ཝུའུ་ཧན་ཚན་རྩལ་སློབ་ཆེན།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2020-10-21 17:20ལ་འགྲུབ།

ཝུའུ་ཧན་ཚན་རྩལ་སློབ་ཆེན།

ཝུའུ་ཧན་ཚན་རྩལ་སློབ་ཆེན།
ཝུའུ་ཧན་ཚན་རྩལ་སློབ་ཆེན་ནི་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་གནས་ཤིང་། ཧུའུ་པེ་ཞིང་ཆེན་གྱི“རྩེ་གྲ་གཉིས”ཀྱི་འཛུགས་སྐྲུན་ཅན་གྱི་མཐོ་རིམ་སློབ་གྲྭ་དང་རྒྱལ་ཁབ་རིམ་པའི་སློབ་ཆེན་སློབ་མའི་གསར་བསྐྲུན་ལས་གཏོད་སྦྱོང་བརྡར་འཆར་གཞི་སོགས་ཀྱི་རྣམ་གྲངས་ནང་ཚུད་ཅིང་། སྤྱི་ལོ2020ལོའི་ཟླ5པའི་བར་སློབ་གྲྭའི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི171.43ཡོད། སློབ་གྲྭའི་ཉལ་ཁང་གི་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི123.63ཟིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
武汉科技大学
འབུམ་རམས་པའི་ཐོབ་ཐང་སྤྲོད་གནས།
རིམ་པ་དང་པོའི་རིག་གཞུང་བསླབ་གནས་རིག་ཚན8 རིམ་པ་གཉིས་པའི་རིག་གཞུང་བསླབ་གནས་རིག་ཚན38
དབྱིན་ཡིག་གི་མིང་།
Wuhan University of Science and Technology
འབུམ་རམས་ཕྱི་ཚར།
ཞིབ་འཇུག་འཁོར་སྐྱོད་ས་ཚིགས8ཡོད།
བཙུགས་ལོ།
སྤྱི་ལོ1898ལོར།
རིགས་དབྱེ།
རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སྐོར།
སློབ་གླིང་དང་སྡེ་ཁག་གཙོ་བོ།
རྒྱུ་ཆ་དང་ལྕགས་བཞུ་སློབ་གླིང་། འཕྲུལ་ཆས་རང་འགུལ་ཅན་གྱི་སློབ་གླིང་དང་གསོ་རིག་སློབ་གླིང་སོགས།
གཙོ་གཉེར་སྡེ་ཁག
ཧུའུ་པེ་ཞིང་ཆེན།
སློབ་བཙུགས་ཉིན་མོ།
ཟླ11པའི་ཚེས21ཉིན།
ད་ལྟའི་འགོ་ཁྲིད།
ཏང་ཨུའི་ཧྲུའུ་ཅི། ཁུང་ཅན་དབྱི། སློབ་གཙོ། ཉི་ཧུང་ཝེ།
དངོས་གཞིའི་ཆེད་ལས།
76
སློབ་གྲྭའི་ཚབ་ཨང་།
10488
རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས།
རིམ་པ་དང་པོའི་རིག་གཞུང་བསླབ་གནས་རིག་ཚན33 རིམ་པ་གཉིས་པའི་རིག་གཞུང་བསླབ་གནས་རིག་ཚན171
དཀར་ཆག
1   ལོ་རྒྱུས་འཕེལ་རིམ།
2   སློབ་གླིང་དང་སྡེ་ཁག་གི་ཆེད་ལས། 
2.1 རྒྱུ་ཆ་དང་ལྕགས་བཞུ་སློབ་གླིང་། 
2.2 གྲོང་ཁྱེར་འཛུགས་སྐྲུན་སློབ་གླིང་། 
2.3 ཧེང་ཏ་དོ་དམ་སློབ་གླིང་།
2.4 རྫས་འགྱུར་བཟོ་ལས་སློབ་གླིང་།
2.5 འཕྲུལ་ཆས་རང་འགུལ་ཅན་སློབ་གླིང་། 
2.6 རྩིས་འཁོར་ཚན་རིག་དང་ལག་རྩལ་སློབ་གླིང་། 
2.7 རང་བྱུང་རིག་པའི་སློབ་གླིང་། 
2.8 རླངས་འཁོར་དང་འགྲིམ་འགྲུལ་བཟོ་སྐྲུན་སློབ་གླིང་། 
2.9 ཕྱི་སྐད་སློབ་གླིང་། 
2.10 བརྡ་སྤྲོད་དང་དཔལ་འབྱོར་སློབ་གླིང་། 
2.11 ཆ་འཕྲིན་ཚན་རིག་དང་བཟོ་སྐྲུན་སློབ་གླིང་།
2.12 གསོ་རིག་སློབ་གླིང་།
2.13 སྒྱུ་རྩལ་དང་ཇུས་འགོད་སློབ་གླིང་། 
2.14 ཐོན་ཁུངས་དང་ཁོར་ཡུག་བཟོ་སྐྲུན་སློབ་གླིང་། 
2.15 ཚེ་སྲོག་ཚན་རིག་དང་བདེ་ཐང་སློབ་གླིང་། 
3   རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས།
4   དགེ་རྒན་གྱི་དཔུང་སྡེ། 
5   སློབ་ཁྲིད་འཛུགས་སྐྲུན།
6   རིག་གཞུང་ཞིབ་འཇུག
7   ཞིབ་འཇུག་གི་གྲུབ་འབྲས།
8   རིག་གཞུང་ཐོན་ཁུངས།
9   རིག་གཞུང་དུས་དེབ།
1 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1898ལོར་ཧུའུ་པེའི་བཟོ་རྩལ་སློབ་གྲྭ་བཙུགས། 

