ཧྭ་ཀྲུང་ཞིང་ལས་སློབ་ཆེན།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2020-10-21 17:43ལ་འགྲུབ།

ཧྭ་ཀྲུང་ཞིང་ལས་སློབ་ཆེན།

ཧྭ་ཀྲུང་ཞིང་ལས་སློབ་ཆེན།
ཧྭ་ཀྲུང་ཞིང་ལས་སློབ་ཆེན་ནི་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་གནས་ཤིང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སློབ་གསོ་པུའུ་ཡི་ཐད་གཏོགས་སློབ་ཆེན་ཞིག་ཡིན་ལ། སྤྱི་ལོ2019ལོའི་ཟླ11པའི་བར་སློབ་གྲྭའི་རྒྱ་ཁྱོན་ལ་མུའུ7425ཡོད་པ་དང་སློབ་གླིང(པུའུ)18 དངོས་གཞིའི་ཚན་ཁག་གི་ཆེད་ལས60ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
华中农业大学
འབུམ་རམས་པའི་ཐོབ་ཐང་སྤྲོད་གནས།
རིམ་པ་་དང་པོའི་རིག་གཞུང་བསླབ་གནས་རིག་ཚན15  རིམ་པ་གཉིས་པའི་རིག་གཞུང་བསླབ་གནས་རིག་ཚན65
དབྱིན་ཡིག་གི་མིང་།
Huazhong Agricultural University Central China Agricultural University
འབུམ་རམས་ཕྱི་ཚར།
ཞིབ་འཇུག་འཁོར་སྐྱོད་ས་ཚིགས།
རྒྱལ་ཁབ་ཀྱི་གཙོ་གནད་རིག་ཚན།
རིམ་པ་དང་པོའི་རིག་ཚན1  རིམ་པ་གཉིས་པའི་རིག་ཚན8
བཙུགས་ལོ།
སྤྱི་ལོ1898ལོར།
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
སློབ་གླིང18ཡོད།
སློབ་སྒྲུབ་ངོ་བོ།
གཞུང་བཙུགས་སློབ་ཆེན།
སློབ་བཙུགས་ཉིན་མོ།
ཟླ10པའི་ཚེས2ཉིན།
གཙོ་གཉེར་སྡེ་ཁག
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སློབ་གསོ་པུའུ།
སློབ་གྲྭའི་ཚབ་ཨང་།
10504
དངོས་གཞིའི་ཆེད་ལས།
60
དཀར་ཆག
1   ལོ་རྒྱུས་འཕེལ་རིམ།
2   སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད། 
2.1 དོ་དམ་སློབ་གླིང་།
2.2 བརྡ་སྤྲོད་སློབ་གླིང་།
2.3 ཕྱི་སྐད་སློབ་གླིང་།
2.4 ཚེ་སྲོག་ཚན་རིག་ལག་རྩལ་སློབ་གླིང་། 
2.5 ཆ་འཕྲིན་སློབ་གླིང་། 
2.6 བཟོ་ལས་སློབ་གླིང་། 
2.7 ཐོན་ཁུངས་དང་ཁོར་ཡུག་སློབ་གླིང་། 
2.8 ཟས་རིགས་ཚན་རིག་ལག་རྩལ་སློབ་གླིང་། 
2.9 རྩི་ཤིང་ཚན་རིག་ལག་རྩལ་སློབ་གླིང་། 
2.10 ལྡུམ་རའི་ལག་རྩལ་རིག་པའི་སློབ་གླིང་། 
2.11 སྲོག་ཆགས་ཚན་རིག་ལག་རྩལ་སློབ་གླིང་། 
2.12 སྲོག་ཆགས་གསོ་རིག་སློབ་གླིང་། 
2.13 སྤྱི་པའི་དོ་དམ་སློབ་གླིང་། 
3   དགེ་རྒན་གྱི་དཔུང་སྡེ།
4   སློབ་ཁྲིད་འཛུགས་སྐྲུན།
5   སློབ་ཁྲིད་གྲུབ་འབྲས།
6   རིག་ཚན་འཛུགས་སྐྲུན།
7   རྒྱལ་ཁབ་ཀྱི་གཙོ་གནད་རིག་ཚན།
8   འབུམ་རམས་པའི་ཞིབ་འཇུག་འཁོར་སྐྱོད་ས་ཚིགས།
9   རིམ་པ་དང་པོའི་རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས།
10   རིག་གཞུང་བསླབ་གནས་སྤྲོད་དབང་རིགས།
11   ཞིབ་འཇུག་གི་གྲུབ་འབྲས།
12   རིག་གཞུང་ཐོན་ཁུངས།
13   རིག་གཞུང་དུས་དེབ།
14   གཟི་བརྗིད་མཚན་སྙན།
1 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1955ལོར་ཧྭ་ཀྲུང་ཞིང་ལས་སློབ་གླིང་ནན་ཅིན་ནགས་ལས་སློབ་གླིང་དུ་ཟླ་སྒྲིལ་བཏང་། 

