སྤྱི་ལོ1956ལོར་མཚན་ཉིད་རིག་པའི་སྡེ་ཁག་སླར་གསོ་བྱས།
སྤྱི་ལོ1958ལོར་ཕྱི་ཡིག་སྡེ་ཁག་སླར་གསོ་བྱས་ཤིང་ལོ་དེར་ཀྲུའུ་ཞི་མའོ་ཙེ་ཏུང་སྐུ་ངོ་མས་ཝུའུ་ཏ་རུ་གཟིགས་ཞིབ་གནང་བར་ཕེབས།
སྤྱི་ལོ1960ལོར་ཀྲུང་གུང་ཀྲུང་དབྱང་གིས་རྒྱལ་ཡོངས་ཀྱི་གཙོ་གནད་སློབ་ཆེན་དུ་གཏན་འཁེལ་བྱས།
སྤྱི་ལོ1966ལོར་ཞང་དབྱང་ལུང་ཀྲུང་དུ་ཞང་དབྱང་ཡན་ལག་སློབ་གྲྭ་བཙུགས།
སྤྱི་ལོ1970ལོར་ཅིན་ཀྲོའུ་རུ་ཧྲ་དབྱང་ཡན་ལག་སློབ་གྲྭ་བཙུགས།
སྤྱི་ལོ1977ལོར་ཞང་དབྱང་ཡན་ལག་སློབ་གྲྭ་དང་ཧྲ་དབྱང་ཡན་ལག་སློབ་གྲྭ་བཙུགས།
སྤྱི་ལོ1983ལོར་གསར་འགྱུར་སྡེ་ཁག་བཙུགས།
སྤྱི་ལོ1984ལོར་ཀྲུང་གོའི་ཞིབ་འཇུག་སློབ་མའི་སློབ་གླིང་གི་གྲས་ཤིག་ཏུ་གྱུར་པ་དང་། དཔལ་འབྱོར་དང་དོ་དམ་སློབ་གླིང་སོགས་བཙུགས།
སྤྱི་ལོ1986ལོར་དཔལ་འབྱོར་དང་དོ་དམ་སློབ་གླིང་དེ་དཔལ་འབྱོར་སློབ་གླིང་དང་དོ་དམ་སློབ་གླིང་གཉིས་སུ་ཕྱེ་བར་མ་ཟད། ཁྲིམས་ལུགས་སློབ་གླིང་ཡང་བཙུགས།
སྤྱི་ལོ1988ལོར་དར་མའི་སློབ་གསོ་སློབ་གླིང་དང་འཛུགས་སྐྲུན་རིག་པའི་ཚན་ཁག་བཙུགས།
སྤྱི་ལོ1990ལོར་ཕྱི་སྐད་རྩོམ་རིག་སློབ་གླིང་བཙུགས།
སྤྱི་ལོ1992ལོར་ཆབ་སྲིད་དང་སྲིད་འཛིན་སློབ་གླིང་། ཚེ་སྲོག་ཚན་རིག་སློབ་གླིང་བཅས་བཙུགས།
སྤྱི་ལོ1993ལོར་ལོ་བརྒྱའི་སློབ་གྲྭའི་རྟེན་འབྲེལ་མཛད་སྒོ་གཟབ་རྒྱས་འཚོགས་པ་དང་། ཅང་ཙེ་རྨིན་དང་ལི་ཕེང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་ཕྱག་བྲིས་ཕུལ་ཏེ་རྟེན་འབྲེལ་ཞུས།
སྤྱི་ལོ1994ལོར་བར་སྣང་དངོས་ལུགས་རིག་པའི་ཚན་ཁག་དང་སྐུད་མེད་གློག་འཕྲིན་ཆ་འཕྲིན་བཟོ་སྐྲུན་རིག་པའི་ཚན་ཁག་ཟླ་སྒྲིལ་བཏང་ནས་གློག་རྡུལ་ཆ་འཕྲིན་རིག་པའི་སློབ་གླིང་བཙུགས།
སྤྱི་ལོ1995ལོར་ཝུའུ་ཧན་སློབ་ཆེན་དེ་ཀྲུང་གོའི“211ལས་གྲྭའི”གཙོ་གནད་འཛུགས་སྐྲུན་ནང་ཞུགས་པའི་སློབ་ཆེན་ཁག་དང་པོའི་གྲས་ཤིག་ཏུ་གྱུར།