སྤྱི་ལོ1907ལོར་ཧུའུ་པེ་འབྲིང་རིམ་བཟོ་ལས་སློབ་གྲྭ་ཞེས་པར་མིང་བསྒྱུར། 

སྤྱི་ལོ1913ལོར་ཧུའུ་པེ་ཞིང་ཆེན་གྱི་བཟོ་ལས་སློབ་གྲྭར་མིང་བསྒྱུར། 

སྤྱི་ལོ1922ལོར་ཧུའུ་པེ་ཞིང་ཆེན་མཐོ་རིམ་བཟོ་ལས་ཚན་ཁག་སློབ་འབྲིང་ཞེས་པར་མིང་བསྒྱུར། 

སྤྱི་ལོ1927ལོར་ཧུའུ་པེ་ཞིང་ཆེན་སློབ་འབྲིང་གཉིས་པ་དང་། ཧུའུ་པེ་ཞིང་ཆེན་སློབ་འབྲིང་གསུམ་པ་ཞེས་པར་མིང་བསྒྱུར། 

སྤྱི་ལོ1935ལོར་ཧན་དབྱང་མཐོ་རིམ་བཟོ་ལས་ལས་རིགས་སློབ་གྲྭར་མིང་བསྒྱུར། 

སྤྱི་ལོ1949ལོར་ཝུའུ་ཁྲང་མཐོ་རིམ་བཟོ་ལས་སློབ་གྲྭར་མིང་བསྒྱུར། 

སྤྱི་ལོ1953ལོར་ཀྲུང་ནན་ངར་ལྕགས་བཟོ་ལས་སློབ་གྲྭར་མིང་བསྒྱུར། 

སྤྱི་ལོ1954ལོར་ཝུའུ་ཁྲང་ངར་ལྕགས་བཟོ་ལས་སློབ་གྲྭར་མིང་བསྒྱུར། 

སྤྱི་ལོ1958ལོར་ཝུའུ་ཧན་ངར་ལྕགས་སློབ་གླིང་དུ་སྒྲིག་འཛུགས་བྱས། 

སྤྱི་ལོ1954ལོར་ཝུའུ་ཁྲང་ཨར་ལས་བཟོ་ལས་སློབ་གྲྭ་བཙུགས། 

སྤྱི་ལོ1958ལོར་ཧུའུ་པེ་ལྕགས་བཞུ་བཟོ་ལས་ཆེད་སྦྱོང་སློབ་གྲྭར་མིང་བསྒྱུར། 

སྤྱི་ལོ1963ལོར་ཝུའུ་ཧན་ངར་ལྕགས་སློབ་གྲྭར་མིང་བསྒྱུར།

སྤྱི་ལོ1979ལོར་བཅིངས་འགྲོལ་དམག་གི་རྨང་གཞིའི་འཛུགས་སྐྲུན་བཟོ་སྐྲུན་དམག་གི་ལག་རྩལ་སློབ་གྲྭ་གཉིས་པར་མིང་བསྒྱུར། 

སྤྱི་ལོ1983ལོར་ཝུའུ་ཧན་ལྕགས་བཞུའི་ཆེད་ལས་སློབ་གྲྭར་མིང་བསྒྱུར། 

སྤྱི་ལོ1993ལོར་ཝུའུ་ཧན་བཟོ་སྐྲུན་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་ཞེས་པར་མིང་བསྒྱུར། 