སྤྱི་ལོ1957ལོར་ཧྭ་ཀྲུང་ཞིང་ལས་སློབ་གླིང་པའོ་ཅི་ཨན་སྤྱི་ཡོངས་ནས་ཝུའུ་ཁྲང་དུ་གནས་སྤར།

སྤྱི་ལོ1975ལོར་ཧུའུ་པེ་ཞིང་ཆེན་ཞིང་ལས་འཕྲུལ་ཆས་སློབ་གྲྭ་ཧྭ་ཀྲུང་ཞིང་ལས་སློབ་གླིང་དུ་ཟླ་སྒྲིལ་བཏང་ནས་ཞིང་ལས་འཕྲུལ་ཆས་ཚན་ཁག་ཏུ་གྱུར། 

སྤྱི་ལོ1977ལོར་སློབ་གྲྭས་རྒྱལ་ཡོངས་ཀྱི་གཅིག་གྱུར་སློབ་བསྡུ་སླར་གསོ་བྱས། 

སྤྱི་ལོ2006ལོར་ཧྭ་ཀྲུང་ཞིང་ལས་སློབ་ཆེན་གྱིས་སློབ་གསོ་པུའུ་དངོས་གཞིའི་ཚན་ཁག་གི་སློབ་ཁྲིད་ལས་དོན་ཆུ་ཚད་དཔྱད་དཔོག་ཁྲོད་ཕུལ་བྱུང་ལ་བདམས།

སྤྱི་ལོ2007ལོར་སློབ་གྲྭ་དེ“མཐོ་རིམ་སློབ་གྲྭའི་རིག་ཚན་གསར་གཏོད་དང་རིག་སྟོབས་ནང་འདྲེན་འཆར་གཞིའི”ནང་ཐོག་མར་བདམས། 

སྤྱི་ལོ2009ལོའི་ཟླ9པར་ཧྭ་ཀྲུང་ཞིང་ལས་སློབ་ཆེན་གྱི་ཞོར་གཏོགས་སློབ་ཆུང་དང་ཞོར་གཏོགས་སློབ་འབྲིང་གཉིས་ཟླ་སྒྲིལ་བཏང་ནས་ཧྭ་ཀྲུང་ཞིང་ལས་སློབ་ཆེན་གྱི་ཞོར་གཏོགས་སློབ་གྲྭ་བཙུགས།

སྤྱི་ལོ2010ལོར་ཧྭ་ཀྲུང་ཞིང་ལས་སློབ་ཆེན་སློབ་གསོ་པུའུ་ཡིས“རྒྱལ་ཡོངས་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་དཔེ་མཚོན་ཉམས་མྱོང་མཐོ་རིམ་སློབ་གྲྭ”ལ་བདམས། 

སྤྱི་ལོ2011ལོར་ཧྭ་ཀྲུང་ཞིང་ལས་སློབ་ཆེན་དེ“985ལས་གྲྭའི་ལེགས་ཆ་ལྡན་པའི་རིག་ཚན་གསར་གཏོད་ལས་སྟེགས”ལ་བདམས།

སྤྱི་ལོ2013ལོར་ཧྭ་ཀྲུང་ཞིང་ལས་སློབ་ཆེན་རྒྱལ་ཁབ་ཀྱི“ཕུལ་བྱུང་བཟོ་བཀོད་ཆེན་མོ་བ་གསོ་སྐྱོང་འཆར་གཞིའི”ནང་བདམས། 

