ཁྲང་ཅང་སློབ་ཆེན།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2020-10-20 09:40ལ་འགྲུབ།

ཁྲང་ཅང་སློབ་ཆེན།

ཁྲང་ཅང་སློབ་ཆེན།
ཁྲང་ཅང་སློབ་ཆེན་ནི་ཅིན་ཀྲོའུ་གྲོང་ཁྱེར་དུ་གནས་ཤིང་ཧུའུ་པེ་ཞིང་ཆེན་གྱི་གཙོ་གནད་འཛུགས་སྐྲུན་གྱི་རྐང་འཛིན་མཐོ་རིམ་སློབ་གྲྭ་ཞིག་ཡིན་ལ། སྤྱི་ལོ2020ལོའི་ཟླ4པའི་བར་སློབ་གྲྭའི་རྒྱ་ཁྱོན་མུའུ4742ཡོད་པ་དང་སློབ་གྲྭའི་ཉལ་ཁང་གི་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི90ཡོད། སློབ་ཁྲིད་ཚན་ཞིབ་དཔྱད་ཆས་དང་སྒྲིག་ཆས་ཀྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར6.9ཟིན་པ་དང་དཔེ་མཛོད་ཁང་དུ་དེབ་ཁྲི430ཉར་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
长江大学
འབུམ་རམས་པའི་ཐོབ་ཐང་སྤྲོད་གནས།
རིམ་པ་དང་པོའི་རིག་གཞུང་བསླབ་གནས་རིག་ཚན3
དབྱིན་ཡིག་གི་མིང་།
Yangtze University
འབུམ་རམས་ཕྱི་ཚར།
ཞིབ་འཇུག་འཁོར་སྐྱོད་ས་ཚིགས2
བཙུགས་ལོ།
སྤྱི་ལོ2003ལོར།
སློབ་གྲྭའི་ཚབ་ཨང་།
10489
སློབ་སྒྲུབ་ངོ་བོ།
གཞུང་བཙུགས་སློབ་ཆེན།
རྣམ་པ།
ཕྱོགས་བསྡུས།
གཙོ་གཉེར་སྡེ་ཁག
ཧུའུ་པེ་ཞིང་ཆེན།
ད་ལྟའི་འགོ་ཁྲིད།
ཏང་ཨུའི་ཧྲུའུ་ཅི། ཀྲུའུ་ཡེ་ཧུང་།
དངོས་གཞིའི་ཆེད་ལས།
101
རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས།
རིམ་པ་དང་པོའི་རིག་གཞུང་བསླབ་གནས་རིག་ཚན33
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
བཟོ་སྐྲུན་སློབ་གླིང་། རིག་གནས་སློབ་གླིང་། ཕྱི་སྐད་སློབ་གླིང་། རྫས་འགྱུར་དང་ཁོར་ཡུག་བཟོ་སྐྲུན་སློབ་གླིང་། དོ་དམ་སློབ་གླིང་སོགས་ཡོད།
བྱ་དགའ་གཙོ་བོ།
རྒྱལ་ཁབ་ཀྱི་ཚན་རྩལ་ཡར་ཐོན་གྱི་དམིགས་བསལ་བྱ་དགའ1དང་། རིམ་པ་གཉིས་པའི་བྱ་དགའ5 རིམ་པ་གསུམ་པའི་བྱ་དགའ3བཅས་ཐོབ།
དཀར་ཆག
1   ལོ་རྒྱུས་འཕེལ་རིམ།
2   སློབ་གླིང་དང་སྡེ་ཁག་གི་ཆེད་ལས། 
2.1 རྩོམ་རིག་སློབ་གླིང་། 
2.2 ཕྱི་སྐད་སློབ་གླིང་། 
2.3 སྒྱུ་རྩལ་སློབ་གླིང་།
2.4 སློབ་གསོ་སློབ་གླིང་།
2.5 ལུས་རྩལ་སློབ་གླིང་།
2.6 དཔལ་འབྱོར་སློབ་གླིང་།
2.7 དོ་དམ་སློབ་གླིང་། 
2.8 ཁྲིམས་རིག་སློབ་གླིང་། 
2.9 མར་ཁེ་སི་རིང་ལུགས་སློབ་གླིང་། 
2.10 ཆ་འཕྲིན་དང་རྩིས་རིག་སློབ་གླིང་།
2.11 དངོས་ལུགས་དང་འོད་གློག་བཟོ་སྐྲུན་སློབ་གླིང་། 
2.12 རྫས་འགྱུར་དང་ཁོར་ཡུག་བཟོ་སྐྲུན་སློབ་གླིང་། 
2.13 ཚེ་སྲོག་ཚན་རིག་སློབ་གླིང་། 
2.14 འཕྲུལ་ཆས་བཟོ་སྐྲུན་སློབ་གླིང་།
2.15 གློག་རྡུལ་ཆ་འཕྲིན་སློབ་གླིང་།
2.16 རྩིས་འཁོར་ཚན་རིག་སློབ་གླིང་། 
2.17 གྲོང་ཁྱེར་འཛུགས་སྐྲུན་སློབ་གླིང་། 
2.18 ཐོན་ཁུངས་དང་ཁོར་ཡུག་སློབ་གླིང་། 
2.19 སའི་གོ་ལའི་དངོས་ལུགས་དང་རྡོ་སྣུམ་ཐོན་ཁུངས་སློབ་གླིང་། 
2.20 སའི་གོ་ལའི་ཚན་རིག་སློབ་གླིང་། 
2.21 རྡོ་སྣུམ་བཟོ་སྐྲུན་སློབ་གླིང་། 
2.22 ཞིང་ལས་སློབ་གླིང་།
2.23 སྐྱེད་ཚལ་སློབ་གླིང་། 
2.24 སྲོག་ཆགས་ཚན་རིག་སློབ་གླིང་།
2.25 གསོ་རིག་སློབ་གླིང་།
3   དགེ་རྒན་གྱི་དཔུང་སྡེ།
4   སློབ་ཁྲིད་འཛུགས་སྐྲུན།
5   རིག་ཚན་འཛུགས་སྐྲུན། 
6   མཉམ་འབྲེལ་སྤེལ་རེས།
7   ཞིབ་འཇུག་གི་གྲུབ་འབྲས།
8   རིག་གཞུང་ཐོན་ཁུངས།
9   རིག་གཞུང་དུས་དེབ། 
1 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1954ལོར་སློབ་གྲྭར་པེ་ཅིན་རྡོ་སྣུམ་ས་གཤིས་སློབ་གྲྭ་ཞེས་པར་མིང་བསྒྱུར། 