སྤྱི་ལོ1960ལོར་ཝུའུ་ཀང་གསོ་རིག་སློབ་གླིང་བཙུགས། 

སྤྱི་ལོ1963ལོར་ཝུའུ་ཧན་ལྕགས་བཞུ་འཕྲོད་བསྟེན་སློབ་གྲྭར་མིང་བསྒྱུར། 

སྤྱི་ལོ1965ལོར་ཝུའུ་ཧན་ལྕགས་བཞུ་གསོ་རིག་ཆེད་སྦྱོང་སློབ་གྲྭར་མིང་བསྒྱུར། 

སྤྱི་ལོ1993ལོར་ཝུའུ་ཧན་ལྕགས་བཞུ་གསོ་རིག་མཐོ་རིམ་ཆེད་སྦྱོང་སློབ་གྲྭར་མིང་བསྒྱུར། 

2 སློབ་གླིང་དང་སྡེ་ཁག་གི་ཆེད་ལས། 

སྤྱི་ལོ2019ལོའི་ཟླ10པའི་བར་ཝུའུ་ཧན་ཚན་རྩལ་སློབ་ཆེན་དུ་རིམ་པ་གཉིས་པའི་སློབ་གླིང20བཙུགས་པ་དང་དངོས་གཞིའི་ཚན་ཁག་གི་ཆེད་ལས76བཙུགས། ཐད་གཏོགས་ཞོར་གཏོགས་སྨན་ཁང2དང་ཐད་གཏོགས་མིན་པའི་སྨན་ཁང7བཙུགས་ཡོད། 

2_1 རྒྱུ་ཆ་དང་ལྕགས་བཞུ་སློབ་གླིང་། 

དབྱིབས་གྲུབ་དང་ཚོད་འཛིན་ལས་གྲྭ། རྒྱུ་ཆ་རྫས་འགྱུར་དང་ལྕགས་བཞུའི་ལས་གྲྭ། ལྕགས་རིགས་རྒྱུ་ཆའི་ལས་གྲྭ། སྐྱེ་མེད་ལྕགས་རིགས་མིན་པའི་རྒྱུ་ཆའི་ལས་གྲྭ། ནུས་ཁུངས་དང་སྒུལ་ཤུགས་ལས་གྲྭ། 

2_2 གྲོང་ཁྱེར་འཛུགས་སྐྲུན་སློབ་གླིང་། 

ཤིང་ལས་བཟོ་སྐྲུན་དང་། ཨར་ལས་ཁོར་ཡུག་དང་ནུས་ཁུངས་བེད་སྤྱོད་ལས་གྲྭ། མཁོ་སྤྲོད་དང་ཆུ་འབུད་ཚན་རིག་དང་ལས་གྲྭ། ཨར་ལས་རིག་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད། 

2_3 ཧེང་ཏ་དོ་དམ་སློབ་གླིང་།

ཚོང་རའི་ཚོང་གཉེར། རྩིས་གཉེར་རིག་པ། ནོར་དོན་དོ་དམ། མི་ཤུགས་ཐོན་ཁུངས་དོ་དམ། ཆ་འཕྲིན་དོ་དམ་དང་ཆ་འཕྲིན་མ་ལག ལས་གྲྭའི་དོ་དམ། གློག་རྡུལ་ཚོང་དོན། དངོས་ཟོག་སྐྱེལ་འདྲེན་དོ་དམ།

2_4 རྫས་འགྱུར་བཟོ་ལས་སློབ་གླིང་།

ཉེར་སྤྱོད་རྫས་འགྱུར་དང་། རྫས་འགྱུར་བཟོ་སྐྲུན། བཟོ་རྩལ། སྐྱེ་དངོས་ཀྱི་ལས་གྲྭ།

2_5 འཕྲུལ་ཆས་རང་འགུལ་ཅན་སློབ་གླིང་། 

འཕྲུལ་ཆས་བཟོ་སྐྲུན་དང་། འཕྲུལ་ཆས་གློག་རྡུལ་ལས་གྲྭ། བཟོ་ལས་ལས་གྲྭ། ཚད་ལེན་ཚོད་འཛིན་ལག་རྩལ་དང་དཔྱད་ཆས། 

2_6 རྩིས་འཁོར་ཚན་རིག་དང་ལག་རྩལ་སློབ་གླིང་། 

རྩིས་འཁོར་ཚན་རིག་དང་ལག་རྩལ། མཉེན་ཆས་ལས་གྲྭ། དྲ་རྒྱའི་ལས་གྲྭ། ཆ་འཕྲིན་གྱི་བདེ་འཇགས། 