སྤྱི་ལོ2014ལོའི་ཟླ10པར་ཧྭ་ཀྲུང་ཞིང་ལས་སློབ་ཆེན་རྒྱལ་ཁབ་ཀྱི“ཕུལ་བྱུང་ཞིང་ནགས་ཤེས་ལྡན་མི་སྣའི་སློབ་གསོ་གསོ་སྐྱོང་འཆར་གཞིའི”ནང་བདམས། 

སྤྱི་ལོ2016ལོའི་ཟླ12པར་ཧྭ་ཀྲུང་ཞིང་ལས་སློབ་ཆེན་སྐྱེ་དངོས་གསོ་རིག་ལྟེ་གནས་བཙུགས།

2 སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད། 

སྤྱི་ལོ2019ལོའི་ཟླ་དང་པོར་སློབ་གྲྭའི་གཞུང་ཕྱོགས་དྲ་བའི་ཆ་འཕྲིན་ལས་མངོན་པར། སློབ་གྲྭའི་འོག་ཏུ་སློབ་གླིང(པུའུ)18དང་དངོས་གཞིའི་ཚན་ཁག་གི་ཆེད་ལས60ཡོད།

2_1 དོ་དམ་སློབ་གླིང་།

དཔལ་འབྱོར་རིག་པ། རྒྱལ་སྤྱིའི་དཔལ་འབྱོར་དང་ཉོ་ཚོང་། དཔལ་འབྱོར་སྡོམ་རྩིས་རིག་པ། བཟོ་ཚོང་དོ་དམ། ཁྲོམ་རའི་ཚོང་གཉེར། རྩིས་གཉེར་རིག་པ། མི་ཤུགས་ཐོན་ཁུངས་དོ་དམ། ཞིང་ནགས་དཔལ་འབྱོར་དོ་དམ། གྲོང་གསེབ་ས་ཁོངས་འཕེལ་རྒྱས། ནོར་དོན་དོ་དམ། རྒྱལ་སྤྱིའི་དཔལ་འབྱོར་དང་ཉོ་ཚོང་།

2_2 བརྡ་སྤྲོད་སློབ་གླིང་།

ཁྲིམས་ལུགས་རིག་པ། སྤྱི་ཚོགས་རིག་པ། སྤྱི་ཚོགས་ལས་དོན། མཐོང་རིས་བརྒྱུད་བསྒྲགས་ཇུས་འགོད། ཐོན་རྫས་ཇུས་འགོད། བརྡ་ཁྱབ་རིག་པ།

2_3 ཕྱི་སྐད་སློབ་གླིང་།

དབྱིན་ཡིག ཚོང་དོན་དབྱིན་ཡིག

རང་བྱུང་ཚན་རིག་སློབ་གླིང་། ཆ་འཕྲིན་དང་རྩིས་རྒྱག་ཚན་རིག ཉེར་སྤྱོད་རྫས་འགྱུར།

2_4 ཚེ་སྲོག་ཚན་རིག་ལག་རྩལ་སློབ་གླིང་། 

སྐྱེ་དངོས་ཚན་རིག སྐྱེ་དངོས་ལག་རྩལ། སྐྱེ་དངོས་ལས་གྲྭ།

2_5 ཆ་འཕྲིན་སློབ་གླིང་། 

སྐྱེ་དངོས་ཆ་འཕྲིན་རིག་པ། རྩིས་འཁོར་ཚན་རིག་དང་ལག་རྩལ། 

2_6 བཟོ་ལས་སློབ་གླིང་། 

འཕྲུལ་ཆས་ཇུས་འགོད་བཟོ་སྐྲུན་དང་དེའི་རང་འགུལ་ཅན། འཕྲུལ་ཆས་གློག་རྡུལ་ལས་གྲྭ། ནུས་ཁུངས་དང་སྒུལ་ཤུགས་ལས་གྲྭ། ཞིང་ལས་གློག་ཤུགས་ཅན།

2_7 ཐོན་ཁུངས་དང་ཁོར་ཡུག་སློབ་གླིང་། 

ཁོར་ཡུག་ལས་གྲྭ། ཁོར་ཡུག་ཚན་རིག ཁོར་ཡུག་སྐྱེ་ཁམས་ལས་གྲྭ། ས་ཁམས་ཆ་འཕྲིན་ཚན་རིག ཞིང་ལས་ཐོན་ཁུངས་དང་ཁོར་ཡུག

