ཕིང་ཏིང་ཧྲན་ལས་རིགས་ལག་རྩལ་སློབ་གླིང་།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2020-10-20 09:38ལ་འགྲུབ།

ཕིང་ཏིང་ཧྲན་ལས་རིགས་ལག་རྩལ་སློབ་གླིང་།

ཕིང་ཏིང་ཧྲན་ལས་རིགས་ལག་རྩལ་སློབ་གླིང་།
ཕིང་ཏིང་ཧྲན་ལས་རིགས་ལག་རྩལ་སློབ་གླིང་ནི་ཧོ་ནན་ཞིང་ཆེན་ཕིང་ཏིང་ཧྲན་གྲོང་ཁྱེར་གྱི་དཔེ་སྟོན་ཁུལ་དུ་གནས་པའི་གཞུང་གཉེར་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་མཐོ་རིམ་ལས་རིགས་སློབ་གྲྭ་ཞིག་ཡིན་ལ། སློབ་གླིང་གི་རྒྱ་ཁྱོན་ལ་མུའུ685.5ཡོད་པ་དང་སློབ་ཁུལ་རྙིང་པའི་རྒྱ་ཁྱོན་མུའུ185.5ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
平顶山职业技术学院
ད་ལྟའི་འགོ་ཁྲིད།
སློབ་གཙོ། ཀྲོའུ་པའོ་ཞི།
བཙུགས་ལོ།
སྤྱི་ལོ1978ལོར།
མཐོ་རིམ་ལས་རིགས་ཆེད་ལས།
44
སློབ་སྒྲུབ་ངོ་བོ།
གཞུང་བཙུགས་སློབ་ཆེན།
རྣམ་པ།
ཕྱོགས་བསྡུས།
གཙོ་གཉེར་སྡེ་ཁག
ཧོ་ནན་ཞིང་ཆེན་སློབ་གསོ་ཐིང་།
1 ​ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1978ལོར་ཕིང་ཏིང་ཧྲན་དགེ་རྒན་ཟབ་སྦྱོང་སློབ་གྲྭ་བཙུགས།

སྤྱི་ལོ1980ལོར་ཕིང་ཏིང་ཧྲན་དགེ་རྒན་ཟབ་སྦྱོང་སློབ་གྲྭ་ཕིན་ཏིན་ཧྲན་དགེ་རྒན་ཟབ་སྦྱོང་སློབ་གླིང་དུ་གནས་སྤར། 

སྤྱི་ལོ1959ལོའི་ཟླ10པར་ཕིང་ཏིང་ཧྲན་དགེ་འོས་སློབ་གྲྭ་བཙུགས། 

སྤྱི་ལོ1961ལོར་ཕིང་ཏིང་ཧྲན་དགེ་འོས་སློབ་གྲྭ་མེད་པར་བཟོས། 

སྤྱི་ལོ1973ལོར་ཕིང་ཏིང་ཧྲན་དགེ་འོས་སློབ་གྲྭ་སླར་གསོ་བྱས། 

སྤྱི་ལོ1977ལོར་ཕིང་ཏིང་ཧྲན་དགེ་འོས་སློབ་གྲྭ(མཐོ་རིམ་ལས་རིགས་འཛིན་གྲྭ)བཙུགས།

སྤྱི་ལོ2002ལོའི་ཟླ9བའི་ནང་ཧོ་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཕིན་ཏིན་ཧྲན་དགེ་འོས་སློབ་གྲྭ་དང་ཕིང་ཏིང་ཧྲན་སློབ་གསོ་སློབ་གླིང་གཉིས་ཟླ་སྒྲིལ་གཏོང་བར་ཆོག་མཆན་བཀོད།

སྤྱི་ལོ2009ལོའི་ཟླ12པར་ཕིང་ཏིང་ཧྲན་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཧོ་ནན་ཞིང་ཆེན་མཐོ་རིམ་ལས་རིགས་སློབ་གསོའི་འགག་སྒྲོལ་འཆར་གཞི་དོན་འཁྱོལ་བྱ་ཆེད། ཕིང་ཏིང་ཧྲན་སློབ་གསོའི་སློབ་གླིང་རྟེན་གཞིར་བྱས་ཏེ་ཕིང་ཏིང་ཧྲན་གྲོང་ཁྱེར་རིག་གནས་སྒྱུ་རྩལ་སློབ་གྲྭ་དང་ཕིང་ཏིང་ཧྲན་གྲོང་ཁྱེར་ཡུལ་སྐོར་སློབ་གྲྭ་སྡེབ་སྒྲིག་བཏང་།