2_7 རང་བྱུང་རིག་པའི་སློབ་གླིང་། 

ཆ་འཕྲིན་དང་རྩིས་རྒྱག་ཚན་རིག་དང་། བསྡོམས་རྩིས་རིག་པ། རྒྱུ་ཆའི་དངོས་ལུགས། བཟོ་སྐྲུན་རིག་པ། 

2_8 རླངས་འཁོར་དང་འགྲིམ་འགྲུལ་བཟོ་སྐྲུན་སློབ་གླིང་། 

རླངས་འཁོར་ལས་གྲྭ། རླངས་འཁོར་ཞབས་ཞུའི་ལས་གྲྭ། འགྲིམ་འགྲུལ་སྐྱེལ་འདྲེན། འགྲིམ་འགྲུལ་ལས་གྲྭ། ཟོག་འདྲེན་ལས་གྲྭ།

2_9 ཕྱི་སྐད་སློབ་གླིང་། 

དབྱིན་ཡིག འཇར་མན་གྱི་སྐད། ལོ་ཙཱ།

2_10 བརྡ་སྤྲོད་དང་དཔལ་འབྱོར་སློབ་གླིང་། 

སྲིད་འཛིན་དོ་དམ། ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་། ཁྲིམས་ལུགས་རིག་པ། སྤྱི་ཚོགས་ལས་དོན། རྒྱལ་སྤྱིའི་དཔལ་འབྱོར་དང་ཉོ་ཚོང་། མ་འཇོག་རིག་པ།

2_11 ཆ་འཕྲིན་ཚན་རིག་དང་བཟོ་སྐྲུན་སློབ་གླིང་།

རླངས་སྒུལ་བཟོ་སྐྲུན་དང་དེའི་རང་འགུལ་ཅན། གློག་རྡུལ་ཆ་འཕྲིན་ལས་གྲྭ། འཕྲིན་གཏོང་ལས་གྲྭ། གློག་རྡུལ་ཚན་རིག་དང་ལག་རྩལ། འཕྲུལ་མིའི་བཟོ་སྐྲུན།

2_12 གསོ་རིག་སློབ་གླིང་།

ནད་ཐོག་གསོ་རིག སྔོན་འགོག་གསོ་རིག ནད་སྐྱོང་རིག་པ། སྨན་རྫས་རིག་པ། འཕྲོད་བསྟེན་ཞིབ་བཤེར་དང་རིམས་ནད་བརྟག་དཔྱད། 

2_13 སྒྱུ་རྩལ་དང་ཇུས་འགོད་སློབ་གླིང་། 

བཟོ་ལས་ཇུས་འགོད་དང་། ཐོན་རྫས་ཇུས་འགོད། ཁོར་ཡུག་ཇུས་འགོད། མཐོང་རིས་བརྒྱུད་བསྒྲགས་ཇུས་འགོད། སྤྱི་པའི་སྒྱུ་རྩལ། 

2_14 ཐོན་ཁུངས་དང་ཁོར་ཡུག་བཟོ་སྐྲུན་སློབ་གླིང་། 

གཏེར་རྫས་ལས་སྣོན་ལས་གྲྭ། གཏེར་འདོན་ལས་གྲྭ། བདེ་འཇགས་ལས་གྲྭ། ཁོར་ཡུག་ལས་གྲྭ། ས་ཁམས་ཆ་འཕྲིན་ཚན་རིག

2_15 ཚེ་སྲོག་ཚན་རིག་དང་བདེ་ཐང་སློབ་གླིང་། 

སྐྱེ་དངོས་ལག་རྩལ།

3 རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས།

མཚན་ཉིད་རིག་པ་དང་ཉེར་སྤྱོད་དཔལ་འབྱོར་རིག་པ། མར་ཁེ་སིའི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས། ཕྱི་སྐད་ཡིག་རྩོམ་རིག རྩིས་རིག་པ། རྫས་འགྱུར་རིག་པ། སྐྱེ་དངོས་རིག་པ། མ་ལག་ཚན་རིག བསྡོམས་རྩིས་རིག་པ། འཕྲུལ་ཆས་བཟོ་སྐྲུན། དཔྱད་ཆས་ཚན་རིག་དང་ལག་རྩལ། རྒྱུ་ཆའི་ཚན་རིག ལྕགས་བཞུའི་ལས་གྲྭ། གློག་ཤུགས་བཟོ་སྐྲུན། ཆ་འཕྲིན་དང་འཕྲིན་གཏོང་ལས་གཞི། རྩིས་འཁོར་ཚན་རིག་དང་ལག་རྩལ། ཨར་ལས་བཟོ་སྐྲུན། འགྲིམ་འགྲུལ་སྐྱེལ་འདྲེན་ལས་གྲྭ། ཁོར་ཡུག་ཚན་རིག་དང་བཟོ་སྐྲུན། མཉེན་ཆས་ལས་གྲྭ། བདེ་འཇགས་ཚན་རིག་དང་བཟོ་སྐྲུན། རྨང་གཞིའི་གསོ་རིག་སོགས་ཡོད། 