2_8 ཟས་རིགས་ཚན་རིག་ལག་རྩལ་སློབ་གླིང་། 

ཟས་རིགས་ཚན་རིག་དང་བཟོ་སྐྲུན། ཟས་རིགས་ཀྱི་སྤུས་ཚད་དང་བདེ་འཇགས། 

2_9 རྩི་ཤིང་ཚན་རིག་ལག་རྩལ་སློབ་གླིང་། 

ཞིང་ལས་རིག་པ། རྩི་ཤིང་སྲུང་སྐྱོང་། རྩི་ཤིང་ཚན་རིག་དང་ལག་རྩལ།

2_10 ལྡུམ་རའི་ལག་རྩལ་རིག་པའི་སློབ་གླིང་། 

གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད། མཛེས་ལྗོངས་སྐྱེད་ཚལ། ས་བོན་ཚན་རིག་དང་བཟོ་སྐྲུན། སྒྲིག་བཀོད་ཞིང་ལས་ཚན་རིག་དང་བཟོ་སྐྲུན། ལྡུམ་རའི་ལག་རྩལ། ནགས་ལས་རིག་པ།

2_11 སྲོག་ཆགས་ཚན་རིག་ལག་རྩལ་སློབ་གླིང་། 

སྲོག་ཆགས་དང་རྩི་ཤིང་གི་འགོས་ནད་ཞིབ་བཤེར། སྲོག་ཆགས་ཚན་རིག

2_12 སྲོག་ཆགས་གསོ་རིག་སློབ་གླིང་། 

སྲོག་ཆགས་གསོ་རིག

2_13 སྤྱི་པའི་དོ་དམ་སློབ་གླིང་། 

ཆ་འཕྲིན་དོ་དམ་དང་ཆ་འཕྲིན་རྒྱུད་ཁོངས། སྲིད་འཛིན་དོ་དམ། ས་ཆའི་ཐོན་ཁུངས་དོ་དམ།

3 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2019ལོའི་ཟླ་དང་པོར་སློབ་གྲྭའི་གཞུང་ཕྱོགས་དྲ་བའི་ཆ་འཕྲིན་ལས་མངོན་པར། སློབ་གྲྭར་དགེ་རྒན་དང་ལས་བཟོ་པ2657ཡོད་པའི་ནང་དགེ་རྒན1586ཡོད། དགེ་རྒན་ཆེན་མོ421ཡོད་པ་དང་ཀྲུང་གོའི་ཚན་རིག་ཁང་གི་ཡོན་ཧྲི1ཡོད། ཀྲུང་གོའི་བཟོ་སྐྲུན་ཁང་གི་ཡོན་ཧྲེ3དང་ཨ་རིའི་ཚན་རིག་ཁང་གི་རྒྱལ་ཁོངས་ཕྱི་རྒྱལ་ནས་ཡིན་པའི་ཡོན་ཧྲི1 འཛམ་གླིང་ཚན་རིག་ཁང་གི་ཡོན་ཧྲི2ཡོད་པ་དང་མི་ཁྲིའི་འཆར་གཞིའི་ཆེད་མཁས་པ28ཡོད། རྒྱལ་ཁབ་ཀྱི་ཕུལ་བྱུང་གཞོན་ནུ20དང973འཆར་གཞིའི་དབུ་བཞུགས་ཚན་རིག་མཁས་ཅན6ཡོད། དེང་རབས་ཞིང་ལས་ཐོན་ལས་ལག་རྩལ་མ་ལག་གི་དབུ་བཞུགས་ཚན་རིག་མཁས་ཅན1དང་ལས་གནས་ཚན་རིག་མཁས་ཅན55དང་རྒྱལ་ཁབ་རིམ་པའི་སློབ་ཁྲིད་དགེ་རྒན་གྲགས་ཅན4 རྒྱལ་ཁབ་རིམ་པའི་སློབ་ཁྲིད་ཚོགས་པ7བཅས་ཡོད།