སྤྱི་ལོ1965ལོར་སློབ་གྲྭ་ཏ་ཆིང་དུ་གནས་སྤོས། 

སྤྱི་ལོ1972ལོར་སློབ་གྲྭ་ཅིན་ཀྲོའུ་རུ་གནས་སྤོས་པ་དང་མིང་ཅང་ཧན་རྡོ་སྣུམ་ས་གཤིས་སློབ་གྲྭར་བསྒྱུར།

སྤྱི་ལོ1978ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་སློབ་གྲྭ་དེ་ཅང་ཧན་རྡོ་སྣུམ་སློབ་གླིང་དུ་མིང་བསྒྱུར། 

སྤྱི་ལོ2000ལོ་ནས་བཟུང་སློབ་གྲྭས་ཀྲུང་དབྱང་དང་ས་གནས་མཉམ་འཛུགས་བྱས་ཏེ། ཧུའུ་པེ་ཞིང་ཆེན་ལ་དོ་དམ་བྱེད་དུ་བཅུག 

སྤྱི་ལོ1977ལོར་ཧྭ་ཀྲུང་ཞིང་ལས་སློབ་གླིང་ཅིན་ཀྲོའུ་ཡན་ལག་སློབ་གླིང་བཙུགས།

སྤྱི་ལོ1985ལོར་སློབ་གྲྭར་ཧུའུ་པེའི་ཞིང་ལས་སློབ་གླིང་ཞེས་པར་བསྒྱུར། 

སྤྱི་ལོ1989ལོར་རྒྱལ་ཁབ་སློབ་གསོ་ཨུ་ལྷན་གྱི་ཆོག་མཆན་ཐོབ་པ་བརྒྱུད་དངོས་གཞིའི་ཚན་ཁག་གི་སློབ་གླིང་ཞིག་ཏུ་གྱུར།

སྤྱི་ལོ1936ལོའི་ཟླ12པར་ཧུའུ་པེ་ཞིང་ཆེན་གྱིས་དགེ་འོས་སློབ་གྲྭ་བཞི་བ་བཙུགས།

སྤྱི་ལོ1978ལོར་ཅིན་ཀྲོའུ་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་བཙུགས།

སྤྱི་ལོ1999ལོར་སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད་ཅིང་ཀྲོའུ་དགེ་འོས་སློབ་གླིང་དུ་བསྒྱུར།

སྤྱི་ལོ1951ལོར་ཧུའུ་པེ་ཞིང་ཆེན་ཧྲ་ཧྲི་འཕྲོད་བསྟེན་སློབ་གྲྭ་བཙུགས། 

སྤྱི་ལོ1977ལོར་ཧུའུ་པེ་གྲོང་ཁྱེར་འཕྲོད་བསྟེན་སློབ་གྲྭ་ཝུའུ་ཧན་གསོ་རིག་སློབ་གླིང་ཅིང་ཀྲོའུ་ཡན་ལག་སློབ་གླིང་དུ་གནས་སྤོར་བྱས། 

སྤྱི་ལོ1984ལོར་སློབ་གྲྭར་ཧུའུ་པེ་ཞིང་ཆེན་འཕྲོད་བསྟེན་ལས་བཟོ་པའི་གསོ་རིག་སློབ་གླིང་ཞེས་པར་མིང་བསྒྱུར། 

2 སློབ་གླིང་དང་སྡེ་ཁག་གི་ཆེད་ལས། 

སྤྱི་ལོ2017ལོའི་ཟླ3པར་ཁྲང་ཅང་སློབ་ཆེན་གྱི་འོག་ཏུ་རིམ་པ་གཉིས་པའི་སློབ་གླིང26བཙུགས་ཡོད་པ་དང་། ད་ལྟ་དངོས་གཞིའི་ཚན་ཁག་གི་ཆེད་ལས98ཡོད་ལ། དེའི་ནང་དཔལ་འབྱོར་རིག་པ3དང་། དོ་དམ་རིག་པ11 ཁྲིམས་ལུགས་རིག་པ3 སློབ་གསོ་རིག་པ4 རྩོམ་རིག5 ལོ་རྒྱུས་རིག་པ1 སྒྱུ་རྩལ་རིག་པ7 རང་བྱུང་རིག་པ16 བཟོ་སྦྱོང35 ཞིང་ལས་རིག་པ11 གསོ་རིག2བཅས་ཡོད། 