4 དགེ་རྒན་གྱི་དཔུང་སྡེ། 

སྤྱི་ལོ2019ལོའི་ཟླ10པའི་བར་ཝུའུ་ཧན་ཚན་རྩལ་སློབ་ཆེན་དུ་དགེ་རྒན་དང་ལས་བཟོ་བ2600ལྷག་ཙམ་ཡོད་པའི་ནང་ཆེད་བསྐོས་དགེ་རྒན1600ལྷག་ཙམ་ཡོད་པ་དང་། གདན་འདྲེན་ཞུས་པའི་ཡོན་ཧྲི5 ཨུ་རུ་སུའི་བཟོ་སྐྲུན་ཁང་གི་རྒྱལ་ཁོངས་ཕྱི་རྒྱལ་ནས་ཡིན་པའི་ཡོན་ཧྲི1དང“རྒྱལ་ཁབ་ཀྱི་ཕུལ་བྱུང་གཞོན་ནུའི་ཚན་རིག་ཐེབས་རྩ”ཐོབ་མཁན2ཡོད། རྒྱལ་ཁབ་རིམ་པའི་སློབ་ཁྲིད་དགེ་རྒན1 རྒྱལ་ཡོངས་ཀྱི་དཔེ་བཟང་དགེ་རྒན2བཅས་ཡོད། རྒྱལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན5ཡོད་པ་དང་རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་ཧོང་ཏ་དགེ་རྒན་ཚོགས་པ1ཡོད། རྒྱལ་ཁབ་རིམ་པའི་སློབ་ཁྲིད་ཚོགས་པ3དང་སློབ་གསོ་པུའུ་ཆེད་ལས་སློབ་ཁྲིད་མཛུབ་ཁྲིད་ཨུ་ལྷན་གྱི་ཁོངས་མི3ཡོད་པ་དང་། རྒྱལ་ཁབ་དང་ཧུའུ་པེ་ཞིང་ཆེན་གྱི་དུས་རབས་གསར་པའི་ཤེས་ལྡན་པ་ཁྲི་སྟོང་བདམས་མཁན30ཡོད། ཧུའུ་པེ་ཞིང་ཆེན་གྱི“མི་བརྒྱའི་འཆར་གཞི”ལ་ཞུགས་མཁན་མི16ཡོད། “ཁྲུའུ་ཐེན་མཁས་དབང་གི་འཆར་གཞི”བདམས་ཐོན་པ181དང་ཧུའུ་པེ་ཞིང་ཆེན་གྱི་དགེ་རྒན་གྲགས་ཅན7ཡོད། ཧུའུ་པེའི་དགེ་རྒན་གྱི་ལས་དོན་ཁང4བཅས་ཡོད་ཅིང་པའོ་ཀང་སློབ་གསོའི་ཐེབས་རྩའི་ཕུལ་བྱུང་དགེ་རྒན33དང་། ཞིང་ཆེན་དང་པུའུ་རིམ་པའི་བྱས་རྗེས་མངོན་གསལ་བཞག་པའི་ན་གཞོན་རིགས་གཅིག་མཁས་པ28ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཧུའུ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་ལེན་མཁན་མི82ཡོད།