4 སློབ་ཁྲིད་འཛུགས་སྐྲུན།

ཞིང་ཆེན་རིམ་པའི་མཐོ་རིམ་དངོས་སྦྱོང་དངོས་སྦྱོང་རྟེན་གཞི4ཡོད་པ་དང་རྒྱལ་ཁབ་རིམ་པའི་ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས4བཙུགས་ཡོད། ཧུའུ་པེ་ཞིང་ཆེན་ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས10དང་། ཧུའུ་པེ་ཞིང་ཆེན་རིམ་པའི་གཙོ་གནད་ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས4བཅས་ཡོད། 

5 སློབ་ཁྲིད་གྲུབ་འབྲས།

སྤྱི་ལོ2019ལོའི་ཟླ་དང་པོར་སློབ་གྲྭའི་དྲ་བའི་ཆ་འཕྲིན་ལས་མངོན་པར་གཞིགས་ན། སློབ་གྲྭའི་སློབ་དེབ་སྣ་ཁ18“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”རྒྱལ་ཁབ་རིམ་པའི་འཆར་འགོད་ནང་བཅུག་པ་དང་སློབ་དེབ་སྣ་ཁ11 སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་དང་རྒྱལ་ཁབ་ནགས་ལས་ཅུས་ཀྱི“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”འཆར་འགོད་ནང་བཅུག་ཡོད། སློབ་གྲྭར་རིམ་རྩིས་བྱས་ན་རྒྱལ་ཁབ་རིམ་པའི་སློབ་ཁྲིད་གྲུབ་འབྲས་བྱ་དགའ22ཐོབ་པའི་ནང་དམིགས་བསལ་བྱ་དགའ1དང་། བྱ་དགའ་རིམ་པ་དང་པོ3 བྱ་དགའ་ཨང་གཉིས་པ18བཅས་ཡོད། 

6 རིག་ཚན་འཛུགས་སྐྲུན།

སྤྱི་ལོ2019ལོའི་ཟླ་དང་པོར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཀྱི་ཆ་འཕྲིན་ཐོག་ནས་མངོན་པར་གཞིགས་ན། སློབ་གྲྭར་རྒྱལ་ཁབ་རིམ་པའི་ཆེད་ལས་འཛུགས་སྐྲུན་རྣམ་གྲངས26དང་ཞིང་ཆེན་རིམ་པའི་ཆེད་ལས་འཛུགས་སྐྲུན་རྣམ་གྲངས37ལ་ཆོག་མཆན་ཐོབ་པ་དང་། རྒྱལ་ཁབ་རིམ་པའི་ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས4ཡོད། རྒྱལ་ཁབ་རིམ་པའི་སྤུས་ལེགས་ཐོན་ཁུངས་མཉམ་སྤྱོད་སློབ་ཚན32དང་རྒྱལ་ཁབ་རིམ་པའི་སྤུས་ལེགས་བརྙན་ལམ་ཡོངས་བསྒྲགས་སློབ་ཚན10ཡོད། ཞིང་ཆེན་རིམ་པའི་སྤུས་ལེགས་ཐོན་ཁུངས་མཉམ་སྤྱོད་སློབ་ཚན41 ཞིང་ཆེན་རིམ་པའི་སྤུས་ལེགས་བརྙན་ལམ་ཡོངས་བསྒྲགས་སློབ་ཚན12དང་སློབ་གྲྭ་རིམ་པའི་སྤུས་ལེགས་སློབ་ཚན179ཡོད། རྒྱལ་ཁབ་རིམ་པའི་སློབ་ཆེན་སློབ་མའི་སློབ་ཕྱིའི་ལག་ལེན་སློབ་གསོའི་རྟེན་གཞི10བཙུགས་ཡོད།

