཚན་རིག་ལག་རྩལ་སྤྱི་ཚོགས་དང་འཚོ་བའི་ཕྱོགས་གང་སར་ཁྱབ་སྤེལ་གཏོང་དགོས།

ཀྲུང་གོར་ཚན་རིག་སྤེལ་བའི་ཕྱོགས་སྟོན་དྲ་ངོས་ནི་ཚན་རིག་ཁྱབ་སྤེལ་དང་འབྲེལ་བའི་དྲ་བའི་འཇུག་ངོགས་དང་དྲ་བའི་གཅིག་བསྡུས་མཚོན་སྟངས་ཤིག་ཡིན་པའི་ཆ་ནས། མིག་སྔར་དེའི་ནང་དུ་ནང་དོན་གཙོ་བོ་དང་། ཚ་ཤོས། གནད་བསྡུས། ཚན་རྩལ་ཁྲོམ་ཆེན། དྲ་རྒྱའི་མཉམ་འགུལ་བར་སྟོང་། དེ་མིན་རང་རྒྱལ་གྱི་ཚན་རིག་ཁྱབ་སྤེལ་ཕུལ་བྱུང་དྲ་ཚིགས།   ཚན་རིག་ཁྱབ་སྤེལ་ལེ་ཚན། སྤོར་སྒུལ་མཁོ་མཁན་སྣེའི་ཉེར་སྤྱོད་སོགས་ཀྱི་ནང་དོན་སྣ་མང་འདུས།

4 མཉམ་ལས།

ཞིན་ཧྭ་གསར་འགྱུར་ཁང་།

སྤྱི་ལོ2014ལོའི་ཟླ11པའི་ཚེས7ཉིན། ཀྲུང་གོའི་ཚན་རྩལ་མཐུན་ཚོགས་ཀྱི་ཏང་ཙུའུ་ཁོངས་མི་དང་། ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཞུའུ་ཡན་ཧའོ་དང་ཞིན་ཧྭ་གསར་འགྱུར་ཁང་གི་ཏུང་ཧྲི་ཀྲང་དང་སྤྱི་གཉེར་བ་ཐེན་ཧྲུའུ་པིན་གཉིས་ཀྱིས་ཕྱོགས་གཉིས་ཀྱི་ངོས་ཐད་ནས“ཀྲུང་གོར་ཚན་རིག་སྤེལ་བའི་ཞིབ་འཇུག་གསར་སྤེལ་དང་ཁྱབ་སྤེལ་རྟེན་གཞི”མཉམ་འཛུགས་ཀྱི་གྲོས་གཞི་ལ་མིང་རྟགས་བཀོད་ཅིང་། ཧྲང་ཡུང་དང་ཡུའུ་ཧྲའོ་ལྭིང་གཉིས་ཀྱིས་མཉམ་དུ“ཀྲུང་གོར་ཚན་རིག་སྤེལ་བའི་ཞིབ་འཇུག་གསར་སྤེལ་དང་ཁྱབ་སྤེལ་རྟེན་གཞི”ཡི་སྒོ་བྱང་བཀལ། ཧྲང་ཡུང་གིས“ཀྲུང་གོར་ཚན་རིག་སྤེལ་བ”འི་ལེ་ཚན་མགོ་བརྩམས་པར་བྱས་ཤིང་། “ཀྲུང་གོར་ཚན་རིག་སྤེལ་བ”འི་མཚོན་རྟགས་དང་། ཀྲུང་གོར་ཚན་རིག་སྤེལ་བའི་ཞིབ་འཇུག་གསར་སྤེལ་དང་ཁྱབ་སྤེལ་རྟེན་གཞི། ཞིན་ཧྭ་གསར་འགྱུར་ཁང་གིས་གསར་འཛུགས་བྱས་པའི“ཚན་རྩལ་མཁན་པོས་ཚན་རྩལ་གྱི་འཕེལ་ཕྱོགས་གླེང་བ”ཞེས་པའི་ལེ་ཚན་ཤར་གཏོང་བྱས་པ་སོགས་ཀྱིས་རང་རྒྱལ་གྱི་ཚན་སྤེལ་ཆ་འཕྲིན་ཅན་འཛུགས་སྐྲུན་ལས་གཞི་ཡི་ལས་སྒོ་དངོས་སུ་བྱས་པ་མཚོན།

