ཧྭ་ཀྲུང་ཚན་རྩལ་སློབ་ཆེན།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2020-10-20 09:48ལ་འགྲུབ།

ཧྭ་ཀྲུང་ཚན་རྩལ་སློབ་ཆེན།

ཧྭ་ཀྲུང་ཚན་རྩལ་སློབ་ཆེན།
ཧྭ་ཀྲུང་ཚན་རྩལ་སློབ་ཆེན་ནི་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་གནས་ཤིང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སློབ་གསོ་པུའུ་ཡི་ཐད་གཏོགས་ཀྱི་ཕྱོགས་བསྡུས་རང་བཞིན་རྣམ་པའི་རྒྱལ་ཡོངས་ཀྱི་གཙོ་གནད་སློབ་ཆེན་ཞིག་ཡིན་ལ། 985ལས་གྲྭ་དང211ལས་གྲྭ་སོགས་ཀྱི་གྲས་སུ་ཚུད་ཅིང་། སྤྱི་ལོ2019ལོའི་ཟླ11པའི་བར་ཧྭ་ཀྲུང་ཚན་རྩལ་སློབ་ཆེན་གྱི་སློབ་གྲྭའི་རྒྱ་ཁྱོན་ལ་མུའུ7000ལྷག་ཙམ་ཡོད་པ་དང་། ཆེད་བསྐོས་དགེ་རྒན3400ལྷག་ཡོད་པའི་ནང་དགེ་རྒན་ཆེན་མོ1200ལྷག་དང་དགེ་རྒན་ཆེན་མོ་གཞོན་པ1400ལྷག་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
华中科技大学
འབུམ་རམས་པའི་ཐོབ་ཐང་སྤྲོད་གནས།
རིམ་པ་དང་པོའི་རིག་ཚན41ཡོད།
དབྱིན་ཡིག་གི་མིང་།
Huazhong University of Science and Technology
འབུམ་རམས་ཕྱི་ཚར།
ཞིབ་འཇུག་འཁོར་སྐྱོད་ས་ཚིགས39་ཡོད།
བཙུགས་ལོ།
སྤྱི་ལོ1952ལོར།
སློབ་སྒྲུབ་ངོ་བོ།
གཞུང་སྒྲུབ་སློབ་ཆེན།
རྒྱལ་ཁབ་ཀྱི་གཙོ་གནད་རིག་ཚན།
རིམ་པ་དང་པོའི་རིག་ཚན7  རིམ་པ་གཉིས་པའི་རིག་ཚན15
རྣམ་པ།
ཕྱོགས་བསྡུས།
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
46
གཙོ་གཉེར་སྡེ་ཁག
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སློབ་གསོ་པུའུ།
སློབ་བཙུགས་ཉིན་མོ།
ཟླ10པའི་ཚེས6ཉིན།
དངོས་གཞིའི་ཆེད་ལས།
103
སློབ་གྲྭའི་ཚབ་ཨང་།
10487
རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས།
རིམ་པ་དང་པོའི་རིག་ཚན45  རིམ་པ་གཉིས་པའི་རིག་ཚན214
དཀར་ཆག
1   ​ལོ་རྒྱུས་འཕེལ་རིམ།
2   སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
2.1 གྲངས་རིག་དང་སྡོམ་རྩིས་སློབ་གླིང་།
2.2 དངོས་ལུགས་སློབ་གླིང་།
2.3 རྫས་འགྱུར་དང་རྫས་འགྱུར་བཟོ་ལས་སློབ་གླིང་། 
2.4 འཕྲུལ་ཆས་ཚན་རིག་དང་བཟོ་སྐྲུན་སློབ་གླིང་། 
2.5 རྒྱུ་ཆའི་ཚན་རིག་དང་བཟོ་སྐྲུན་སློབ་གླིང་། 
2.6 ནུས་ཁུངས་དང་སྒུལ་ཤུགས་བཟོ་སྐྲུན་སློབ་གླིང་།
2.7 གློག་ཤུགས་དང་གློག་རྡུལ་བཟོ་སྐྲུན་སློབ་གླིང་། 
2.8 གྲུ་གཟིངས་དང་རྒྱ་མཚོ་བཟོ་སྐྲུན་སློབ་གླིང་། 
2.9 ཚེ་སྲོག་ཚན་རིག་དང་ལག་རྩལ་སློབ་གླིང།
2.10 གློག་རྡུལ་ཆ་འཕྲིན་དང་འཕྲིན་གཏོང་སློབ་གླིང་། 
2.11 འོད་རིག་དང་གློག་རྡུལ་ཆ་འཕྲིན་སློབ་གླིང་།
2.12 བཟོ་སྐྲུན་ཚན་རིག་སློབ་གླིང་།
2.13 རྩིས་འཁོར་ཚན་རིག་དང་ལག་རྩལ་སློབ་གླིང་།
2.14 དྲ་རྒྱའི་བར་སྟོང་བདེ་འཇགས་སློབ་གླིང་།
2.15 མཉེན་ཆས་སློབ་གླིང་།
2.16 མིས་བཟོས་རིག་ནུས་དང་རང་འགུལ་ཅན་སློབ་གླིང་།
2.17 འཛུགས་སྐྲུན་དང་གྲོང་ཁྱེར་འཆར་འགོད་སློབ་གླིང་། 
2.18 ཨར་ལས་བཟོ་སྐྲུན་རིག་པའི་སློབ་གླིང་།
2.19 ཁོར་ཡུག་ཚན་རིག་དང་བཟོ་སྐྲུན་སློབ་གླིང་། 
2.20 སྤྱི་བའི་དོ་དམ་སློབ་གླིང་། 
2.21 དོ་དམ་སློབ་གླིང་།
2.22 དཔལ་འབྱོར་སློབ་གླིང་།
2.23 ཕྱི་སྐད་སློབ་གླིང་།
2.24 གསར་འགྱུར་དང་ཆ་འཕྲིན་ཁྱབ་སྤེལ་སློབ་གླིང་།
2.25 ཁྲིམས་ལུགས་སློབ་གླིང་།
2.26 མི་ཆོས་སློབ་གླིང་།
2.27 སྤྱི་ཚོགས་སློབ་གླིང་། 
2.28 ནད་ཐོག་སློབ་གླིང་།
2.29 རྨང་གཞིའི་གསོ་རིག་སློབ་གླིང་།
2.30 སྤྱི་བའི་འཕྲོད་བསྟེན་སློབ་གླིང་། 
2.31 ནད་སྐྱོང་སློབ་གླིང་། 
2.32 སྨན་རྫས་སློབ་གླིང་།
3   དགེ་རྒན་གྱི་དཔུང་སྡེ།
4   རིག་ཚན་འཛུགས་སྐྲུན།
5   རིམ་པ་དང་པོའི་འབུམ་རམས་པའི་ཐོབ་ཐང་སྤྲོད་གནས།
6   རིམ་པ་དང་པོའི་རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས།
7   འབུམ་རམས་པའི་ཞིབ་འཇུག་འཁོར་སྐྱོད་ས་ཚིགས། 
8   སློབ་ཁྲིད་འཛུགས་སྐྲུན།
9   ཞིབ་འཇུག་གི་གྲུབ་འབྲས།
10   རིག་གཞུང་ཐོན་ཁུངས།
11   རིག་གཞུང་དུས་དེབ།
1 ​ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1978ལོར་ཞིབ་འཇུག་སློབ་མ་བསྡུ་རྒྱུ་སླར་གསོ་བྱས་པ་དང་ལོ་དེར་ཞིབ་འཇུག་སློབ་མ181བསྡུས། 