7 རྒྱལ་ཁབ་ཀྱི་གཙོ་གནད་རིག་ཚན།

སྤྱི་ལོ2019ལོའི་ཟླ་དང་པོར་སློབ་གྲྭའི་དྲ་བའི་ཆ་འཕྲིན་ལས་མངོན་པར་གཞིགས་ན། སློབ་གྲྭར་རྒྱལ་ཁབ་རིམ་པའི་གཙོ་གནད་རིག་ཚན8ཡོད་པ་དང་། རྒྱལ་ཁབ་ཀྱིས་གཙོ་གནད་དུ་རིག་ཚན1གསོ་སྐྱོང་བྱས་ཡོད། ཞིང་ལས་པུའུ་ཡི་གཙོ་གནད་རིག་ཚན4 རིམ་པ་དང་པོའི་རིག་ཚན་གྱི་རབ་འབྱམས་པའི་བསླབ་གནས27ཡོད། རིམ་པ་གཉིས་པའི་རིག་ཚན་གྱི་རབ་འབྱམས་པ་གསོ་སྐྱོང་བྱེད་ཡུལ102དང་རབ་འབྱམས་པ་ཆེད་ལས་ཡོན་གནས་སྤྲོད་དབང་ཡོད་རིགས10 རིམ་པ་དང་པོའི་རིག་ཚན་གྱི་འབུམ་རམས་པའི་ས་ཚིགས15དང་རིམ་པ་གཉིས་པའི་རིག་ཚན་གྱི་འབུམ་རམས་པའི་ས་ཚིགས65བཅས་ཡོད། འབུམ་རམས་པའི་ཆེད་ལས་བསླབ་གནས་ཀྱི་དབང་ཆ་རིགས1དང་འབུམ་རམས་པའི་ཚན་རིག་ཞིབ་འཇུག་གི་སྐོར་སྐྱོད་ས་ཚིགས13བཅས་བཙུགས་ཡོད། དེའི་ནང་རང་བདག་ངང་བཙུགས་པའི་འབུམ་རམས་པའི་ཡོན་གནས་སྤྲོད་དབང་ཡོད་པའི་ཆེད་ལས14དང་རབ་འབྱམས་པའི་ཡོན་གནས་སྤྲོད་དབང་ཡོད་པའི་ཆེད་ལས98ཡོད། 

8 འབུམ་རམས་པའི་ཞིབ་འཇུག་འཁོར་སྐྱོད་ས་ཚིགས།

ལོ་ཏོག་རིག་པ་དང་། རྩི་ཤིང་སྲུང་སྐྱོང་། སྐྱེ་དངོས་རིག་པ། ཟས་རིགས་ཚན་རིག་དང་ལས་གྲྭ། ལྡུམ་རའི་ལག་རྩལ་རིག་པ། ཞིང་ལས་ཐོན་ཁུངས་དང་ཁོར་ཡུག སྐྱེ་ཁམས་རིག་པ། ཞིང་ནགས་དཔལ་འབྱོར་དོ་དམ། སྤྱི་པའི་དོ་དམ། ཕྱུགས་རིགས་རིག་པ། ཞིང་ལས་ལས་གྲྭ་བཅས། 

9 རིམ་པ་དང་པོའི་རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས།

སྐྱེ་ཁམས་རིག་པ། སྐྱེ་དངོས་རིག་པ། ཞིང་ལས་འདུ་འགོད། ཟས་རིགས་ཚན་རིག་དང་བཟོ་སྐྲུན། མཛེས་ལྗོངས་སྐྱེད་ཚལ་རིག་པ། ལོ་ཏོག་རིག་པ། ལྡུམ་རའི་ལག་རྩལ་རིག་པ། ཞིང་ལས་ཐོན་ཁུངས་བེད་སྤྱོད། རྩི་ཤིང་སྲུང་སྐྱོང་། ཕྱུགས་འཚོའི་རིག་པ། ཕྱུགས་རིགས་གསོ་རིག ཆུ་ཐོན་རིག་པ། ཞིང་ནགས་དཔལ་འབྱོར་དོ་དམ། སྤྱི་པའི་དོ་དམ། སྐྱེ་དངོས་འདུ་འགོད་བཅས་ཡོད།