5 སློབ་ཁྲིད་འཛུགས་སྐྲུན།

སྤྱི་ལོ2019ལོའི་ཟླ12པའི་བར་ཝུའུ་ཧན་ཚན་རྩལ་སློབ་ཆེན་ལ་རྒྱལ་ཁབ་རིམ་པའི་ཁྱད་ལྡན་ཆེད་ལས7དང་རྒྱལ་ཁབ་རིམ་པའི་ཕུལ་བྱུང་འཆར་གཞིའི་ཆེད་ལས6ཡོད། རྒྱལ་ཁབ་རིམ་པའི་ཆེད་ལས་ཕྱོགས་བསྡུས་བསྒྱུར་བཅོས་ཚོད་ལྟ་བྱེད་གནས་ཀྱི་ཆེད་ལས1བཅས་ཡོད། རྒྱལ་ཁབ་རིམ་པའི་དངོས་གཞིའི་ཚན་ཁག་གི་ཆེད་ལས་རྩེ་གྲ12དང་ཞིང་ཆེན་རིམ་པའི་སྤུས་རྟགས་ཆེད་ལས11བཅས་ཡོད། ཞིང་ཆེན་རིམ་པའི་ཆེད་ལས་ཕྱོགས་བསྡུས་བསྒྱུར་བཅོས་ཚོད་ལྟ་བྱེད་གནས་ཀྱི་ཆེད་ལས7ཡོད། ཞིང་ཆེན་རིམ་པའི“ཅིང་ཁྲུའུ་ཡི་ཕུལ་བྱུང་ཤེས་ལྡན་མི་སྣ”མཉམ་སྡེབ་མི་སྐྱོང་འཆར་གཞིའི་ཆེད་ལས8དང་ཞིང་ཆེན་རིམ་པའི་འཐབ་ཇུས་རང་བཞིན་གྱི་ཐོན་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་འཆར་གཞིའི་ཆེད་ལས10བཅས་ཡོད། ཞིང་ཆེན་རིམ་པའི་དངོས་གཞིའི་ཚན་ཁག་གི་ཆེད་ལས་རྩེ་གྲ9འཛུགས་སྐྲུན་བྱ་རྒྱུ་དང་ཞིང་ཆེན་རིམ་པ་དང་དེ་ཡན་གྱི་སྤུས་ལེགས་སློབ་ཚན་མང་པོ་ཡོད།

6 རིག་གཞུང་ཞིབ་འཇུག

སྤྱི་ལོ2019ལོའི་ཟླ10པའི་བར་ཝུའུ་ཧན་ཚན་རྩལ་སློབ་ཆེན་དུ་རྒྱལ་ཁབ་རིམ་པའི་གཙོ་གནད་ཚོད་ལྟ་ཁང1དང་རྒྱལ་ཁབ་རིམ་པའི་ལས་གྲྭའི་ཞིབ་འཇུག་ལྟེ་གནས1ཡོད། རྒྱལ་ཁབ་རིམ་པའི་མཉམ་ལས་གསར་གཏོད་ལྟེ་གནས(མཉམ་འབྲེལ) སྣོད་བཅུད་ཁོར་ཡུག་པུའུ་གཙོ་གནད་ཚོད་ལྟ་ཁང1དང་སློབ་གསོ་པུའུ་གཙོ་གནད་ཚོད་ལྟ་ཁང2 སློབ་གསོ་པུའུ་འདུ་འགོད་ཞིབ་འཇུག་ལྟེ་གནས1བཅས་ཡོད། ཞིང་ཆེན་རིམ་པའི་གཙོ་གནད་ཚོད་ལྟ་ཁང8 ཞིང་ཆེན་རིམ་པའི་མི་ཆོས་དང་སྤྱི་ཚོགས་ཚན་རིག་གི་གཙོ་གནད་ཞིབ་འཇུག་རྟེན་གཞི3དང་ཞིང་ཆེན་རིམ་པའི་རིག་མཛོད་དཔེ་གསར1བཅས་ཡོད། ཞིང་ཆེན་རིམ་པའི་ལས་གྲྭ་ཞིབ་འཇུག་ལྟེ་གནས1 ཞིང་ཆེན་རིམ་པའི་བཟོ་སྐྲུན་ལག་རྩལ་ཞིབ་འཇུག་ལྟེ་གནས6དང་ཞིང་ཆེན་རིམ་པའི་ཚན་རྩལ་རྒྱལ་སྤྱིའི་མཉམ་ལས་རྟེན་གཞི3 ཧུའུ་པེ་ཞིང་ཆེན་གྱི་མཉམ་ལས་གསར་གཏོད་ལྟེ་གནས2དང་གྲོང་ཁྱེར་རིམ་པའི་ལས་གྲྭའི་ལག་རྩལ་ཞིབ་འཇུག་ལྟེ་གནས2བཅས་ཡོད།