སྤྱི་ལོ1981ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་སློབ་གྲྭ་དེ་རྒྱལ་ཡོངས་ཀྱི་འབུམ་རམས་པ་དང་རབ་འབྱམས་པའི་བསླབ་གནས་སྤྲོད་པའི་ཚན་པ་ཁག་དང་པོར་གྱུར།

སྤྱི་ལོ1984ལོའི་ཟླ4བར་ཐོག་དང་པོར་ཞིབ་འཇུག་སློབ་མའི་སློབ་གླིང་བཙུགས། 

སྤྱི་ལོ1988ལོའི་ཟླ1པོར་ཧྭ་ཀྲུང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་ཞེས་པར་མིང་བསྒྱུར།

སྤྱི་ལོ1988ལོ་ནས་སྤྱི་ལོ1992ལོར་རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་ཕུལ་བྱུང་སློབ་དེབ་དཔྱད་འདེམས་བྱས་ཤིང་། རྒྱལ་ཁབ་ཀྱི་དམིགས་བསལ་བྱ་དགའ1དང་རྒྱལ་ཁབ་རིམ་པའི་ཕུལ་བྱུང་བྱ་དགའ7 པུའུ་རིམ་པའི་བྱ་དགའ་ཨང་དང་པོ18བཅས་ཐོབ།

སྤྱི་ལོ1994ལོར་ཞིབ་འཇུག་སློབ་མའི་སློབ་གླིང་བཙུགས་ནས་ལོ10སོང་རིང་འབུམ་རམས་པའི་སློབ་གནས་སྤྲོད་ཡུལ31དང་། འབུམ་རམས་པའི་སློབ་དཔོན111དང་འབུམ་རམས་ཞིབ་འཇུག་འཁོར་སྐྱོད་ས་ཚིགས7 རབ་འབྱམས་པའི་ཞིབ་འཇུག་འཁོར་སྐྱོད་ས་ཚིགས76བཅས་ཡོད། 

སྤྱི་ལོ1994ལོར་རབ་འབྱམས་པ་ཞིབ་འཇུག་སློབ་མ710བསྡུས་པ་དང་། འབུམ་རམས་པའི་ཞིབ་འཇུག་སློབ་མ178ཡོད་པ་དང་སློབ་གྲྭར་ཡོད་པའི་ཞིབ་འཇུག་སློབ་མ2232ཟིན་པ་དེ་སྤྱི་ལོ1978ལོ་ལས་ལྡབ12འཕར།

སྤྱི་ལོ1994ལོར་ཚན་རིག་ཞིབ་འཇུག་གི་འགྲོ་གྲོན་སྒོར་ཁྲི7640ལ་སླེབས་ནས་སྤྱི་ལོ1978ལོ་ལས་ལྡབ60འཕར།

སྤྱི་ལོ1995ལོར་རྒྱལ་ཡོངས་མཐོ་རིམ་སློབ་གྲྭའི་ཞིབ་འཇུག་སློབ་མའི་སློབ་གླིང་གི་ཕྱོགས་བསྡུས་དཔྱད་དཔོག་ཨང་དགུ་པར་རྒྱལ་ཁབ་སློབ་གསོ་ཨུ་ཡོན་ལྷན་ཁང་གི་གཟེངས་བསྟོད་ཐོབ།

སྤྱི་ལོ1995ལོར“211ལས་གཞིའི”སྡེ་ཁག་ལ་བདེ་བླག་ངང་ཞིབ་བཤེར་བྱས་ཏེ“211ལས་གཞིའི་”གཙོ་གནད་འཛུགས་སྐྲུན་སྡེ་ཚན་དུ་གྱུར། 

སྤྱི་ལོ1996ལོར་རྒྱལ་ཁབ་སློབ་གསོ་ཨུ་ལྷན་གྱིས་སྒྲིག་འཛུགས་བྱས་པའི་དངོས་གཞིའི་ཚན་ཁག་གི་སློབ་ཁྲིད་ལས་དོན་གྱི་ཕུལ་བྱུང་སློབ་གྲྭར་གདེང་འཇོག་བྱས་པ་བརྒྱུད་ཕུལ་བྱུང་ལ་བདམས།