10 རིག་གཞུང་བསླབ་གནས་སྤྲོད་དབང་རིགས།

སྐྱེ་དངོས་རིག་པ་དང་། སྐྱེ་ཁམས་རིག་པ། ཡང་བའི་བཟོ་ལས་ལག་རྩལ་དང་ལས་གྲྭ། ཞིང་ལས་ལས་ལས་གྲྭ། ཁོར་ཡུག་ཚན་རིག་དང་ལས་གྲྭ། ཟས་རིགས་ཚན་རིག་དང་ལས་གྲྭ། མཛེས་ལྗོངས་སྐྱེད་ཚལ་རིག་པ། ལོ་ཏོག་རིག་པ། ལྡུམ་རའི་ལག་རྩལ་རིག་པ། ཞིང་ལས་ཐོན་ཁུངས་བེད་སྤྱོད། རྩི་ཤིང་སྲུང་སྐྱོང་། ཕྱུགས་ལས་རིག་པ། ཕྱུགས་རིགས། གསོ་རིག ནགས་ལས་རིག་པ། ཆུ་ཐོན་རིག་པ། བཟོ་ཚོང་དོ་དམ། ཞིང་ནགས་དཔལ་འབྱོར་དོ་དམ། སྤྱི་པའི་དོ་དམ་རིག་པ། བཀོལ་སྤྱོད་དཔལ་འབྱོར་རིག་པ། མར་ཁེ་སིའི་རིང་ལུགས་ཀྱི་གཞུང་ལུགས། རྫས་འགྱུར་རིག་པ། སྐྱེ་དངོས་རིག་པ། གསར་འགྱུར་བརྒྱུད་རིག ཕྱི་རྒྱལ་གྱི་སྐད་ཡིག རྩོམ་རིག རྩིས་རིག ལག་རྩལ། 

11 ཞིབ་འཇུག་གི་གྲུབ་འབྲས།

སྤྱི་ལོ2015ལོར་སློབ་གྲྭར་རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩའི་རྣམ་གྲངས་རྣམ་གྲངས་ཁག192ལ་ཆོག་མཆན་ཐོབ་པ་དང་། གཞན་ཡང་རྣམ་གྲངས13ལ་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རྣམ་གྲངས་འཛུགས་རྒྱུའི་རོགས་དངུལ་ཐོབ་ཅིང་། རྣམ་གྲངས205ལ་ཆོག་མཆན་སྤྲད། སློབ་གྲྭའི་གྲུབ་འབྲས་ཁག5ལ་སྤྱི་ལོ2016ལོའི་ལོ་འཁོར་གྱི་རྒྱལ་ཁབ་ཚན་རྩལ་བྱ་དགའ་ཐོབ་པ་རེད། གྲུབ་འབྲས5ལ་ཞིང་ཆེན་ཚན་རིག་ལག་རྩལ་གྱི་བྱ་དགའ་ཨང་དང་པོ་ཐོབ་པ་དང་རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩའི་རྣམ་གྲངས216ལ་ཆོག་མཆན་ཐོབ།

12 རིག་གཞུང་ཐོན་ཁུངས།

སྤྱི་ལོ2017ལོའི་ལོ་མཇུག་བར་ཧྭ་ཀྲུང་ཞིང་ལས་སློབ་ཆེན་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་ཚད་ལྡན་ཡིག་ཆའི་ཐོན་ཁུངས་བསྡོམས་འབོར་ཁྲི191.4ཟིན་པ་དང་དུས་དེབ་སྣ་ཁ2000ལྷག་ཙམ་ཡོད། གྲངས་གཞིའི་མཛོད་ཀྱི་གྲངས་འབོར106དང་གློག་རྡུལ་དཔེ་དེབ་ཁྲི110ཡོད། ཐོན་ཁུངས་ཀྱི་ཁོངས་སུ་ཞིང་ལས་དང་། སྐྱེ་དངོས། རང་བྱུང་ཚན་རིག རིག་གནས། ཁྲིམས་ལུགས། དཔལ་འབྱོར། དོ་དམ་སོགས་རིག་ཚན་ཚུད་ཡོད། ཞིང་ལས་དང་ཚེ་སྲོག་ཚན་རིག་གི་ཚད་ལྡན་ཡིག་ཆ་ཁྱད་ཆོས་སུ་འགྱུར་བར་བྱ་དགོས་ལ། སྲོལ་རྒྱུན་གྱི་ཐོན་ཁུངས་དང་གློག་རྡུལ་ཐོན་ཁུངས་ཕན་ཚུན་ཁ་གསབ་བྱེད་པ་དང་རིག་གཞུང་ཚན་ཁག་མང་བའི་ཚད་ལྡན་ཡིག་ཆ་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་སྣ་མང་ཅན་གྱི་ཚད་ལྡན་ཡིག་ཆའི་ཆ་འཕྲིན་འགན་སྲུང་མ་ལག་འཛུགས་དགོས། སྔ་རྗེས་སུ་རྒྱལ་ཡོངས་ཀྱི“དམངས་ཡོངས་ཀྱི་དཔེ་ཀློག་སྔོན་ཐོན་ཚན་པ”དང“ཧུའུ་པེ་ཞིང་ཆེན་མཐོ་རིམ་སློབ་གྲྭའི་ཕུལ་བྱུང་རིམ་པའི་དཔེ་ཁང”སོགས་ཡོད།