པའེ་ཏུའུ།

སྤྱི་ལོ2015ལོའི་ཟླ7པའི་ཚེས21ཉིན། ཀྲུང་གོའི་ཚན་རྩལ་མཐུན་ཚོགས་དང་པའེ་ཏུའུ་ཡིས“ཀྲུང་གོར་ཚན་རིག་སྤེལ་བ+པའེ་ཏུའུ”ཞེས་པ་བརྗོད་གཞི་རུ་བྱས་པའི་འཐབ་ཇུས་མཉམ་ལས་ཀྱི་གྲུབ་འབྲས་འགྲེམས་སྤེལ་བྱ་འགུལ་པེ་ཅིང་དུ་སྤེལ་ཞིང་། ཕྱོགས་གཉིས་ནས《ཀྲུང་གོའི་སྤྱི་དམངས་ཀྱི་ཚན་རིག་ཁྱབ་སྤེལ་དགོས་མཁོ་ཐད་ཀྱི་འཚོལ་བཤེར་འབྲས་བུའི་སྙན་ཞུ》ཐོག་མ་ཁྱབ་བསྒྲགས་བྱས་པ་མ་ཟད། “ཤེས་རིག+ཚན་རིག་ཁྱབ་སྤེལ”གྱི་འཆར་གཞི་ལས་འགོ་བརྩམས་པ་ཡང་ཁྱབ་བསྒྲགས་བྱས། ཀྲུང་གོའི་ཚན་རྩལ་མཐུན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི། རྒྱུན་ལས་ཀྲུའུ་ཞི་གཞོན་པ། ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་པོ་ཧྲང་ཡུང་དང་པའེ་ཏུའུ་ཡི་སྤྱི་གཉེར་གཞོན་པ་ཀྲུའུ་ཀོང་གཉིས་ཀྱིས་ལྷན་དུ་ཀྲུང་གོར་ཚན་རིག་སྤེལ་བའི་པའེ་ཏུའུ་ཚན་རིག་གླིང་གི་སྒོ་བྱང་བཀལ། སྤྱི་ལོ2014ལོའི་ཟླ9པ་ནས་བཟུང་ཀྲུང་གོ་ཚན་རྩལ་མཐུན་ཚོགས་དང་པའེ་ཏུའུ་འཚོལ་བཤེར་མ་ལག་གཉིས་ནས་ཚན་སྤེལ་སྒྲོམ་གཞི་མཉམ་ལས་ཀྱི་གྲོས་འཆམ་ཡི་གེར་མིང་རྟགས་བཀོད་པ་ནས་བཟུང་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཞིང་ཚན་རྩལ་ཆ་འཕྲིན་ཅན་དུ་བསྒྱུར་བའི་ལས་དོན་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་མངོན་གསལ་བླངས། དེ་མིན་ཕྱོགས་གཉིས་ནས་མ་འོངས་པ་ན་དུས་བསྟུན་མདུན་སྐྱོད་ཀྱིས་མཉམ་ལས་སྣ་ཚོགས་སྤེལ་ཏེ་ཚན་རིག་ལག་རྩལ་རིག་ནུས་ཅན་དུ་གཏོང་བའི་ཐད་གྲུབ་འབྲས་གསར་བ་ལེན་ངེས་པ་ཡང་བསྟན་འདུག

ཐིན་ཞུན།

སྤྱི་ལོ2015ལོའི་ཟླ4པའི་ཚེས30ཉིན། ཀྲུང་གོའི་ཚན་རྩལ་མཐུན་ཚོགས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཧྲང་ཡུང་དང་ཐིན་ཞུན་ཀུང་སིའི་ཏུང་ཧྲི་ལྷན་ཚོགས་ཀྱི་དབུ་བཞུགས་ལག་བསྟར་པ་མཱ་ཧཱ་ཐེང་གཉིས་ཀྱིས“མཉམ་སྦྲེལ་དྲ་རྒྱ+ཚན་རིག་ཁྱབ་སྤེལ”གྱི་མཉམ་ལས་སྒྲོམ་གཞི་གྲོས་ཡིག་སྟེང་མིང་རྟགས་བཀོད་ཅིང་། མཉམ་སྦྲེལ་དྲ་རྒྱའི་དུས་རབས་ཀྱི“ཀྲུང་གོར་ཚན་རིག་སྤེལ་བ”འཛུགས་སྐྲུན་གྱི་དུས་མཚུངས་སུ་དམངས་ཀྱི་ཚན་རིག་བྱང་ཚད་མཐོར་འདེགས་སུ་གཏོང་དགོས་པའི་དམིགས་འབེན་མངོན་པར་གསལ། གྲོས་ཡིག་ལྟར་ན་ཕྱོགས་གཉིས་ནས་སྤོར་སྒུལ་མཉམ་སྦྲེལ་དྲ་རྒྱའི་འཕེལ་ཕྱོགས་གཞིར་བྱས་ཏེ་ཚན་རིག་ཁྱབ་སྤེལ་གྱི་ལས་དོན་ཕྱོགས་ཡོངས་ནས་སྤེལ་བ་དང་། ཚན་རིག་ཁྱབ་སྤེལ་གྱི་ནང་དོན་དང་། བྱ་འགུལ། ཐོན་རྫས་སོགས་ཐིན་ཞིན་གྱི་སྟེགས་བུ་སྣ་མང་སྤྱད་ནས་དྲ་ལམ་དུ་སྤེལ་ཏེ། ཚན་རིག་ལག་རྩལ་དེ་མཉམ་སྦྲེལ་དྲ་རྒྱ་དང་སྤྱི་ཚོགས་ཡོངས་སུ་ཁྱབ་གདལ་བཏང་ནས། ཚན་རིག་ཁྱབ་སྤེལ་གྱི་ཚ་རླབས་འཕྱུར་བར་སྣེ་ཁྲིད་བྱེད་ངེས་པ་བསྟན་འདུག


དཔྱད་གཞིའི་ཡིག་ཆ།