སྤྱི་ལོ1996ལོའི་ཟླ2པར་ཞིབ་འཇུག་སློབ་མའི་སློབ་གླིང་འཛུགས་རྒྱུའི་ཆོག་མཆན་ཐོབ།

སྤྱི་ལོ1997ལོར་རྒྱལ་ཡོངས་ཀྱི་མཐོ་སློབ་ནང་སློབ་ཆེན་སློབ་མའི་རིག་གནས་བྱང་ཚད་སློབ་གསོའི་རྟེན་གཞི་ཐོག་མ་དེ་བཙུགས།

སྤྱི་ལོ1893ལོར་འཇར་མན་མཚོ་དམག་གི་དམག་གྲུའི་སྨན་པ་ཨའེ་ལི་ཞི་པའོ་ལུང་ཧྲང་ཧའེ་རུ་ཕེབས་ནས་འཇར་མན་གྱི་སྨན་པའི་ལྷན་ཚོགས་བཙུགས། 

སྤྱི་ལོ1900ལོར་པའོ་ལུང་གིས་ཐུང་ཅི་སྨན་ཁང་བཙུགས་པ་དང་སྨན་པ་མང་ཆེ་བ་འཇར་མན་གྱི་སྨན་པའི་ལས་རིགས་མཐུན་ཚོགས་ནས་ཡོང་བ་ཡིན། 

སྤྱི་ལོ1907ལོའི་ཟླ10བའི་ཚེས1ཉིན་ཧྲང་ཧའེ་འཇར་མན་ཡི་གེའི་གསོ་རིག་ཁང་དུ་སློབ་འགོ་ཚུགས་པའི་མཛད་སྒོ་ཐེངས་དང་པོ་བསྡུས། 

སྤྱི་ལོ1908ལོར་འཇར་མན་ཡི་གེའི་གསོ་རིག་ཁང་དེ་ཐུང་ཅི་འཇར་མན་ཡི་གེའི་གསོ་རིག་ཁང་དུ་མིང་བསྒྱུར། 

སྤྱི་ལོ1912ལོར་བཟོ་རིག་འཕར་འཛུགས་བྱས་ཤིང་མིང་དེ་ཐུང་ཅི་གསོ་རིག་བཟོ་ལས་སློབ་གྲྭ་ཞེས་པར་བསྒྱུར།

སྤྱི་ལོ1917ལོའི་ཟླ4པའི་ཚེས23ཉིན་ནས་བཟུང་མཉམ་དུ་སྨན་བཅོས་བྱེད་པའི་སློབ་གྲྭར་མིང་བསྒྱུར་ནས་ཀྲུང་གོ་བའི་ལས་འཛིན་པའི་ལྷན་ཚོགས་ཀྱིས་དང་ལེན་བྱ་རྒྱུ་དང་སློབ་གསོ་པུའུ་ཡིས་འགོ་ཁྲིད་བྱས། 

སྤྱི་ལོ1917ལོའི་ཟླ12པར་སྒེར་བཙུགས་མཉམ་གསོའི་གསོ་རིག་ཆེད་ལས་སློབ་གྲྭར་མིང་བསྒྱུར།

སྤྱི་ལོ1924ལོའི་ཟླ5པའི་ཚེས20ཉིན་མིང་དེ་ཐུང་ཅི་གསོ་རིག་སློབ་ཆེན་དུ་བསྒྱུར་བ་དང་། གསོ་རིག་ཚན་ཁག་དང་བཟོ་རིག་ཚན་ཁག་ཚུད་ཡོད། 

སྤྱི་ལོ1927ལོའི་ཟླ8པར་རྒྱལ་དམངས་སྲིད་གཞུང་གི་སློབ་གསོ་པུའུ་ཡིས་སློབ་གྲྭ་དངོས་སུ་རྩིས་ལེན་བདག་སྤྲོད་བྱས་ཤིང་། རྒྱལ་བཙུགས་ཐུང་ཅི་སློབ་ཆེན་ཞེས་མིང་བཏགས་པ་དང་དེ་སྔའི་གསོ་རིག་དང་བཟོ་ལས་ཚན་ཁག་གཉིས་ལ་གསོ་རིག་སློབ་གླིང་དང་བཟོ་རིག་སློབ་གླིང་ཞེས་པར་མིང་བསྒྱུར།

སྤྱི་ལོ1937ལོར་སྔ་རྗེས་སུ་རིག་གནས་དང་རང་བྱུང་ཚན་རིག ཁྲིམས་ལུགས་སོགས་སློབ་གླིང་བཙུགས་ནས་ཕྱོགས་བསྡུས་རང་བཞིན་གྱི་རྒྱལ་བཙུགས་སློབ་ཆེན་ཞིག་ཏུ་གྱུར། 

སྤྱི་ལོ1948ལོའི་ཟླ8པར་གསོ་རིག་སློབ་གླིང་འབུ་ཕྲ་ཞིབ་འཇུག་ཁང་གིས་མིང་ཐོ་བཀོད་ནས་ཞིབ་འཇུག་སློབ་མ་བསྡུས།

སྤྱི་ལོ1898ལོར་ཧུའུ་པེའི་བཟོ་རྩལ་སློབ་གྲྭ་བཙུགས། 

སྤྱི་ལོ1907ལོར་ཧུའུ་པེ་འབྲིང་རིམ་བཟོ་ལས་སློབ་གྲྭ་ཞེས་པར་མིང་བསྒྱུར། 

སྤྱི་ལོ1913ལོར་ཧུའུ་པེ་ཞིང་ཆེན་གྱི་བཟོ་ལས་སློབ་གྲྭར་མིང་བསྒྱུར། 

སྤྱི་ལོ1922ལོར་ཧུའུ་པེ་ཞིང་ཆེན་མཐོ་རིམ་བཟོ་ལས་ཚན་ཁག་སློབ་འབྲིང་ཞེས་པར་མིང་བསྒྱུར།