13 རིག་གཞུང་དུས་དེབ།

སྤྱི་ལོ2019ལོའི་ཟླ་དང་པོར་སློབ་གྲྭའི་གཞུང་ཕྱོགས་དྲ་བའི་ཆ་འཕྲིན་ལས་མངོན་པར་གཞིགས་ན། ཧྭ་ཀྲུང་ཞིང་ལས་སློབ་ཆེན་གྱི་དུས་དེབ་ཁང་གིས《ཧྭ་ཀྲུང་ཞིང་ལས་སློབ་ཆེན་གྱི་རིག་གཞུང་ཚགས་པར》དང《ཧྭ་ཀྲུང་ཞིང་ལས་སློབ་ཆེན་གྱི་རིག་གཞུང་ཚགས་པར(སྤྱི་ཚོགས་ཚན་རིག་པར་གཞི)》《གསོ་ཚགས་དང་གཟན་ཆག》སོགས་དུས་དེབ་རྩོམ་སྒྲིག་དཔེ་སྐྲུན་ལས་དོན་གྱི་འགན་ཁུར་ཡོད། ཧྭ་ཀྲུང་ཞིང་ལས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ་ཅེས་པ་ནི་ཕྱོགས་བསྡུས་རང་བཞིན་གྱི་ཞིང་ལས་ཚན་རིག་རིག་གཞུང་དུས་དེབ་ཅིག་ཡིན་ལ། CSCDའབྱུང་ཁུངས་དུས་དེབ་དང་། པེ་ཅིན་སློབ་ཆེན་གྱི་རྒྱ་ཡིག་ལྟེ་བའི་དུས་དེབ་ཀྱི་འབྱུང་ཁུངས་དུས་དེབ་གཙོ་བོ་བཅས་ཡིན་ཞིང་། དེ་ནི་ཀྲུང་གོའི་ཚན་རྩལ་དུས་དེབ་སྤུས་དག་དང་། ཀྲུང་གོའི་མཐོ་རིམ་སློབ་གྲྭའི་ཚན་རྩལ་དུས་དེབ། ཀྲུང་གོའི་མཐོ་རིམ་སློབ་གྲྭའི་ཚན་རྩལ་དུས་དེབ་རྩེ་གྲ་བརྒྱ་བཅས་ཡིན། དེ་ནི་ཨ་རིའི《CA》དང་། ཨུ་རུ་སུའི《རྩོམ་ཡིག་གནད་བསྡུས་དུས་དེབ》མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི《Agridex》དབྱིན་ཇིའི《ZA》སོགས་རྩོམ་ཡིག་གནད་བསྡུས་དུས་དེབ་ཀྱི་འབྱུང་ཁུངས་གལ་ཆེན་ཞིག་ཡིན།  

14 གཟི་བརྗིད་མཚན་སྙན།

སྤྱི་ལོ2009ལོར་རྒྱལ་ཡོངས་ཀྱི་དཔལ་ཡོན་སྡེ་ཚན་ཁག་གཉིས་པའི་མཚན་སྙན་ཐོབ།

སྤྱི་ལོ2019ལོའི་ཟླ8པའི་ཚེས5ཉིན་ཧྭ་ཀྲུང་ཞིང་ལས་སློབ་ཆེན་ལ་སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་གསར་གཏོད་ལས་གཏོད་ཀྱི་དཔེ་མཚོན་ཉམས་མྱོང་མཐོ་རིམ་སློབ་གྲྭའི་མཚན་སྙན་ཐོབ།

དཔྱད་གཞིའི་ཡིག་ཆ།