སྤྱི་ལོ1996ལོར་ཡུལ་སྐོར་སློབ་གླིང་དང་ཁྲིམས་རྩོད་པའི་ཟབ་སྦྱོང་སློབ་གླིང་། མཚན་ཉིད་རིག་པའི་སློབ་གླིང་བཅས་བཙུགས།
སྤྱི་ལོ1997ལོར་རྩོམ་རིག་སློབ་གླིང་དང་། རྩིས་འཁོར་ཚན་རིག་དང་ལག་རྩལ་སློབ་གླིང་། རང་བྱུང་ཚན་རིག་སློབ་གླིང་། རྫས་འགྱུར་སློབ་གླིང་བཅས་བཙུགས།
སྤྱི་ལོ1998ལོར་ལོ་རྒྱུས་རིག་གནས་སློབ་གླིང་དང་ཕྱི་སྦྱོང་སློབ་མའི་སློབ་གསོའི་སློབ་གླིང་བཙུགས།
སྤྱི་ལོ2020ལོའི་ཟླ10པའི་བར་ཝུའུ་ཧན་སློབ་ཆེན་དུ་ནན་ཧྲན་སློབ་ཁུལ་དང་། གསོ་རིག་པུའུ་ཡི་སློབ་ཁུལ། རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་སློབ་གླིང་གི་སློབ་ཁུལ་བཅས་ཡོད་ལ། སྤྱི་ཚོགས་ཚན་རིག་དང་། རང་བྱུང་ཚན་རིག བཟོ་རིག ཆ་འཕྲིན་ཚན་རིག གསོ་རིག་བཅས་སློབ་ཆེན་དྲུག་གི་སློབ་གླིང(ཚན་ཁག)34ཡོད། དངོས་གཞིའི་ཚན་ཁག་གི་ཆེད་ལས123བཙུགས་ཡོད།
ལོ་རྒྱུས་སློབ་གླིང་། མཚན་ཉིད་རིག་པའི་སློབ་གླིང་། རྒྱལ་ཁབ་སློབ་གླིང་། ཕྱི་སྐད་རྩོམ་རིག་སློབ་གླིང་། གསར་འགྱུར་དང་ཁྱབ་སྤེལ་སློབ་གླིང་། སྒྱུ་རྩལ་སློབ་གླིང་།
དོ་དམ་སློབ་གླིང(རྒྱལ་ཁབ་གསང་སྲུང་སློབ་གླིང་ཚུད)དང་། དཔལ་འབྱོར་དང་དོ་དམ་སློབ་གླིང་། ཁྲིམས་ལུགས་རིག་པའི་སློབ་གླིང་། མར་ཁེ་སིའི་རིང་ལུགས་སློབ་གླིང་། ཆབ་སྲིད་དང་སྤྱི་པའི་དོ་དམ་སློབ་གླིང་། སློབ་གསོ་ཚན་རིག་ཞིབ་འཇུག་ཁང་། རྒྱལ་སྤྱིའི་སློབ་གསོའི་སློབ་གླིང་། སྤྱི་ཚོགས་སློབ་གླིང་།
ཆུ་གློག་སློབ་གླིང་། གློག་རླངས་དང་རང་འགུལ་ཅན་སློབ་གླིང་། སྒུལ་ཤུགས་དང་འཕྲུལ་ཆས་སློབ་གླིང་། གྲོང་ཁྱེར་ཇུས་འགོད་སློབ་གླིང་། ཨར་ལས་བཟོ་སྐྲུན་སློབ་གླིང་། བཟོ་ལས་ཚན་རིག་ཞིབ་འཇུག་ཁང་།
བསྡོམས་རྩིས་སློབ་གླིང་དང་། དངོས་ཁམས་ཚན་རིག་དང་ལག་རྩལ་སློབ་གླིང་། རྫས་འགྱུར་དང་ཆ་རྡུལ་ཚན་རིག་སློབ་གླིང་། ཚེ་སྲོག་ཚན་རིག་སློབ་གླིང་། ཐོན་ཁུངས་དང་ཁོར་ཡུག་ཚན་རིག་སློབ་གླིང་། མཐོ་རིམ་ཞིབ་འཇུག་གླིང་།