2_1 རྩོམ་རིག་སློབ་གླིང་། 

རྩོམ་སྒྲིག་འཁྲབ་ཁྲིད་པ། རླུང་བརྙན་འཕྲིན་རིག་པ། རྒྱ་སྐད་ཀྱི་རྩོམ་རིག(དགེ་འོས་ཀྱི་རིགས) ལོ་རྒྱུས་རིག་པ(དགེ་འོས་ཀྱི་རིགས) 

2_2 ཕྱི་སྐད་སློབ་གླིང་། 

སྐད་བརྡའི་རྩོམ་རིག འཇར་པན་གྱི་སྐད་ཡིག ཚོང་དོན་དབྱིན་ཡིག དབྱིན་ཡིག ཡིག་སྒྱུར། 

2_3 སྒྱུ་རྩལ་སློབ་གླིང་།

ཇུས་འགོད་དང་མཛེས་རྩལ་རིག་པ(དགེ་འོས་རིགས)མཐོང་རིས་བརྒྱུད་བསྒྲགས་ཇུས་འགོད། ཞབས་བྲོ་རིག་པ(དགེ་འོས་རིགས) རོལ་དབྱངས་འཁྲབ་སྟོན(རོལ་དབྱངས་འཁྲབ་སྟོན) རོལ་དབྱངས་རིག་པ(དགེ་འོས་རིགས) 

2_4 སློབ་གསོ་སློབ་གླིང་།

སློབ་གསོ་རིག་པ(དགེ་འོས་རིགས)དང་ཉེར་སྤྱོད་སེམས་ཁམས་རིག་པ།

2_5 ལུས་རྩལ་སློབ་གླིང་།

སྤྱི་ཚོགས་ཀྱི་ལུས་རྩལ་ཁྲིད་སྟོན་དང་དོ་དམ། ལུས་རྩལ་སློབ་གསོ(དགེ་འོས་རིགས) 

2_6 དཔལ་འབྱོར་སློབ་གླིང་།

དཔལ་འབྱོར་དང་ཉོ་ཚོང་རིགས(དངུལ་རྩའི་རིག་པ། དཔལ་འབྱོར་རིག་པ། རྒྱལ་སྤྱིའི་དཔལ་འབྱོར་དང་ཉོ་ཚོང)ཞིང་ནགས་དཔལ་འབྱོར་དོ་དམ། 

2_7 དོ་དམ་སློབ་གླིང་། 

བཟོ་ཚོང་དོ་དམ། མི་ཤུགས་ཐོན་ཁུངས་དོ་དམ། ཚོང་རའི་ཚོང་གཉེར། ནོར་དོན་དོ་དམ། རྩིས་གཉེར་རིག་པ། དོ་དམ་ཚན་རིག ཟོག་འགྲེམས་དོ་དམ། ཆ་འཕྲིན་དོ་དམ་དང་ཆ་འཕྲིན་མ་ལག

2_8 ཁྲིམས་རིག་སློབ་གླིང་། 

ཁྲིམས་ལུགས་རིག་པ། 

2_9 མར་ཁེ་སི་རིང་ལུགས་སློབ་གླིང་། 

བསམ་བློ་ཆབ་སྲིད་སློབ་གསོ། 

2_10 ཆ་འཕྲིན་དང་རྩིས་རིག་སློབ་གླིང་།

གྲངས་རིག་དང་ཉེར་སྤྱོད་གྲངས་རིག(དགེ་འོས་རིགས)དང་ཆ་འཕྲིན་དང་རྩིས་རིག 

2_11 དངོས་ལུགས་དང་འོད་གློག་བཟོ་སྐྲུན་སློབ་གླིང་། 

ཆ་འཕྲིན་ཚན་རིག་དང་བཟོ་སྐྲུན། འོད་ཁུངས་དང་འོད་འགྱེད། དངོས་ལུགས་རིག་པ། བེད་སྤྱོད་དངོས་ལུགས་རིག་པ།

2_12 རྫས་འགྱུར་དང་ཁོར་ཡུག་བཟོ་སྐྲུན་སློབ་གླིང་། 

ཆ་རྡུལ་རྒྱུ་ཆ་དང་བཟོ་སྐྲུན། རྫས་འགྱུར་བཟོ་སྐྲུན། བཟོ་རྩལ། རྫས་འགྱུར་བཟོ་ལས། རྡོ་སྣུམ་བཙོ་སྦྱང་། ཁོར་ཡུག་བཟོ་སྐྲུན། ཉེར་སྤྱོད་རྫས་འགྱུར།