སྤྱི་ལོ2000ལོའི་ཟླ5པའི་ཚེས26ཉིན་དེ་སྔའི་ཐུང་ཅི་གསོ་རིག་སློབ་ཆེན་དང་ཝུའུ་ཧན་གྲོང་ཁྱེར་འཛུགས་སྐྲུན་སློབ་གླིང་དང་ཧྭ་ཀྲུང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གཉིས་ཟླ་སྒྲིལ་བཏང་ནས་ཧྭ་ཀྲུང་ཚན་རྩལ་སློབ་ཆེན་བཙུགས།

སྤྱི་ལོ2001ལོར་གཙོ་གནད་འཛུགས་སྐྲུན་མཐོ་རིམ་སློབ་གྲྭའི་གྲས་སུ་ཚུད་པ་དང་། ཁག་དང་པོར་རྒྱལ་ཁབ་ཀྱི་དཔེ་སྟོན་རང་བཞིན་གྱི་མཉེན་ཆས་སློབ་གླིང་འཛུགས་པར་ཆོག་མཆན་ཐོབ།

སྤྱི་ལོ2007ལོར་རྒྱལ་ཁབ་ཀྱི་སློབ་ཆེན་སློབ་མའི་གསར་གཏོད་རང་བཞིན་གྱི་ཚོད་ལྟའི་འཆར་གཞིའི་ནང་ཁག་དང་པོར་ཚུད།

སྤྱི་ལོ2010ལོར་སློབ་གསོ་པུའུ“ཕུལ་བྱུང་བཟོ་བཀོད་ཆེ་མོ་བ་སློབ་གསོ་གསོ་སྐྱོང་འཆར་གཞིའི”ཁག་དང་པོར་བདམས།

སྤྱི་ལོ2011ལོར“རྒྱལ་ཡོངས་ཀྱི་ལས་གྲྭའི་རབ་འབྱམས་པའི་ཞིབ་འཇུག་སློབ་མའི་སློབ་གསོ་གསར་གཏོད་སློབ་གླིང”དུ་བདམས་པ་དང་། སློབ་གསོ་པུའུ་ཡིས“རྒྱལ་ཡོངས་ཀྱི་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་དཔེ་མཚོན་ཉམས་མྱོང་ཅན”ལ་བདམས།

སྤྱི་ལོ2012ལོར་སློབ་གསོ་པུའུ་དང་འཕྲོད་བསྟེན་པུའུ་ཡི་ཕུལ་བྱུང་སྨན་པ་ཁག་དང་པོའི་སློབ་གསོ་གསོ་སྦྱོང་འཆར་གཞིའི་རྣམ་གྲངས་ཀྱི་ཚོད་ལྟའི་ནང་ཚུད། 

2 སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།

སྤྱི་ལོ2020ལོའི་ཟླ3པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། ཧྭ་ཀྲུང་ཚན་རྩལ་སློབ་ཆེན་དུ་སློབ་གླིང་དང་ཚན་ཁག46བཙུགས་ཡོད་ལ། མཚན་ཉིད་རིག་པ་དང་། དཔལ་འབྱོར་རིག་པ། ཁྲིམས་ལུགས་རིག་པ། སློབ་གསོ་རིག་པ། རྩོམ་རིག རང་བྱུང་རིག་པ། བཟོ་རིག གསོ་རིག དོ་དམ་རིག་པ། སྒྱུ་རྩལ་རིག་པ་སོགས་རིག་ཚན་ཆེ་གྲས10དང་དངོས་གཞིའི་ཚན་ཁག་གི་ཆེད་ལས103ཡོད།

2_1 གྲངས་རིག་དང་སྡོམ་རྩིས་སློབ་གླིང་།

རྩིས་རིག་དང་ཉེར་སྤྱོད་རྩིས་རིག བསྡོམས་རྩིས་རིག་པ། ཆ་འཕྲིན་དང་རྩིས་རྒྱག་ཚན་རིག 

2_2 དངོས་ལུགས་སློབ་གླིང་།

དངོས་ལུགས་རིག་པ་དང་ཉེར་སྤྱོད་དངོས་ལུགས་རིག་པ།

2_3 རྫས་འགྱུར་དང་རྫས་འགྱུར་བཟོ་ལས་སློབ་གླིང་། 

རྫས་འགྱུར་དང་ཉེར་སྤྱོད་རྫས་འགྱུར། 

2_4 འཕྲུལ་ཆས་ཚན་རིག་དང་བཟོ་སྐྲུན་སློབ་གླིང་། 

ཇུས་འགོད་བཟོ་སྐྲུན་དང་རང་འགུལ་ཅན། ཚད་ལེན་ཚོད་འཛིན་ལག་རྩལ་དང་དཔྱད་ཆས། བཟོ་ལས་ལས་གྲྭ། ཐོན་རྫས་ཇུས་འགོད།

2_5 རྒྱུ་ཆའི་ཚན་རིག་དང་བཟོ་སྐྲུན་སློབ་གླིང་། 

རྒྱུ་ཆའི་དབྱིབས་གྲུབ་དང་ཚོད་འཛིན་ལས་གྲྭ། རྒྱུ་ཆའི་ཚན་རིག་དང་ལས་གྲྭ། གློག་རྡུལ་ཐུམ་སྒྲིལ་ལག་རྩལ། བྱེད་ནུས་རྒྱུ་ཆ། 

2_6 ནུས་ཁུངས་དང་སྒུལ་ཤུགས་བཟོ་སྐྲུན་སློབ་གླིང་།

ཉིང་རྡུལ་ལས་གྲྭ་དང་ཉིང་རྡུལ་ལག་རྩལ། ནུས་ཁུངས་དང་སྒུལ་ཤུགས་ལས་གྲྭ། ནུས་ཁུངས་གསར་པའི་ཚན་རིག་དང་ལས་གྲྭ།