རྒྱང་ཚོར་ཆ་འཕྲིན་བཟོ་སྐྲུན་སློབ་གླིང་། གློག་རྡུལ་ཆ་འཕྲིན་སློབ་གླིང་། ཐིག་ལེན་རིས་འབྲིའི་སློབ་གླིང་། པར་སྐྲུན་དང་ཐུམ་སྒྲིལ་ཚན་ཁག རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་སློབ་གླིང་།
གསོ་རིག་སློབ་གླིང་། ཁ་ནད་གསོ་རིག་སློབ་གླིང་། བདེ་ཐང་སློབ་གླིང་། (ཕྱི་ཕྱོགས་སུ“HOPEནད་གཡོག་སློབ་གླིང་སོར་འཇོག་བྱེད་པའི”བྱང་བུ) སྨན་རྫས་སློབ་གླིང་། ནད་ཐོག་སྨན་བཅོས་སློབ་གླིང་དང་པོ། ནད་ཐོག་སྨན་བཅོས་སློབ་གླིང་གཉིས་པ། གསོ་རིག་ལས་རིགས་ལག་རྩལ་སློབ་གླིང་། གསོ་རིག་ཞིབ་འཇུག་གླིང་།
དེང་རབས་ཀྱི་མཚན་ཉིད་རིག་པ་དང་། མཚན་ཉིད་རིག་པ། ཆོས་ལུགས་སློབ་ཁྲིད། སེམས་ཁམས་རིག་པ།
རྒྱའི་སྐད་ཡིག་རྩོམ་རིག་དང་རྒྱལ་སྤྱིའི་སློབ་གསོ།
ཨུ་རུ་སུའི་སྐད། ཧྥ་རན་སིའི་སྐད། འཇར་མན་གྱི་སྐད། འཇར་པན་གྱི་སྐད། ཡིག་སྒྱུར། སི་ཕེན་གྱི་སྐད།
ཁྱབ་སྤེལ་རིག་པ། རླུང་འཕྲིན་བརྙན་འཕྲིན་གསར་འགྱུར་རིག་པ། མཚམས་སྦྱོར་བརྡ་ཁྱབ་རིག་པ། རྒྱང་བསྒྲགས་དང་སྒྱུ་རྩལ། མཚམས་སྦྱོར་བརྡ་ཁྱབ་ཇུས་འགོད།
ཟློས་གར། གློག་བརྙན། བརྙན་འཕྲིན་རྩོམ་རིག འཁྲབ་སྟོན།
ལོ་རྒྱུས་རིག་པ། འཛམ་གླིང་ལོ་རྒྱུས། གནའ་རྫས་རྟོག་ཞིབ་རིག་པ།
རྒྱལ་སྤྱིའི་དཔལ་འབྱོར་དང་ཉོ་ཚོང་། དངུལ་རྩའི་རིག་པ། དངུལ་རྩའི་ལས་གཞི། འགན་བཅོལ་རིག་པ། ནོར་སྲིད་རིག་པ། རྩིས་རིག་དཔལ་འབྱོར་ཚོད་ལྟའི་འཛིན་གྲྭ། རྩིས་རིག་དངུལ་རྩའི་ཚོད་ལྟའི་འཛིན་གྲྭ། བཟོ་ཚོང་དོ་དམ། མི་ཤུགས་ཐོན་ཁུངས་དོ་དམ། ཟོག་འགྲེམས་དོ་དམ། ཁྲོམ་རའི་ཚོང་གཉེར། ཡུལ་སྐོར་དོ་དམ། རྩིས་གཉེར་རིག་པ། ནོར་དོན་དོ་དམ། གློག་རྡུལ་ཚོང་དོན།
ཁྲིམས་ལུགས་རིག་པ།
བསམ་བློ་ཆབ་སྲིད་ཀྱི་སློབ་གསོ། མར་ཁེ་སིའི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས།
སྤྱི་ཚོགས་རིག་པ་དང་སྤྱི་ཚོགས་ལས་དོན།