2_13 ཚེ་སྲོག་ཚན་རིག་སློབ་གླིང་། 

སྐྱེ་དངོས་ལག་རྩལ(རྐང་འཛིན་ཐོན་ལས་ཀྱི་ཤེས་ལྡན་མི་སྣའི་འཆར་གཞི་ཚུད)བཟའ་བཅའི་ཚན་རིག་དང་ལས་གྲྭའི་རིགས(བཟའ་བཅའི་ཚན་རིག་དང་ལས་གྲྭ། བཟའ་བཅའི་སྤུས་ཚད་དང་བདེ་འཇགས། སློབ་གསོ་པུའུ་ཡི་ཕུལ་བྱུང་ཞིང་ནགས་ཤེས་ལྡན་མི་སྣའི་འཆར་གཞི) 

2_14 འཕྲུལ་ཆས་བཟོ་སྐྲུན་སློབ་གླིང་།

ཇུས་འགོད། འཕྲུལ་ཆས་རིགས(འཕྲུལ་ཆས་ཇུས་འགོད་བཟོ་སྐྲུན་དང་དེའི་རང་འགུལ་ཅན་དང་། རྒྱུ་ཆ་གྲུབ་སྟངས་དང་ཚོད་འཛིན་བཟོ་སྐྲུན། བརྒྱུད་རིམ་གྱི་སྒྲིག་ཆས་དང་ཚོད་འཛིན་བཟོ་སྐྲུན། སློབ་གསོ་པུའུ་ཡི་ཕུལ་བྱུང་བཟོ་བཀོད་པ་དང་རྐང་འཛིན་ཐོན་ལས་ཤེས་ལྡན་མི་སྣའི་འཆར་གཞི)

2_15 གློག་རྡུལ་ཆ་འཕྲིན་སློབ་གླིང་།

ཚད་ལེན་ཚོད་འཛིན་ལག་རྩལ་དང་དཔྱད་ཆས། གློག་རླངས་བཟོ་སྐྲུན་དང་དེའི་རང་འགུལ་ཅན། རྐང་འཛིན་ཐོན་ལས་ཀྱི་ཤེས་ལྡན་མི་སྣའི་འཆར་གཞི། གློག་རྡུལ་ཆ་འཕྲིན་རིགས(གློག་རྡུལ་ཆ་འཕྲིན་ལས་གྲྭ། འཕྲིན་གཏོང་ལས་གྲྭ། སློབ་གསོ་པུའུ་ཡི་ཕུལ་བྱུང་བཟོ་བཀོད་པ་གསོ་སྐྱོང་བྱེད་པའི་འཆར་གཞི་དང་སྲོག་ཤིང་ཐོན་ལས་ཀྱི་ཤེས་ལྡན་མི་སྣའི་འཆར་གཞི་ཚུད་ཡོད)

2_16 རྩིས་འཁོར་ཚན་རིག་སློབ་གླིང་། 

རྩིས་འཁོར་རིགས(རྩིས་འཁོར་ཚན་རིག་དང་ལག་རྩལ། མཉེན་ཆས་ལས་གྲྭ། དྲ་རྒྱའི་ལས་གྲྭ། ཟོག་སྦྲེལ་དྲ་བའི་ལས་གྲྭ) 

2_17 གྲོང་ཁྱེར་འཛུགས་སྐྲུན་སློབ་གླིང་། 

གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད། ས་ཤིང་རིགས(ཨར་ལས་དང་ཤིང་ལས་གྲྭ། ལས་གྲྭ་དོ་དམ། ཆུ་འདྲེན་ལས་གྲྭ) ཨར་ལས(ཀྲུང་གོ་དང་ཕྱི་རྒྱལ་གྱིས་མཉམ་ལས་བྱས་ནས་སློབ་གྲྭ་གཉེར་བ) 

2_18 ཐོན་ཁུངས་དང་ཁོར་ཡུག་སློབ་གླིང་། 

སའི་གོ་ལའི་རྫས་འགྱུར་དང་། ཆུ་དཔྱད། ཆུའི་ཐོན་ཁུངས་བཅས་ཀྱི་ལས་གྲྭ།

2_19 སའི་གོ་ལའི་དངོས་ལུགས་དང་རྡོ་སྣུམ་ཐོན་ཁུངས་སློབ་གླིང་། 

དངོས་ཁམས་རིག་པ་དང་། རྩད་ཞིབ་ལག་རྩལ། རྩད་ཞིབ་ལག་རྩལ་དང་ལས་གྲྭ(རྡོ་སྣུམ་གྱི་དངོས་རྫས་འཚོལ་ཞིབ། སློབ་གསོ་པུའུ་ཡི་ཕུལ་བྱུང་བཟོ་བཀོད་པའི་འཆར་གཞི་ཚུད་ཡོད) 

2_20 སའི་གོ་ལའི་ཚན་རིག་སློབ་གླིང་། 

ཆ་འཕྲིན་ཚན་རིག(རྐང་འཛིན་ཐོན་ལས་ཀྱི་ཤེས་ལྡན་མི་སྣའི་འཆར་གཞི་ཚུད)ས་གཤིས་རིག་པ། ཐོན་ཁུངས་རྩད་ཞིབ་ལས་གྲྭ(སློབ་གསོ་པུའུ་ཕུལ་བྱུང་བཟོ་བཀོད་པའི་འཆར་གཞི་ཚུད)ཐོན་ཁུངས་རྩད་ཞིབ་ལས་གྲྭ། 