2_7 གློག་ཤུགས་དང་གློག་རྡུལ་བཟོ་སྐྲུན་སློབ་གླིང་། 

གློག་ཤུགས་བཟོ་སྐྲུན་དང་དེའི་རང་འགུལ་ཅན། 

2_8 གྲུ་གཟིངས་དང་རྒྱ་མཚོ་བཟོ་སྐྲུན་སློབ་གླིང་། 

གྲུ་གཟིངས་བཟོ་སྐྲུན།

2_9 ཚེ་སྲོག་ཚན་རིག་དང་ལག་རྩལ་སློབ་གླིང།

སྐྱེ་དངོས་ཚན་རིག(རྒྱལ་ཁབ་རང་བྱུང་ཚན་རིག་ཚན་ཁག་གསོ་སྐྱོང་རྟེན་གཞི)སྐྱེ་དངོས་ཆ་འཕྲིན་རིག་པ(རྟེན་གཞིའི་འཛིན་གྲྭ)སྐྱེ་དངོས་གསོ་རིག་ལས་གྲྭ། སྐྱེ་དངོས་སྨན་བཟོ། 

2_10 གློག་རྡུལ་ཆ་འཕྲིན་དང་འཕྲིན་གཏོང་སློབ་གླིང་། 

གློག་རྡུལ་ཆ་འཕྲིན་ལས་གྲྭ་དང་འཕྲིན་སྐྱེལ་ལས་གྲྭ།

2_11 འོད་རིག་དང་གློག་རྡུལ་ཆ་འཕྲིན་སློབ་གླིང་།

ཚན་རིག་ལག་རྩལ། འོད་གློག་ཆ་འཕྲིན་ཚན་རིག་དང་ལས་གྲྭ། འདུས་གྲུབ་གློག་ལམ་ཇུས་འགོད་དང་འདུས་གྲུབ་མ་ལག གློག་རྡུལ་ཕྲ་རབ་ཀྱི་ཚན་རིག་དང་ལས་གྲྭ།

2_12 བཟོ་སྐྲུན་ཚན་རིག་སློབ་གླིང་།

སྐྱེ་དངོས་གསོ་རིག་ལས་གྲྭ། 

2_13 རྩིས་འཁོར་ཚན་རིག་དང་ལག་རྩལ་སློབ་གླིང་།

རྩིས་འཁོར་ཚན་རིག་དང་ལག་རྩལ། ཟོག་སྦྲེལ་དྲ་བ།

2_14 དྲ་རྒྱའི་བར་སྟོང་བདེ་འཇགས་སློབ་གླིང་།

ཆ་འཕྲིན་བདེ་འཇགས་དང་དྲ་རྒྱའི་བར་སྟོང་བདེ་འཇགས། 

2_15 མཉེན་ཆས་སློབ་གླིང་།

མཉེན་ཆས་ལས་གྲྭ།

2_16 མིས་བཟོས་རིག་ནུས་དང་རང་འགུལ་ཅན་སློབ་གླིང་།

ཚད་ལེན་ཚོད་འཛིན་ལག་རྩལ་དང་དཔྱད་ཆས། ཟོག་འགྲེམས་དོ་དམ། 

2_17 འཛུགས་སྐྲུན་དང་གྲོང་ཁྱེར་འཆར་འགོད་སློབ་གླིང་། 

གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད། མཛེས་ལྗོངས་སྐྱེད་ཚལ། ཁོར་ཡུག་ཇུས་འགོད། ཨར་ལས་རིག་པ།

2_18 ཨར་ལས་བཟོ་སྐྲུན་རིག་པའི་སློབ་གླིང་།

བཟོ་སྐྲུན་དོ་དམ། འགྲིམ་འགྲུལ་བཟོ་སྐྲུན།

2_19 ཁོར་ཡུག་ཚན་རིག་དང་བཟོ་སྐྲུན་སློབ་གླིང་། 

ཆུ་འདྲེན་ཚན་རིག་དང་ལས་གྲྭ། ཁོར་ཡུག་ལས་གྲྭ། ཨར་ལས་ཁོར་ཡུག་དང་ནུས་ཁུངས་བཀོལ་སྤྱོད་ལས་གྲྭ། 

2_20 སྤྱི་བའི་དོ་དམ་སློབ་གླིང་། 

སྤྱི་པའི་བྱ་གཞག་དོ་དམ་དང་སྲིད་འཛིན་དོ་དམ། 

2_21 དོ་དམ་སློབ་གླིང་།

དོ་དམ། ནོར་སྲིད་རིག་པ(ཁྲལ་དོན) བཟོ་ཚོང་དོ་དམ། རྩིས་རིག་པ(ཐོ་འགོད་རྩིས་པ)ཁྲོམ་རའི་ཚོང་གཉེར། ཟོག་འགྲེམས་དོ་དམ། ཆ་འཕྲིན་དོ་དམ་དང་ཆ་འཕྲིན་མ་ལག 

2_22 དཔལ་འབྱོར་སློབ་གླིང་།

དཔལ་འབྱོར་དང་ཉོ་ཚོང་། རྒྱལ་སྤྱིའི་ཚོང་དོན(དབྱིན་ཡིག་གི་སློབ་གནས་གཉིས་པ)དངུལ་རྩའི་ལས་གྲྭ། དངུལ་རྩའི་རིག་པ། དཔལ་འབྱོར་བསྡོམས་རྩིས་རིག་པ། དཔལ་འབྱོར་རིག་པ།