7 ཞིབ་འཇུག་གི་གྲུབ་འབྲས།

སྤྱི་ལོ2019ལོའི་ཟླ10པའི་བར་ཝུའུ་ཧན་ཚན་རྩལ་སློབ་ཆེན་གྱིས“ལོ་ལྔའི་འཆར་གཞི་བཅུ་གསུམ་པ”ནས་བཟུང་རྒྱལ་ཁབ་ཀྱི“973”དང“863” རྒྱལ་ཁབ་ཚན་རྩལ་འདེགས་སྐྱོར་འཆར་གཞིའི་རྣམ་གྲངས། རྒྱལ་ཁབ་ཀྱི་གཙོ་གནད་ཞིབ་འཇུག་གསར་སྤེལ་འཆར་གཞིའི་རྣམ་གྲངས། རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩ། རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩ། ཀྲུང་དབྱང་དམག་ཨུད་སྒྲིག་ཆས་འཕེལ་རྒྱས་པུའུ་སྒྲིག་ཆས་གྲ་སྒྲིག་ཞིབ་འཇུག་ཁྱབ་ཁོངས་ཀྱི་ཐེབས་རྩ་སོགས་རྒྱལ་ཁབ་རིམ་པའི་རྣམ་གྲངས240ལྷག་ཙམ་གཙོ་སྐྱོང་དང་འགན་ཁུར་ཡོད་ལ། ཞིང་ཆེན་དང་པུའུ་རིམ་པ་དང་དེ་ཡན་གྱི་ཚན་རྩལ(སྤྱི་ཚོགས་ཚན་རིག)གྲུབ་འབྲས་བྱ་དགའ70ལྷག་ཐོབ། དགེ་རྒན་དང་ལས་བཟོ་པས་སྤེལ་བའི་རིག་གཞུང་དཔྱད་རྩོམSCIདང་EICPCI-Sསོགས་ཀྱིས་དཔྱད་འཚོལ་བྱས་པའི་རྩོམ་ཡིག2400ལྷག་ཙམ་བསྡུས་ཡོད། རྒྱལ་ཁབ་ཀྱི་ཚན་རྩལ་གྲུབ་འབྲས་བྱ་དགའ18ཡོད་ལ། དེའི་ནང་རྒྱལ་ཁབ་ཀྱི་ཚན་རྩལ་ཡར་ཐོན་གྱི་བྱ་དགའ་རིམ་པ་དང་པོ1དང་། བྱ་དགའ་རིམ་པ་གཉིས་པ12རྒྱ ལ་ཁབ་ཀྱི་ལག་རྩལ་གསར་གཏོད་ཀྱི་བྱ་དགའ་རིམ་པ་གཉིས་པ5བཅས་ཐོབ། 

8 རིག་གཞུང་ཐོན་ཁུངས།

སྤྱི་ལོ2019ལོའི་ཟླ10པའི་བར་ཝུའུ་ཧན་ཚན་རྩལ་སློབ་ཆེན་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་དཔེ་དེབ་ཁྲི259.83དང་གློག་རྡུལ་དཔེ་དེབ་ཁྲི350.64ཡོད། 

9 རིག་གཞུང་དུས་དེབ།

《ཝུའུ་ཧན་ཚན་རྩལ་སློབ་ཆེན་གྱི་རིག་གཞུང་དུས་དེབ》ནི་ཝུའུ་ཧན་ཚན་རྩལ་སློབ་ཆེན་གྱིས་གཙོ་གཉེར་བྱས་པའི་ཕྱོགས་བསྡུས་རང་བཞིན་གྱི་ཚན་རྩལ་དུས་དེབ་ཅིག་ཡིན་ལ། སྤྱི་ལོ1975ལོར་གསར་དུ་བཏོན་ཞིང་གཙོ་བོ་ལྕགས་བཞུ་བཟོ་སྐྲུན་དང་། ལྕགས་བཞུའི་རྒྱུ་ཆའི་ཚན་རིག ལྕགས་བཞུའི་འཕྲུལ་ཆས་བཟོ་སྐྲུན་དང་རང་འགུལ་ཅན་དང་། ཆ་འཕྲིན་ཚན་རིག་དང་ཚོད་འཛིན། རྫས་འགྱུར་བཟོ་སྐྲུན། རྩིས་འཁོར་ཚན་རིག ཨར་ལས་བཟོ་སྐྲུན། ཁོར་ཡུག་བཟོ་སྐྲུན། རྨང་གཞིའི་གཞུང་ལུགས་ཞིབ་འཇུག་སོགས་རིག་གཞུང་ཚན་ཁག་གི་རིག་གཞུང་དཔྱད་རྩོམ་བཀོད་ཡོད་ལ། རྒྱ་ཡིག་གི་ལྟེ་བའི་དུས་དེབ། RCCSEཀྲུང་གོའི་ལྟེ་བའི་དུས་དེབ། ཀྲུང་གོའི་ཚན་རྩལ་གྱི་ལྟེ་བའི་དུས་དེབ་བཅས་ཡིན། ཀྲུང་གོའི་ཚན་རྩལ་དཔྱད་རྩོམ་གྱི་བསྡོམས་རྩིས་ཁུངས་དེབ་ཀྱི་ཁོངས་སུ་བཅུག་པ་དང་། 《ཅན་ཆའོ་ཡི་ཚན་རིག་རྩོམ་ཡིག་གནད་བསྡུས》(CSA)དུས་དེབ་དང《ཀྲུང་གོའི་ལྟེ་བའི་དུས་དེབ(གདམ་གསལ)གྲངས་གཞིའི་མཛོད》ཀྱི་བསྡུ་ལེན་དུས་དེབ། ཀྲུང་གོའི་རིག་གཞུང་དུས་དེབ(འོད་སྡེར་པར་གཞི)《CAJ-CDཚད་གཞི》ལག་བསྟར་བྱེད་པའི་ཕུལ་བྱུང་དུས་དེབ། 《ཀྲུང་གོའི་དུས་དེབ་ཀྱི་རྩོམ་ཡིག་ཆ་ཚང་གི་གྲངས་གཞིའི་མཛོད(CJFD)》ཀྱི་རྩོམ་ཡིག་ཆ་ཚང་བསྡུ་ལེན་བྱས་པའི་དུས་དེབ། 《ཀྲུང་གོའི་རིག་གཞུང་དུས་དེབ་ཀྱི་ཕྱོགས་བསྡུས་གདེང་འཇོག་གཞི་གྲངས་མཛོད》བཅས་ཀྱི་རྩོམ་ཡིག་ཆ་ཚང་བསྡུ་ལེན་བྱས་པའི་དུས་དེབ་བཅས་ཡིན། 