2_21 རྡོ་སྣུམ་བཟོ་སྐྲུན་སློབ་གླིང་། 

རྒྱ་མཚོའི་སྣུམ་རླངས་ལས་གྲྭ་དང་། རྡོ་སྣུམ་ལས་གྲྭ(སློབ་གསོ་པུའུ་ཡི་ཕུལ་བྱུང་བཟོ་བཀོད་པའི་འཆར་གཞི་ཚུད)སྣུམ་རླངས་གསོག་འདྲེན་ལས་གྲྭ། 

2_22 ཞིང་ལས་སློབ་གླིང་།

ཐོན་ཁུངས་དང་ཁོར་ཡུག(སློབ་གསོ་པུའུ་ཕུལ་བྱུང་ཞིང་ནགས་ཤེས་ལྡན་མི་སྣ་འདུས་པའི་འཆར་གཞི)དང་། རྩི་ཤིང་ཐོན་སྐྱེད་རིགས(ཞིང་ལས་རིག་པ་དང་། རྩི་ཤིང་སྲུང་སྐྱོང་། ས་བོན་ཚན་རིག བཟོ་སྐྲུན་ཆེད་ལས་བཅས་ཚུད་ཡོད། སློབ་གསོ་པུའུ་ཡི་ཞིང་ལས་དང་ནགས་ལས་ཀྱི་ཤེས་ལྡན་མི་སྣའི་འཆར་གཞི་དང་སྲོག་ཤིང་ཐོན་ལས་ཀྱི་ཤེས་ལྡན་མི་སྣའི་འཆར་གཞི་ཚུད) ཞིང་ལས་ཐོན་ཁུངས་དང་ཁོར་ཡུག ཞིང་ལས་རིག་པ། རྩི་ཤིང་སྲུང་སྐྱོང་།

2_23 སྐྱེད་ཚལ་སློབ་གླིང་། 

ནགས་ཚལ(སློབ་གསོ་པུའི་ཕུལ་བྱུང་ཞིང་ནགས་ཤེས་ལྡན་པའི་འཆར་གཞི)དང་། ལྡུམ་རའི་ལག་རྩལ(སློབ་གསོ་པུའི་ཕུལ་བྱུང་ཞིང་ནགས་ཤེས་ལྡན་པའི་འཆར་གཞི)མཛེས་ལྗོངས་སྐྱེད་ཚལ། སྐྱེད་ཚལ་དང་། ཇ་རིག་པ། ལྡུམ་རའི་ལག་རྩལ་བཅས་ཚུད་ཡོད།

2_24 སྲོག་ཆགས་ཚན་རིག་སློབ་གླིང་།

ཚན་རིག་དང་སྲོག་ཆགས་ཀྱི་གསོ་རིག

2_25 གསོ་རིག་སློབ་གླིང་།

དངོས་ལུགས་རིག་པ། ནད་སྐྱོང་རིག་པ། ཀྲུང་ཕྱིའི་མཉམ་འབྲེལ་སློབ་གཉེར། ནད་ཐོག་གསོ་རིག (སློབ་གསོ་པུའུ་ཡི་ཕུལ་བྱུང་སྨན་པའི་འཆར་གཞི་འདུས)གསོ་རིག་བརྙན་པར་ལག་རྩལ། གསོ་རིག་ཞིབ་བཤེར་ལག་རྩལ། ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་གི་ནད་ཐོག་གསོ་རིག 

3 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2020ལོའི་ཟླ་དང་པོའི་བར་སློབ་གྲྭར་ད་ལྟ་དགེ་རྒན་དང་ལས་བཟོ་བ3124ཡོད་པ་དང་། ཆེད་བསྐོས་དགེ་རྒན2247ཡོད་པ་དང་ཕྱི་ནས་གདན་ཞུས་དགེ་རྒན533ཡོད། ཆེད་བསྐོས་དགེ་རྒན་ཁྲོད་དགེ་རྒན་ཆེ་མོ303དང་དགེ་རྒན་ཆེ་མོ་གཞོན་པ800ཡོད་པ་དང་། འབུམ་རམས་པ་དང་རབ་འབྱམས་པའི་བསླབ་གནས་ཡོད་པའི་དགེ་རྒན1877ཡོད་པའི་ནང་འབུམ་རམས་པའི་བསླབ་གནས་ཡོད་པའི་དགེ་རྒན786ཡོད། ད་ལྟ་རྒྱལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན་དང་ཧུའུ་པེ་ཡི་གྲགས་ཅན་དགེ་རྒན8ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཞིང་ཆེན་སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་ཐོབ་པའི་རིགས་གཅིག་མཁས་ཅན53ཡོད་པ་དང་ཧུའུ་པེ་ཞིང་ཆེན་དུ་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་རིགས་གཅིག་མཁས་ཅན19ཡོད། ཧུའུ་པེ་ཞིང་ཆེན་གྱི་དུས་རབས་གསར་པའི་མཐོ་རིམ་ཤེས་ལྡན་མི་སྣའི་ལས་གྲྭའི་རིམ་པ་དང་པོ་དང་གཉིས་པའི་འོས་མི22དང་། ཧུའུ་པེ་ཞིང་ཆེན་གྱི་རིག་ཚན་སྣེ་ཁྲིད་པ་དང་རིག་གཞུང་རྐང་འཛིན་པ31ཡོད། ད་ལྟ་འབུམ་རམས་པའི་སློབ་དཔོན102ཡོད། འབུམ་རམས་པའི་སློབ་དཔོན63 ཞོར་འགན་རབ་འབྱམས་པའི་སློབ་དཔོན439ཡོད།