སློབ་སྦྱོང་དང་སྲིད་འཛིན་རིག་པ། ཕྱི་འབྲེལ་རིག་པ(རྒྱལ་སྤྱིའི་ལས་དོན) སྲིད་འཛིན་དོ་དམ། སྤྱི་པའི་བྱ་གཞག་དོ་དམ། ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང(སྤྱི་པའི་དཔལ་འབྱོར་དང་སྤྱི་ཚོགས་འགན་སྲུང)
དཔེ་མཛོད་རིག་པ། ཆ་འཕྲིན་དོ་དམ་དང་བརྡ་འཕྲིན་མ་ལག ཡིག་ཚགས་རིག་པ། རྩོམ་སྒྲིག་དཔེ་སྐྲུན་རིག་པ། གློག་རྡུལ་ཚོང་དོན། གྲངས་འཛིན་དཔེ་སྐྲུན།
ཆ་འཕྲིན་དང་རྩིས་རྒྱག་ཚན་རིག རྩིས་རིག་དང་ཉེར་སྤྱོད་རྩིས་རིག(དངུལ་རྩའི་རྩིས་རིག་ཁ་ཕྱོགས་ཚུད)དང་བསྡོམས་རྩིས་རིག་པ།
དངོས་ཁམས་རིག་པ། རྒྱུ་ཆའི་དངོས་ལུགས། གློག་རྡུལ་ཚན་རིག་དང་ལག་རྩལ། གློག་རྡུལ་ཕྲ་རབ་ཀྱི་ཚན་རིག་དང་ལས་གྲྭ།
རྫས་འགྱུར་དང་ཉེར་སྤྱོད་རྫས་འགྱུར།
སྐྱེ་དངོས་ཚན་རིག་དང་། སྐྱེ་དངོས་ལག་རྩལ། སྐྱེ་ཁམས་རིག་པ།
ཆ་འཕྲིན་ཚན་རིག ས་ཁམས་ཚན་རིག རང་བྱུང་ས་ཁམས་དང་ཐོན་ཁུངས་ཁོར་ཡུག མི་ཆོས་ས་ཁམས་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད། ཁོར་ཡུག་ཚན་རིག ཁོར་ཡུག་ལས་གྲྭ། ས་ཆའི་ཐོན་ཁུངས་དོ་དམ།
ཇུས་འགོད་བཟོ་སྐྲུན་དང་དེའི་རང་འགུལ་ཅན་དང་། རྒྱུ་ཆ་གྲུབ་སྟངས་དང་ཚོད་འཛིན་ལས་གྲྭ། ལྕགས་རིགས་རྒྱུ་ཆའི་ལས་གྲྭ། ནུས་ཁུངས་དང་སྒུལ་ཤུགས་ལས་གྲྭ། ཉིང་རྡུལ་ལས་གྲྭ་དང་ཉིང་རྡུལ་ལག་རྩལ། ནུས་ཁུངས་རྫས་འགྱུར་ལས་གྲྭ
གློག་ཤུགས་བཟོ་སྐྲུན་དང་དེའི་རང་འགུལ་ཅན།
ཨར་ལས་རིག་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད། གྲོང་ཁྱེར་གྱི་འཆར་འགོད་དང་ཇུས་འགོད། ཁོར་ཡུག་ཇུས་འགོད། ཐོན་རྫས་ཇུས་འགོད།
ཨར་ལས། ཆུ་འདོན་ཆུ་ཚན་རིག་དང་བཟོ་སྐྲུན། བཟོ་སྐྲུན་དོ་དམ།
ཆུ་བེད་ཆུ་གློག་ལས་གྲྭ། ཞིང་ལས་ཆུ་བེད་ལས་གྲྭ། ཆུ་དཔྱད་དང་ཆུའི་ཐོན་ཁུངས། གྲུ་ཁའི་མཚོ་འགྲམ་དང་ཆུ་བཅོས་བཟོ་སྐྲུན།