《ཝུའུ་ཧན་ཚན་རྩལ་སློབ་ཆེན་གྱི་རིག་གཞུང་དུས་དེབ(སྤྱི་ཚོགས་ཚན་རིག་པར་གཞི)》ནི་ཝུའུ་ཧན་ཚན་རྩལ་སློབ་ཆེན་གྱིས་གཙོ་གཉེར་བྱས་པའི་སྤྱི་ཚོགས་ཚན་རིག་རིགས་ཀྱི་རིག་གཞུང་དུས་དེབ་ཡིན་ལ། སྤྱི་ལོ1999ལོར་གསར་དུ་བཏོན་ཞིང་གཙོ་བོ་མཚན་ཉིད་རིག་པ་དང་། ཆབ་སྲིད་རིག་པ། དཔལ་འབྱོར་རིག་པ། དོ་དམ་རིག་པ། ཁྲིམས་ལུགས་རིག་པ། སློབ་གསོ་རིག་པ། སྤྱི་ཚོགས་རིག་པ་སོགས་རིག་ཚན་གྱི་རིག་གཞུང་དཔྱད་རྩོམ་བཀོད་ཡོད་ཅིང་། ཀྲུང་གོའི་ཚན་རྩལ་དཔྱད་རྩོམ་གྱི་བསྡོམས་རྩིས་ཁུངས་དེབ་ཀྱི་ཁོངས་སུ་ཚུད་དེ《ཀྲུང་གོའི་ལྟེ་བའི་དུས་དེབ(གདམ་གསེས)གཞི་གྲངས་མཛོད》ཀྱི་དུས་དེབ་དང་ཀྲུང་གོའི་རིག་གཞུང་དུས་དེབ(འོད་སྡེར་པར་གཞི)《CAJ-CDཚད་གཞི》ལག་བསྟར་བྱེད་པའི་ཕུལ་བྱུང་དུས་དེབ་དང་། 《ཀྲུང་གོའི་དུས་དེབ་ཀྱི་རྩོམ་ཡིག་ཆ་ཚང་གི་གཞི་གྲངས་མཛོད(CJFD)》ཀྱི་རྩོམ་ཡིག་ཆ་ཚང་བསྡུས་པའི་དུས་དེབ། 《ཀྲུང་གོའི་རིག་གཞུང་དུས་དེབ་ཀྱི་ཕྱོགས་བསྡུས་གདེང་འཇོག་གཞི་གྲངས་མཛོད》ཀྱི་རྩོམ་ཡིག་ཆ་ཚང་བསྡུ་ལེན་བྱས་པའི་དུས་དེབ་བཅས་ཀྱི་རྩོམ་ཡིག་བསྡུ་ལེན་བྱེད་ཐུབ་པའི་དུས་དེབ་ཞིག་ཏུ་གྱུར་ཡོད།

དཔྱད་གཞིའི་ཡིག་ཆ།