2_23 ཕྱི་སྐད་སློབ་གླིང་།

འཇར་མན་གྱི་སྐད། ཧྥ་རན་སིའི་སྐད། ཡིག་སྒྱུར། འཇར་པན་གྱི་སྐད། དབྱིན་སྐད།

2_24 གསར་འགྱུར་དང་ཆ་འཕྲིན་ཁྱབ་སྤེལ་སློབ་གླིང་།

རྒྱང་སྒྲོག་བརྙན་འཕྲིན་རིག་པ། བརྡ་ཁྱབ་རིག་པ། གསར་འགྱུར་རིག་པ། 

2_25 ཁྲིམས་ལུགས་སློབ་གླིང་།

ཁྲིམས་ལུགས་རིག་པ།

2_26 མི་ཆོས་སློབ་གླིང་།

རྒྱལ་སྤྱིའི་སློབ་གསོ། རྒྱའི་རྩོམ་རིག མཚན་ཉིད་རིག་པ། 

2_27 སྤྱི་ཚོགས་སློབ་གླིང་། 

སྤྱི་ཚོགས་ལས་དོན་དང་སྤྱི་ཚོགས་རིག་པ། 

2_28 ནད་ཐོག་སློབ་གླིང་།

ཁོག་ནད་གསོ་རིག(ལོ་ལྔའི་ལམ་ལུགས)དང་ནད་ཐོག་གསོ་རིག(ལོ་ལྔའི་ལམ་ལུགས)ནད་ཐོག་གསོ་རིག(ལོ་དྲུག་ལམ་ལུགས་ཀྱི་ཀྲུང་འཇའ་ཚོད་ལྟའི་འཛིན་གྲྭ)གསོ་རིག་བརྟག་བཤེར་ལག་རྩལ། གསོ་རིག་གཟུགས་བརྙན་རིག་པ(ལོ་ལྔའི་ལམ་ལུགས)ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་གི་ནད་ཐོག་གསོ་རིག(ལོ་ལྔའི་ལམ་ལུགས) 

2_29 རྨང་གཞིའི་གསོ་རིག་སློབ་གླིང་།

གསོ་རིག་ཚོད་ལྟའི་ལག་རྩལ།

2_30 སྤྱི་བའི་འཕྲོད་བསྟེན་སློབ་གླིང་། 

སྔོན་འགོག་གསོ་རིག(ལོ་ལྔའི་ལམ་ལུགས)ཁྲིམས་ལུགས་གསོ་རིག་ཚན་ཁག ཁྲིམས་ལུགས་གསོ་རིག(ལོ་ལྔའི་ལམ་ལུགས) 

2_31 ནད་སྐྱོང་སློབ་གླིང་། 

ནད་སྐྱོང་རིག་པ།

2_32 སྨན་རྫས་སློབ་གླིང་།

སྨན་རྫས་རིག་པ།

3 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2019ལོའི་ཟླ11པའི་བར་ཧྭ་ཀྲུང་ཚན་རྩལ་སློབ་ཆེན་དུ་ཆེད་བསྐོས་དགེ་རྒན3400ལྷག་ཡོད་པ་དང་། དེའི་ནང་དགེ་རྒན་ཆེན་མོ1200ལྷག་ཡོད་ལ་དགེ་རྒན་ཆེ་མོ་གཞོན་པ1400ལྷག་ཙམ་ཡོད། ཡོའན་ཧྲི18དང་རྒྱལ་ཁབ་ཀྱི་ཕུལ་བྱུང་གཞོན་ནུའི་ཚན་རིག་ཐེབས་རྩ་ཐོབ་མཁན73དང་། “973འཆར་གཞིའི”རྣམ་གྲངས་ཀྱི་དབུ་བཞུགས་ཚན་རིག་པ15ཡོད། ཚན་རིག་ཞིབ་འཇུག་འཆར་གཞིའི་རྣམ་གྲངས་གལ་ཆེན་གྱི་དབུ་བཞུགས་ཚན་རིག་པ2བཅས་ཡོད་ཅིང་། རྒྱལ་ཁབ་ཀྱི་གཙོ་གནད་ཞིབ་འཇུག་གསར་སྤེལ་འཆར་གཞིའི་རྣམ་གྲངས་ཀྱི་དབུ་བཞུགས་ཚན་རིག་པ57དང་ན་གཞོན་ཚན་རིག་པ3 ཕུལ་བྱུང་གཞོན་ནུའི་ཚན་རིག་ཐེབས་རྩ་ཐོབ་མཁན63ཡོད། རྒྱལ་ཁབ་རིམ་པའི་སློབ་ཁྲིད་དགེ་རྒན་གྲགས་ཅན9དང་། “མི་ཁྲིའི་འཆར་གཞིའི”ཚན་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་ཤེས་ལྡན་པ34དང་ན་གཞོན་རྩེར་སོན་ཤེས་ལྡན་པ28ཡོད། སློབ་གསོ་པུའུ་ཡི་དུས་རབས་གསར་པའི་ཕུལ་བྱུང་ཤེས་ལྡན་མི་སྣའི་རྒྱབ་སྐྱོར་འཆར་གཞིའི་ནང་ཞུགས་མཁན་མི224ཡོད།