ཆ་འཕྲིན་ཚན་རིག་དང་ལག་རྩལ། འཕྲིན་གཏོང་ལས་གྲྭ། གློག་རྡུལ་ཆ་འཕྲིན་ལས་གྲྭ། འོད་འཕྲིན་ཚན་རིག་དང་ལག་རྩལ། ཚད་ལེན་ཚོད་འཛིན་ལག་རྩལ་དང་དཔྱད་ཆས། གློག་རླབས་ཁྱབ་སྤེལ།
རྩིས་འཁོར་ཚན་རིག་དང་ལག་རྩལ། མཉེན་ཆས་ལས་གྲྭ། མིས་བཟོས་རིག་སྟོབས།
དྲ་རྒྱའི་བར་སྟོང་བདེ་འཇགས་དང་ཆ་འཕྲིན་བདེ་འཇགས།
སའི་གོ་ལའི་དངོས་ལུགས་རིག་པ་དང་། ཐིག་ལེན་རིས་འབྲིའི་ལས་གྲྭ། ཕྱོགས་སྟོན་ལས་གྲྭ།
མཐོང་རིས་ཚན་རིག་དང་ལག་རྩལ། ས་ཁམས་གནས་ཚུལ་ལྟ་ཞིབ་ཚད་ལེན། བར་སྟོང་ཆ་འཕྲིན་དང་གྲངས་ཀའི་ལག་རྩལ།
པར་སྐྲུན་ལས་གྲྭ་དང་ཐུམ་སྒྲིལ་ལས་གྲྭ།
གསོ་རིག སྔོན་འགོག་གསོ་རིག གསོ་རིག་ཞིབ་བཤེར་རིག་པ། སྨན་བཅོས་རིག་པ། ནད་སྐྱོང་རིག་པ། གོ་ལ་ཧྲིལ་པོའི་བདེ་ཐང་། སྐྱེ་དངོས་སྨན་བཟོ།
སྤྱི་ལོ2020ལོའི་ཟླ7པའི་བར་སློབ་གྲྭར་ཆེད་བསྐོས་དགེ་རྒན3771ཡོད་ལ། དེའི་ནང་དགེ་རྒན་ཆེ་མོ་གཞོན་པ2930ལྷག་ཙམ་ཡོད་པའི་ནང་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི9དང་། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི6 ཡོ་རོབ་དང་ཨེ་ཤེ་ཡའི་ཚན་རིག་ཁང་གི་ཡོན་ཧྲི3 སྤྱི་ཚོགས་ཚན་རིག་ཕྱོགས་ཀྱི་བསླབ་གནས་མཐོ་བའི་དགེ་རྒན་ཆེ་མོ་བ7 “རྣམ་གྲངས973”(རྒྱལ་ཁབ་ཀྱི་རྨང་གཞིའི་ཞིབ་འཇུག་འཆར་གཞི་གལ་ཆེན་ཚུད་པ)གྱི་དབུ་བཞུགས་ཚན་རིག་མཁས་ཅན9 “863རྣམ་གྲངས”ཀྱི་འཆར་གཞིའི་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན6 རྒྱལ་ཁབ་ཀྱི་གསར་གཏོད་ཞིབ་འཇུག་ཚོགས་སྤྱི4 རྒྱལ་ཁབ་ཀྱི་ཕུལ་བྱུང་གཞོན་ནུའི་ཚན་རིག་ཐེབས་རྩ65ཐོབ་ཅིང་རྒྱལ་ཁབ་རིམ་པའི་སློབ་ཁྲིད་གྲགས་ཅན་དགེ་རྒན15 རྒྱལ་ཁབ་ཀྱི་དུས་རབས་གསར་པའི“ཤེས་ལྡན་མི་སྣ་ཁྲི་སྟོང་གི་འདུ་འགོད”ནང་ཞུགས་མཁན23བཅས་ཡོད།