4 སློབ་ཁྲིད་འཛུགས་སྐྲུན།

སྤྱི་ལོ2016ལོའི་ཟླ་དང་པོའི་བར་ཁྲང་ཅང་ཆེན་ལ་རྒྱལ་ཁབ་རིམ་པའི་ཁྱད་ལྡན་ཆེད་ལས6ཡོད་པ་རེད། ཧུའུ་པེ་ཞིང་ཆེན་གྱི་སྤུས་རྟགས་ཆེད་ལས11དང་རྒྱལ་ཁབ་རིམ་པའི་ཆེད་ལས་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟའི་རྣམ་གྲངས1བཅས་ཡོད། ཞིང་ཆེན་རིམ་པའི་ཆེད་ལས་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟའི་རྣམ་གྲངས6དང་ཧུའུ་པེ་ཞིང་ཆེན་གྱི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་འཆར་གཞི9ཡོད། རྒྱལ་ཁབ་རིམ་པའི་སྤུས་ལེགས་ཐོན་ཁུངས་མཉམ་སྤྱོད་སློབ་ཚན3དང་རྒྱལ་ཁབ་རིམ་པའི་སྤུས་ལེགས་བརྙན་ལམ་ཡོངས་བསྒྲགས་སློབ་ཚན2ཡོད། ཞིང་ཆེན་རིམ་པའི་སྤུས་ལེགས་སློབ་ཚན24དང་ཞིང་ཆེན་རིམ་པའི་སྤུས་ལེགས་ཐོན་ཁུངས་མཉམ་སྤྱོད་སློབ་ཚན10 ཞིང་ཆེན་རིམ་པའི་སྤུས་ལེགས་བརྙན་འཕྲིན་ཡོངས་བསྒྲགས་སློབ་ཚན3བཅས་ཚུད་ཡོད། རྒྱལ་ཁབ་རིམ་པའི་ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས1དང་ཞིང་ཆེན་རིམ་པའི་ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས9ཡོད། སྤྱི་ལོ2013ལོར་ཧུའུ་པེ་ཞིང་ཆེན་གྱི་ཞིང་ཆེན་སྐབས་བདུན་པའི་མཐོ་རིམ་སློབ་གསོའི་སློབ་ཁྲིད་གྲུབ་འབྲས་བྱ་དགའི་ནང་། ཁྲང་ཅང་སློབ་ཆེན་ལ་གྲུབ་འབྲས14ཐོབ་པའི་ནང་བྱ་དགའ་རིམ་པ་དང་པོ5དང་། བྱ་དགའ་གཉིས་པ5 བྱ་དགའ་གསུམ་པ4བཅས་ཐོབ། སྤྱི་ལོ2014ལོར་ཁྲང་ཅང་སློབ་ཆེན་གྱི་ཀྲང་ཁྲང་མིང་དང་། ཝུའུ་ཧྲུའུ་ཅོན། པའེ་ཙུང་ཤིན་སོགས་བློ་མཐུན་གྱིས་ལེགས་སྒྲུབ་བྱས་པའི《ཐོན་སློབ་ཞིབ་གསུམ་མཉམ་ལས་ཀྱིས་ཤེས་ལྡན་མི་སྣ་གསོ་སྐྱོང་གི་སྤུས་ཚད་མཐོ་རུ་གཏོང་བའི་རིགས་པའི་གཞུང་ལུགས་དང་ལག་ལེན་ཞིབ་འཇུག》ལ་རྒྱལ་ཁབ་རིམ་པའི་སློབ་ཁྲིད་གྲུབ་འབྲས་ཀྱི་བྱ་དགའ་རིམ་པ་གཉིས་པ་ཐོབ། 