4 རིག་ཚན་འཛུགས་སྐྲུན།

སྤྱི་ལོ2019ལོའི་ཟླ11པའི་བར་ཧྭ་ཀྲུང་ཚན་རྩལ་སློབ་ཆེན་ལ་རབ་འབྱམས་པའི་ཡོན་གནས་སྤྲོད་དབང་ཡོད་པའི་རིམ་པ་དང་པོའི་རིག་ཚན45དང་འབུམ་རམས་པའི་ཡོན་གནས་སྤྲོད་དབང་ཡོད་པའི་རིམ་པ་དང་པོའི་རིག་ཚན41ཡོད། འབུམ་རམས་པའི་ཚན་རིག་ཞིབ་འཇུག་འཁོར་སྐྱོད་ས་ཚིགས39 “རྩེ་གྲ་གཉིས་”ཀྱི་འཛུགས་སྐྲུན་རིག་ཚན8ལ་བདམས་ཤིང་། རིམ་པ་དང་པོའི་རིག་ཚན་རྒྱལ་ཁབ་ཀྱི་གཙོ་གནད་རིག་ཚན7དང་རིམ་པ་གཉིས་པའི་རིག་ཚན་རྒྱལ་ཁབ་ཀྱི་གཙོ་གནད་རིག་ཚན15(ནང་ཁུལ་ཚན་རིག་དང་ཕྱི་ནད་ཚན་རིག་རིམ་པ་གསུམ་པའི་རྩིས་གཞིར་བཟུང)ཡོད། རྒྱལ་ཁབ་ཀྱི་གཙོ་གནད(གསོ་སྐྱོང)རིག་ཚན7 སློབ་གསོ་པུའུ་ཡི་རེས་སྐོར་བཞི་པའི་རིག་ཚན་དཔྱད་དཔོག་ཁྲོད། འཕྲུལ་ཆས་ལས་གྲྭ་དང་། འོད་རིག་པའི་འདུ་འགོད། སྐྱེ་དངོས་གསོ་རིག་འདུ་འགོད། སྤྱི་པའི་འཕྲོད་བསྟེན་དང་སྔོན་འགོག་གསོ་རིག་སོགས་རིག་ཚན4A+དངAརིགས་ཀྱི་རིག་ཚན14ཡོད། 

5 རིམ་པ་དང་པོའི་འབུམ་རམས་པའི་ཐོབ་ཐང་སྤྲོད་གནས།

མཚན་ཉིད་རིག་པ་དང་། དཔལ་འབྱོར་རིག་པ། ཉེར་སྤྱོད་དཔལ་འབྱོར་རིག་པ། སྤྱི་ཚོགས་རིག་པ། སློབ་གསོ་རིག་པ། ཀྲུང་གོའི་སྐད་བརྡ་དང་རྩོམ་རིག གསར་འགྱུར་རིག་པ། དངོས་ཁམས་རིག་པ། རྫས་འགྱུར་རིག་པ། སྐྱེ་དངོས་རིག་པ། བསྡོམས་རྩིས་རིག་པ། འཕྲུལ་ཆས་ལས་གྲྭ། རྒྱུ་ཆའི་ཚན་རིག་དང་ལས་གྲྭ། སྒུལ་ཤུགས་ལས་གྲྭ་དང་དེ་བཞིན་ལས་གྲྭའི་དངོས་ལུགས་རིག་པ། གློག་རླངས་ལས་གྲྭ། གློག་རྡུལ་ཚན་རིག་དང་ལག་རྩལ། ཆ་འཕྲིན་དང་འཕྲིན་གཏོང་ལས་གཞི། ཚོད་འཛིན་ཚན་རིག་དང་ལས་གྲྭ ཨར་ལས་རིག་པ། ཨར་ལས་བཟོ་པ། ཆུ་བེད་ལས་གྲྭ། གྲུ་གཟིངས་དང་རྒྱ་མཚོའི་ལས་གྲྭ། ཁོར་ཡུག་ཚན་རིག་དང་སྐྱེ་དངོས་གསོ་རིག་ལས་གཞི། གྲོང་ཁྱེར་དང་གྲོང་གསེབ་རིག་པ། ནད་རིགས། 

6 རིམ་པ་དང་པོའི་རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས།

མཚན་ཉིད་རིག་པ་དང་དཔལ་འབྱོར་རིག་པ། བེད་སྤྱོད་དཔལ་འབྱོར་རིག་པ། སྤྱི་ཚོགས་རིག་པ། ཁྲིམས་ལུགས་རིག་པ། མར་ཁེ་སིའི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས། སློབ་གསོ་རིག་པ། ཀྲུང་གོའི་སྐད་ཡིག་རྩོམ་རིག གསར་འགྱུར་རིག་པ། ཕྱི་སྐད་རྩོམ་རིག རྩིས་རིག་པ། དངོས་ཁམས་རིག་པ། རྫས་འགྱུར་རིག་པ། བསྡོམས་རྩིས་རིག་པ། འཕྲུལ་ཆས་ལས་གྲྭ། རྒྱུ་ཆའི་ཚན་རིག་དང་ལས་གྲྭ། སྒུལ་ཤུགས་ལས་གྲྭ། གློག་རླངས་ལས་གྲྭ། གློག་རྡུལ་ཚན་རིག་དང་ལག་རྩལ། ཆ་འཕྲིན་དང་འཕྲིན་གཏོང་ལས་གྲྭ། ཚོད་འཛིན་ཚན་རིག བཟོ་སྐྲུན་རིག་པ། ཨར་ལས་རིག་པ། ཨར་ལས་བཟོ་སྐྲུན། སྨན་རིགས། 

7 འབུམ་རམས་པའི་ཞིབ་འཇུག་འཁོར་སྐྱོད་ས་ཚིགས། 

མཚན་ཉིད་རིག་པ། དཔལ་འབྱོར་རིག་པ། སྤྱི་ཚོགས་རིག་པ། སློབ་གསོ་རིག་པ། གསར་འགྱུར་ཁྱབ་སྤེལ་རིག་པ། རྩིས་རིག དངོས་ཁམས། སྐྱེ་དངོས་རིག་པ། སྐྱེ་ཁམས་རིག་པ། འཕྲུལ་ཆས་ལས་གྲྭ། འོད་རིག་ལས་གཞི། རྒྱུ་ཆའི་ཚན་རིག་དང་ལས་གྲྭ། རྒྱུ་ཆའི་ཚན་རིག་དང་ལས་གྲྭ། སྒུལ་ཤུགས་ལས་གྲྭ། གློག་རྡུལ་ཚན་རིག་དང་ལག་རྩལ། ཆ་འཕྲིན་དང་འཕྲིན་གཏོང་ལས་གཞི། ཚོད་འཛིན་ཚན་རིག་དང་ལས་གྲྭ། ཨར་ལས་རིག་པ། ཨར་ལས་བཟོ་སྐྲུན། ཆུ་བེད་ལས་གྲྭ། གྲུ་གཟིངས་དང་རྒྱ་མཚོའི་ལས་གྲྭ། སྐྱེ་དངོས་གསོ་རིག་ལས་གཞི། མཉེན་ཆས་ལས་གྲྭ། ནད་ཐོག་གསོ་རིག སྤྱི་པའི་འཕྲོད་བསྟེན། སྨན་རིག་པ། 