སྤྱི་ལོ2020ལོའི་ཟླ7པའི་བར་ཝུའུ་ཧན་སློབ་ཆེན་ལ་འཛམ་གླིང་གི་རིག་ཚན་རྩེ་གྲ10ཡི་འཛུགས་སྐྲུན་རིག་ཚན10དང་། རིམ་པ་དང་པོའི་རིག་ཚན་རྒྱལ་ཁབ་ཀྱི་གཙོ་གནད་རིག་ཚན5ཡོད། རིམ་པ་གཉིས་པའི་རིག་གཞུང་ཚན་ཁག17 རྒྱལ་ཁབ་ཀྱི་གཙོ་གནད་རིག་ཚན(རིམ་པ་དང་པོའི་རིག་ཚན་ཁྱབ་ཚད་ཚུད་མེད) རྒྱལ་ཁབ་ཀྱི་གཙོ་གནད(གསོ་སྐྱོང)རིག་གཞུང་ཚན་ཁག6 རིམ་པ་དང་པོའི་རིག་ཚན36 ཧུའུ་པེ་ཞིང་ཆེན་གྱི་གཙོ་གནད་རིག་ཚན་དུ་གཏན་འཁེལ་བྱས་ཤིང་། འབུམ་རམས་པའི་ཚན་རིག་ཞིབ་འཇུག་ཐོབ་ཐང་སྤྲོད་གནས42ཡོད། འབུམ་རམས་པའི་ཡོན་གནས་སྤྲོད་དབང་རིམ་པ་དང་པོའི་རིག་ཚན47དང་འབུམ་རམས་པའི་ཆེད་ལས་ཡོན་གནས་སྤྲོད་དབང་རིགས། རབ་འབྱམས་པའི་ཡོན་གནས་སྤྲོད་དབང་ཡོད་པའི་རིམ་པ་དང་པོའི་རིག་ཚན58དང་རབ་འབྱམས་པའི་ཆེད་ལས་ཡོན་གནས་སྤྲོད་དབང་ཡོད་པའི་རིགས37ཡོད། རིག་ཚན17གོ་ལ་ཧྲིལ་པོའི་མདུན་གྲལ་དུ་སླེབས་ཡོད།
ཀྲུང་གོའི་སྐད་ཡིག་རྩོམ་རིག་དང་། ཕྱི་སྐད་རྩོམ་རིག གསར་འགྱུར་རིག་པ། ཀྲུང་གོའི་ལོ་རྒྱུས། འཛམ་གླིང་ལོ་རྒྱུས། གནའ་རྫས་རིག་པ། མཚན་ཉིད་རིག་པ། གཞུང་ལུགས་དཔལ་འབྱོར་རིག་པ། ཉེར་སྤྱོད་དཔལ་འབྱོར་རིག་པ། སྤྱི་པའི་དོ་དམ། བཟོ་ཚོང་དོ་དམ། དཔེ་མཛོད་ཁང་གི་གསང་འཕྲིན་དང་ཡིག་ཚགས་དོ་དམ། དོ་དམ་ཚན་རིག་དང་བཟོ་སྐྲུན། ཁྲིམས་ལུགས་རིག་པ། ཆབ་སྲིད་རིག་པ། མར་ཁེ་སིའི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས། སྤྱི་ཚོགས་རིག་པ། དངོས་ཁམས་རིག་པ། རྫས་འགྱུར་རིག་པ། སྐྱེ་ཁམས་རིག་པ། སྐྱེ་ཁམས་རིག་པ། ས་ཁམས་རིག་པ། ཐིག་རིས་ཚན་རིག་དང་ལག་རྩལ། རྩིས་ཚན་རིག་དང་ལག་རྩལ། སྨན་བཅོས་རིག་པ་སོགས་ཡོད།
སྤྱི་ལོ2015ལོའི་ཟླ་དང་པོའི་བར་ཝུའུ་ཧན་སློབ་ཆེན་དུ་རྒྱལ་ཁབ་རིམ་པའི་སྤུས་ལེགས་སློབ་ཚན65དང་ཞིང་ཆེན་རིམ་པའི་སྤུས་ལེགས་སློབ་ཚན95ཡོད་པ་དང་། རྒྱལ་ཁབ་རིམ་པའི་ཁྱད་ལྡན་ཆེད་ལས28དང་ཧུའུ་པེ་ཞིང་ཆེན་གྱི་སྤུས་རྟགས་ཆེད་ལས14ཡོད། རྒྱལ་ཁབ་རིམ་པའི་ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས9དང་། ཧུའུ་པེ་ཞིང་ཆེན་གྱི་ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས22 