5 རིག་ཚན་འཛུགས་སྐྲུན། 

སྤྱི་ལོ2020ལོའི་ཟླ་དང་པོའི་བར་ད་ཆ་སློབ་གྲྭར་རྡོ་སྣུམ་རང་བྱུང་སོལ་རླངས་དང་ལྗང་མདོག་ཞིང་ལས་ཧུའུ་པེ་ཞིང་ཆེན་གྱི་ལེགས་ཆའི་ཁྱད་ལྡན་རིག་ཚན་ཚོགས་པ2དང་རྒྱལ་ཁབ་རིམ་པའི་དངོས་གཞིའི་ཚན་ཁག་གི་ཆེད་ལས་རྩེ་གྲ4ཡོད། “ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”ཞིང་ཆེན་རིམ་པའི་གཙོ་གནད་རིག་གཞུང་དང་གཙོ་གནད(གསོ་སྐྱོང)རིག་གཞུང་ཚན་ཁག16ཡོད་ལ། དེའི་ནང་ལེགས་ཆ་ལྡན་པའི་རིག་ཚན2དང་ཁྱད་ལྡན་རིག་ཚན6གཙོ་གནད(གསོ་སྤེལ)རིག་ཚན8བཅས་ཡོད། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་དང་པུའུ་རིམ་པའི་གཙོ་གནད་ཚོད་ལྟ་ཁང་དང་བཟོ་སྐྲུན་ལག་རྩལ་ཞིབ་འཇུག་ལྟེ་གནས47 རྒྱལ་ཁབ་རིམ་པ་དང་ཞིང་ཆེན་དང་པུའུ་རིམ་པའི་ཚོད་ལྟའི་དཔེ་སྟོན་ལྟེ་གནས17དང་ཧུའུ་པེ་ཞིང་ཆེན་གྱི་གཙོ་གནད་ཚོད་ལྟ་ཁང2 ཞིང་ཆེན་རིམ་པའི་སྤྱི་ལོ2011ལོའི་མཐུན་སྦྱོར་གསར་གཏོད་ལྟེ་གནས5 ཧུའུ་པེ་ཞིང་ཆེན་གྱི་ཐུན་མོང་རང་བཞིན་གྱི་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་ཁྱབ་གདལ་ལྟེ་གནས2 ཞིང་ཆེན་རིམ་ཚན་རིག་ཞིབ་འཇུག་རྟེན་གཞི5 ཧུའུ་པེ་ཞིང་ཆེན་གྱི་ལས་གྲྭ(ལག་རྩལ)8 ཞིང་ཆེན་རིམ་པའི་སློབ་གྲྭ་དང་ཁེ་ལས་མཉམ་སྐྲུན་དང་ཞིབ་འཇུག་གསར་སྤེལ་ལྟེ་གནས6 ཀྲུང་གོ་རྡོ་སྣུམ་ཚོགས་པ་ཀུང་སིའི་གཙོ་གནད་ཚོད་ལྟ་ཁང8 ཧུའུ་པེ་ཞིང་ཆེན་གྱི་ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས9 རྒྱལ་ཁབ་རིམ་པའི་སློབ་ཆེན་སློབ་མའི་སློབ་ཕྱིའི་ལག་ལེན་སློབ་གསོའི་རྟེན་གཞི1 ཧུའུ་པེ་ཞིང་ཆེན་གྱི་རྟོག་བཀོད་འདྲ་བཟོའི་ཚོད་ལྟའི་སློབ་ཁྲིད་ལྟེ་གནས2དང་ཧུའུ་པེ་ཞིང་ཆེན་གྱི་དངོས་སྦྱོང་རྟེན་གཞི4ཡོད། 

6 མཉམ་འབྲེལ་སྤེལ་རེས།

སྤྱི་ལོ2016ལོའི་ཟླ་དང་པོའི་བར་ཁྲང་ཅང་སློབ་ཆེན་གྱིས་ཀྲུང་གོའི་རྒྱལ་ནང་གི་རྡོ་སྣུམ་ཁེ་ལས40དང་རྫོང་རིམ་པ་ཡན་གྱི་སྲིད་གཞུང་དང་ས་གནས་ཁེ་ལས82ལ་སློབ་གྲྭ་དང་ཁེ་ལས(ས་ཁུལ)མཉམ་ལས་ཀྱི་འབྲེལ་བ་བཙུགས་པ་དང་། སློབ་གྲྭས་སྔ་རྗེས་སུ་ཨ་རི་དང་། དབྱིན་ཇི། ཨིར་ལན། ཧན་གོརི་པིན། ཨུ་རུ་སུ། ཨོ་སི་ཁྲུ་ལི་ཡ། ཐའེ་དབན་སོགས་རྒྱལ་ཁབ་དང་ས་ཁུལ40ཙམ་གྱི་སློབ་གླིང་དང་སློབ་གྲྭའི་སྒྲིག་གཞི་དང་གཞོགས་འདེགས་ཀྱི་འབྲེལ་བ་བཙུགས། མཉམ་འབྲེལ་སྤེལ་རེས་དང་རིགས་གཅིག་མཁས་ཅན་དང་མཁས་དབང་ཕན་ཚུན་འཚམས་འདྲི་བྱེད་པ། ཨ་རི་དང་། དབྱིན་ཇི། ཧན་གོ རི་པིན། མ་ལེ་ཞི་ཡ། ཨུ་རུ་སུ་སོགས་རྒྱལ་ཁབ་ཁག་ལ་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་སློབ་མ་འདེམས་གཏོང་བྱས་ཤིང་དེ་དང་ཆབས་ཅིག་ཨ་རི་དང་། ཁ་ན་ཏ། ཧན་གོ ཝེ་ཐེ་ནམ། ཕ་ཁི་སི་ཐན། ཅོར་ཏན། ནེ་པ་ལ་སོགས་རྒྱལ་ཁབ26ནས་སློབ་མ་བསྡུས།