8 སློབ་ཁྲིད་འཛུགས་སྐྲུན།

སྤྱི་ལོ2019ལོའི་ཟླ12པར་སློབ་གྲྭས་རྒྱལ་ཁབ་རིམ་པའི་ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས9 ཚོད་ལྟའི་སློབ་ཁྲིད་ལྟེ་གནས་དང་། རྒྱལ་ཁབ་རིམ་པའི་ལས་གྲྭའི་ལག་ལེན་སློབ་གསོའི་ལྟེ་གནས28 སློབ་ཕྱིའི་དངོས་སྦྱོང་ལག་ལེན་རྟེན་གཞི300ལྷག་ཙམ་བཅས་བཙུགས་ཡོད་ཅིང་། ཆེད་ལས27རྒྱལ་ཁབ་རིམ་པའི་དངོས་གཞིའི་ཚན་ཁག་གི་ཆེད་ལས་རྩེ་གྲ་འཛུགས་སྐྲུན་བྱ་ཡུལ་དུ་བདམས། 

9 ཞིབ་འཇུག་གི་གྲུབ་འབྲས།

སྤྱི་ལོ2020ལོའི་ཟླ6པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། ཧྭ་ཀྲུང་ཚན་རྩལ་སློབ་ཆེན་ལ་རྒྱལ་ཁབ་ཀྱི་ཞིབ་འཇུག་ལྟེ་གནས1དང་དེ་བཞིན་རྒྱལ་ཁབ་ཀྱི་ཚན་རྩལ་རྨང་གཞིའི་སྒྲིག་བཀོད་གལ་ཆེན2འཛུགས་སྐྲུན་བྱས་པ་མ་ཟད། ད་དུང་རྒྱལ་ཁབ་ཀྱི་བཟོ་སྐྲུན་ལས་རིགས་ཀྱི་གསར་གཏོད་ལྟེ་གནས1དང་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང4 རྒྱལ་ཁབ་ཀྱི་ལས་གྲྭ(ལག་རྩལ)ཞིབ་འཇུག་ལྟེ་གནས6 རྒྱལ་ཁབ་ཀྱི་ལས་གྲྭའི་ཚོད་ལྟ་ཁང1 རྒྱལ་ཁབ་ཀྱི་ཆེད་ལས་ཚོད་ལྟ་ཁང2 རྒྱལ་ཁབ་ཀྱི་རིགས་གཞན་པའི་ཞིབ་འཇུག་ཞིབ་འཇུག་སྒྲིག་གཞི7 ཞིང་ཆེན་དང་པུའུ་མཉམ་སྐྲུན(རྒྱལ་ཁབ་དང་ས་གནས་མཉམ་འབྲེལ)ཚན་ཞིབ་རྟེན་གཞི5 ཞིང་ཆེན་དང་པུའུ་མཉམ་སྐྲུན་མཐུན་སྦྱོར་གསར་གཏོད་ལྟེ་གནས1 ཚན་རྩལ་པུའི་རྒྱལ་ཁབ་རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་རྟེན་གཞི6 ཞིང་ཆེན་དང་པུའུ་རིམ་པའི་ཞིབ་འཇུག་རྟེན་གཞི་ཁག་གཅིག་བཅས་ཡོད། 

10 རིག་གཞུང་ཐོན་ཁུངས།

སྤྱི་ལོ2017ལོའི་ཟླ12པའི་བར་སློབ་གྲྭར་དཔེ་མཛོད་ཁང་གསུམ་ཡོད་ཅིང་སྤྱིའི་རྒྱ་ཁྱོན་སྨི་གྲུ་བཞི་མ64581ཟིན་པ་དང་ཉར་ཚགས་བྱས་པའི་ཚད་ལྡན་ཡིག་ཆའི་བསྡོམས་འབོར་ཁྲི1045.98 གློག་རྡུལ་དཔེ་དེབ་ཁྲི160བཅས་ཡོད། གློག་རྡུལ་དུས་དེབ་རིགས42202ལ་བསླེབས་ཤིང་ཀྲུང་ཕྱིའི་ཡི་གེའི་གཞི་གྲངས་མཛོད577ཡོད། རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་རིག་གནས་དོ་དམ་སྨན་པ་སོགས་རིག་ཚན་ཆེ་གྲས་དགུ་ཚུད་ཡོད་ལ། དེའི་ནང་རིག་ཚན་གྱི་ཚད་ལྡན་ཡིག་ཆ་བཅུ་གྲངས་ཞིབ་འཇུག་རིམ་པར་སླེབས་པ་དང་འཇར་མན་གྱི་གསོ་རིག་ཚད་ལྡན་ཡིག་ཆ་དང་གྲོང་ཁྱེར་འཛུགས་སྐྲུན་གྱི་ཚན་རིག་ཚད་ལྡན་ཡིག་ཆ་ཉར་ཚགས་བྱས་ཡོད།

11 རིག་གཞུང་དུས་དེབ།

སྤྱི་ལོ2020ལོའི་ཟླ3པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གྲྭས་གཙོ་གཉེར་བྱས་པའི་རིག་གཞུང་དུས་དེབ་སྣ་ཚོགས40ལྷག་ཙམ་དང་། རིག་གནས་དོ་དམ་དང་། རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ། གསོ་རིག་སོགས་ཁྱབ་ཁོངས་མང་པོ་ཚུད་ཡོད། 

དཔྱད་གཞིའི་ཡིག་ཆ།