རྒྱལ་ཁབ་རིམ་པའི་རྟོག་བཟོའི་འདྲ་བཟོས་ཚོད་ལྟའི་སློབ་ཁྲིད་ལྟེ་གནས2 ཧུའུ་པེ་ཞིང་ཆེན་གྱི་རྟོག་བཟོའི་འདྲ་བཟོས་ཚོད་ལྟའི་སློབ་ཁྲིད་ལྟེ་གནས1 རྒྱལ་ཁབ་ཀྱི་རྨང་གཞིའི་ཚན་རིག་ཞིབ་འཇུག་དང་སློབ་ཁྲིད་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་རྟེན་གཞི7 སློབ་གསོ་པུའུ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་གསར་གཏོད་ཚོད་ལྟ་ཁུལ6བཅས་ཡོད།
སྤྱི་ལོ2000ལོ་ནས་སྤྱི་ལོ2014ལོ་བར་ཝུའུ་ཧན་སློབ་ཆེན་ལ་རྒྱལ་ཁབ་ཀྱི་སློབ་ཁྲིད་གྲུབ་འབྲས་བྱ་དགའ41ཐོབ་ཡོད་ལ། དེའི་ནང་སྤྱི་ལོ2001ལོར་བྱ་དགའ་རིམ་པ་དང་པོ་ཁག2དང་བྱ་དགའ་རིམ་པ་གཉིས་པ་ཁག10ཡོད་པ་དང་། སྤྱི་ལོ2005ལོའི་བྱ་དགའ་དང་པོའི་རྣམ་གྲངས1དང་བྱ་དགའ་གཉིས་པའི་རྣམ་གྲངས6 སྤྱི་ལོ2009ལོའི་བྱ་དགའ་ཨང་དང་པོ3དང་ཨང་གཉིས་པ11 སྤྱི་ལོ2014ལོའི་བྱ་དགའ་ཨང་དང་པོ3ཐོབ།
སྤྱི་ལོ2015ལོའི་ཟླ9པའི་བར་ཝུའུ་ཧན་སློབ་ཆེན་གྱིས་ཧ་ཧྥོ་སློབ་ཆེན་དང་། ཡེ་ལུའུ་སློབ་ཆེན། སི་ཐན་ཧྥུའུ་སློབ་ཆེན། ཉིའུ་ཅིན་སློབ་ཆེན། ཅན་ཆའོ་སློབ་ཆེན། ཏུང་ཅིང་སློབ་ཆེན། ལུན་ཏུའོ་སློབ་ཆེན་སོགས་རྒྱལ་ཁབ་དང་ས་ཁུལ45ཡི་སློབ་ཆེན་དང་ཚན་ཞིབ་སྒྲིག་གཞི་དང་མཉམ་ལས་འབྲེལ་བ་བཙུགས་པ་མ་ཟད། སྤྱི་ལོ2012ལོར་ཨ་རིའི་ཏུའུ་ཁེ་སློབ་ཆེན་དང་ཅང་སུའུ་ཞིང་ཆེན་ཁུན་ཧྲན་གྲོང་ཁྱེར་དུ་ཁུན་ཧྲན་ཏུའུ་ཁེ་སློབ་ཆེན་བཙུགས། སློབ་གྲྭ་དེས་ལོ་རེར་ཕྱི་རྒྱལ་གྱི་སྐུ་མགྲོན་མི་ཐེངས་སྤྱི་ལོ2500ལ་སྣེ་ལེན་ཞུས་ཤིང་། ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་བརྒྱ་ཙམ་གདན་དྲངས་ནས་ཡུན་རིང་སློབ་གྲྭར་དགེ་རྒན་བྱས་པ་དང་ལོ་ལྟར་རྒྱལ་སྤྱིའི་རིག་གཞུང་ཚོགས་འདུ་ཐེངས30ལྷག་ཙམ་འཚོགས་ཀྱིན་ཡོད།