7 ཞིབ་འཇུག་གི་གྲུབ་འབྲས།

སྤྱི་ལོ2016ལོའི་ཟླ་དང་པོར་སློབ་གྲྭའི་གཞུང་ཕྱོགས་དྲ་བའི་ཆ་འཕྲིན་ལས་མངོན་པར་གཞིགས་ན། ཉེ་བའི་ལོ་གསུམ་རིང་ཁྲང་ཅང་སློབ་ཆེན་གྱིས་རིམ་པ་ཁག་དང་རིགས་ཁག་གི་ཚན་ཞིབ་རྣམ་གྲངས2235འགན་འཁུར་བའི་ནང་། རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩ136དང་། སྤྱི་ཚོགས་ཚན་རིག་ཐེབས་རྩའི་རྣམ་གྲངས11དང་རྒྱལ་ཁབ་ཀྱི“973”འཆར་གཞི། རྒྱལ་ཁབ་ཀྱི་ཚན་རྩལ་འདེགས་སྐྱོར་འཆར་གཞི། རྒྱལ་ཁབ་ཀྱི་ཚན་རྩལ་ཆེད་དམིགས་རྣམ་གྲངས་གལ་ཆེན། རྒྱལ་ཁབ་ཀྱི་སྤྱི་ཕན་རང་བཞིན་ལས་རིགས་ཀྱི་ཚན་རིག་ཞིབ་འཇུག་ཆེད་དམིགས་རྣམ་གྲངས་སོགས་རྒྱལ་ཁབ་རིམ་པའི་རྣམ་གྲངས97དང་། རྒྱལ་ཁབ་དང་ཞིང་ཆེན་དང་པུའུ་རིམ་པའི་ཚན་ཞིབ་གྲུབ་འབྲས་བྱ་དགའ66ཐོབ་པའི་ནང་རྒྱལ་ཁབ་ཀྱི་ལག་རྩལ་གསར་གཏོད་བྱ་དགའ1དང་། རིག་གཞུང་ཆེད་རྩོམ203དཔེ་སྐྲུན་བྱས་ཤིང་དཔྱད་རྩོམ6805ལྷག་ཙམ་སྤེལ།

8 རིག་གཞུང་ཐོན་ཁུངས།

སྤྱི་ལོ2014ལོའི་བར་ཁྲང་ཅང་སློབ་ཆེན་དཔེ་མཛོད་ཁང་དུ་དཔེ་དེབ་སྣ་ཚོགས་ཁྲི321ཉར་ཚགས་བྱས་ཡོད་པ་དང་། དུས་ཡུན་རིང་པོར་ཀྲུང་ཕྱིའི་ཡིག་རིགས་ཀྱི་ཚགས་པར་དང་དུས་དེབ3060མངག་ཉོ་བྱས་ཡོད། གློག་རྡུལ་དཔེ་དེབ་རིགས་ཁྲི221དང་གློག་རྡུལ་དུས་དེབ་རིགས་ཁྲི2ལྷག་ཡོད། རིགས་མི་འདྲ་བའི་ཀྲུང་ཕྱིའི་སྐད་ཡིག་གི་ཚད་ལྡན་ཡིག་ཆའི་གཞི་གྲངས་མཛོད་དང་སྨྱན་མང་ཐོན་ཁུངས་ཀྱི་གཞི་གྲངས་མཛོད། ཕྱི་ཡིག་གི་ཚད་ལྡན་ཡིག་ཆ་བརྒྱུད་སྤྲོད་མ་ལག55ཉོས་ཡོད་ལ། དེའི་ནང་རྒྱ་ཡིག་ཚད་ལྡན་ཡིག་ཆའི་གཞི་གྲངས་མཛོད་ནང་གཙོ་བོCNKIཀྲུང་གོའི་ཤེས་རྟོགས་དྲ་བ་དང་། ཕྱོགས་མང་པོའི་གཞི་གྲངས་ཤེས་བྱའི་ཞབས་ཞུའི་ལས་སྟེགས། ཝེ་ཕུའུ་དུས་དེབ་ཐོན་ཁུངས་བསྡུ་སྒྲིལ་ཞབས་ཞུའི་ལས་སྟེགས། ཀྲུང་གོའི་གྲངས་འཛིན་དཔེ་མཛོད་ཁང་། Apabiགློག་རྡུལ་དཔེ་དེབ། སྐར་བརྒལ་གློག་རྡུལ་དཔེ་དེབ། རིག་གཞུང་འཚོལ་ཞིབ། ཀྲུང་གོའི་དཔལ་འབྱོར་ཆ་འཕྲིན་དྲ་བ་སོགས་ཡོད། སྨྱན་མང་གཟུགས་ཐོན་ཁུངས་གཞི་གྲངས་མཛོད་ནང་གཙོ་བོ་ཤར་ཕྱོགས་ཀྱི་སྨྱན་མང་གཟུགས་གསར་པའི་སློབ་སྦྱོང་མཛོད་དང་། དྲ་ཐོག་སྙན་ཞུ་ཐིང་། དྲ་བའི་ཡིག་རྒྱུགས་སོགས་ཡོད། 

9 རིག་གཞུང་དུས་དེབ། 

《ཁྲང་ཅང་སློབ་ཆེན་གྱི་རིག་གཞུང་ཚགས་པར》(སྤྱི་ཚོགས་ཚན་ཁག་གི་པར་གཞི)ནི་ཁྲང་ཅང་སློབ་ཆེན་གྱིས་གཙོ་གཉེར་བྱེད་བཞིན་ཡོད་ལ། སྤྱི་ཚོགས་ཚན་རིག་གི་སྤྱིའི་རྣམ་བཤད་རིགས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་རིག་གཞུང་དུས་དེབ་ཡིན་ཞིང་། དུས་དེབ་དེའི་ཐོག་གཙོ་བོ་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཁྱབ་ཁོངས་ཀྱི་ཚན་རིག་རང་བཞིན་དང་། གསར་གཏོད་རང་བཞིན། རྒྱང་ལྟའི་རང་བཞིན་བཅས་ལྡན་པའི་དཔྱད་རྩོམ་འགོད་བཞིན་ཡོད། 

དཔྱད་གཞིའི་ཡིག་ཆ།