སྤྱི་ལོ2019ལོའི་ཟླ6པར་ཝུའུ་ཧན་སློབ་ཆེན་དུ་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང4དང་། རྒྱལ་ཁབ་ཀྱི་ལས་གྲྭའི་ལག་རྩལ་ཞིབ་འཇུག་ལྟེ་གནས2 རྒྱལ་ཁབ་ཀྱི་ཕྱི་རོལ་ཚན་རིག་ལྟ་ཞིབ་ཚད་ལེན་ཞིབ་འཇུག་ས་ཚིགས22011 མཐུན་སྦྱོར་གསར་གཏོད་ལྟེ་གནས2 རྒྱལ་ཁབ་ཀྱི་རྩེར་སོན་ཇུས་འདོན་ཚོགས་པ1 རྒྱལ་ཁབ་ཀྱི་ཚན་རྩལ་རྨང་གཞིའི་ཆ་རྐྱེན་མཉམ་སྤྱོད་ལས་སྟེགས2 སློབ་གསོ་པུའུ་གཙོ་གནད་ཚོད་ལྟ་ཁང9 སློབ་གསོ་པུའུ་འདུ་འགོད་ཞིབ་འཇུག་ལྟེ་གནས5བཅས་ཡོད་པ་དང་། ད་དུང་སློབ་གསོ་པུའུ་སྤྱི་ཚོགས་ཀྱི་རིག་གནས་གཙོ་གནད་ཞིབ་འཇུག་རྟེན་གཞི7དང་། རྒྱལ་ཁབ་ཀྱི་རྨང་གཞིའི་ཚན་རིག་ཞིབ་འཇུག་དང་ཤེས་ལྡན་མི་སྣ་གསོ་སྐྱོང་རྟེན་གཞི10 རྒྱལ་ཁབ་རིམ་པའི་ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས10 རྒྱལ་ཁབ་རིམ་པའི་རྟོག་བཟོའི་འདྲ་བཟོའི་ཚོད་ལྟའི་སློབ་ཁྲིད་ལྟེ་གནས3 རྒྱལ་ཁབ་ཀྱི་སློབ་ཆེན་སློབ་མའི་རིག་གནས་བྱང་ཚད་སློབ་གསོའི་རྟེན་གཞི1བཅས་ཡོད།
སྤྱི་ལོ2014ལོའི་ཟླ12བར་ཝུའུ་ཧན་སློབ་ཆེན་དཔེ་མཛོད་ཁང་གི་ཚད་ལྡན་ཡིག་ཆའི་ཐོན་ཁུངས་བསྡོམས་འབོར་ཁྲི1569ལྷག་ཙམ་ཟིན་པ་དང་། པར་སྐྲུན་རྣམ་པའི་ཚད་ལྡན་ཡིག་ཆ་ཁྱོན་བསྡོམས་ཁྲི698ཡོད་ལ། དེའི་ནང་དཔེ་དེབ་ཁྲི582དང་ཚགས་པར་དང་དུས་དེབ་ཁྲི94བཅས་ཡོད། སྤྱི་ལོ2014ལོར་ཚད་ལྡན་ཡིག་ཆའི་གཞི་གྲངས་མཛོད455མངགས་ཉོ་བྱས་ཤིང་། ཀྲུང་གོ་དང་ཕྱི་རྒྱལ་གྱི་ཡི་གེའི་གློག་རྡུལ་དཔེ་དེབ་ཁྲི871ཟིན་པ་དེའི་ནང་གློག་རྡུལ་དཔེ་དེབ་ཁྲི741ཡོད། གློག་རྡུལ་དུས་དེབ་ཁྲི130དང་དཔེ་མཛོད་ཁང་དུ་དཔེ་རྙིང་ཁྲི20ལྷག་ཙམ་ཉར་ཚགས་བྱས་ཤིང་། ཡོང་འབབ300ལྷག་ཙམ་ཡོད་པའི《ཀྲུང་གོའི་དཔེ་རྙིང་དཔེ་དེབ》རིགས61《རྒྱལ་ཁབ་ཀྱི་རྩ་ཆེའི་དཔེ་རྙིང་ཐོ་གཞུང》ནང་བཅུག
སྤྱི་ལོ2019ལོའི་ཟླ4པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གྲྭས་དུས་བཀག་ལྟར་ཆེད་ལས་དུས་དེབ36ཡོངས་བསྒྲགས་དཔེ་སྐྲུན་བྱས།