སྤྱི་ལོ1982ལོར་ཕིང་ཏིང་ཧྲན་གྲོང་ཁྱེར་ཟློས་གར་སློབ་གྲྭ་བཙུགས། 

སྤྱི་ལོ1987ལོར་གྲོང་ཁྱེར་ཟློས་གར་སློབ་གྲྭ་ཕིང་ཏིང་ཧྲན་གྲོང་ཁྱེར་རིག་གནས་སྒྱུ་རྩལ་སློབ་གྲྭར་མིང་བསྒྱུར། 

སྤྱི་ལོ1959ལོར་ཕིང་ཏིང་ཧྲན་ལག་རྩལ་བཟོ་པའི་སློབ་གྲྭ་བཙུགས། 

སྤྱི་ལོ2006ལོར་ཕིང་ཏིང་ཧྲན་ཡུལ་སྐོར་སློབ་གྲྭ་བཙུགས། 

སྤྱི་ལོ2007ལོར་ཕིང་ཏིང་ཧྲན་གྲོང་ཁྱེར་ལག་རྩལ་བཟོ་པའི་སློབ་གྲྭར་མིང་བསྒྱུར་ཏེ་ཕིང་ཏིང་ཧྲན་གྲོང་ཁྱེར་མཐོ་རིམ་ལག་རྩལ་བཟོ་པའི་སློབ་གྲྭ་བཙུགས།

2 སློབ་གླིང་ངོ་སྤྲོད་མདོར་བསྡུས།

ཕིང་ཏིང་ཧྲན་ལས་རིགས་ལག་རྩལ་སློབ་གླིང་ནི་ཧོ་ནན་ཞིང་ཆེན་ཕིང་ཏིང་ཧྲན་གྲོང་ཁྱེར་གྲོང་གསར་གཞི་གཅིག་ཅན་གྱི་དཔེ་སྟོན་ཁུལ་དུ་གནས་ཤིང་། གཞུང་བཙུགས་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་ལས་རིགས་སློབ་གྲྭ་ཞིག་ཡིན་ལ་སློབ་སྒྲུབ་གྱི་ལོ་རྒྱུས་རིང་ཞིང་ཆེས་ཐོག་མར1959ལོར་ཁུངས་འདེད་བྱས་ཆོག འཕེལ་རྒྱས་ཀྱི་བརྒྱུད་རིམ་ནང་སྤྱི་ལོ2003ལོ་དང་སྤྱི་ལོ2009ལོར་བསྡུ་སྒྲིལ་ཐེངས་གཉིས་བྱས་པ་བརྒྱུད། སློབ་སྒྲུབ་སྔར་བས་ཁ་གསལ་དུ་ཕྱིན་པ་དང་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་མཐོ་རིམ་ལས་རིགས(ཆེད་ལས་ཚན་ཁག)ཀྱི་སློབ་གསོ་དང་། དར་མའི་མཐོ་རིམ་ལས་རིགས་སློབ་གསོ། སློབ་གྲྭ་ཆུང་འབྲིང་གི་དགེ་རྒན། སློབ་གསོ་སྲིད་འཛིན་ལས་བྱེད་པ་གསོ་སྦྱོང་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་མཐོ་རིམ་ལས་རིགས་སློབ་གླིང་ཞིག་ཏུ་གྱུར་ཡོད། སྤྱི་ལོ2017ལོའི་ཟླ9པའི་ཟླ་མཇུག་ཏུ་སློབ་གྲྭའི་དགེ་སློབ་ཁག་དང་པོ་སློབ་ཁུལ་གསར་པར་དངོས་སུ་བཅའ་སྡོད་བྱས་པ་དང་སྤྱི་ལོ2017ལོའི་ཟླ10པར། ཧོ་ནན་ཞིང་ཆེན་མཐོ་རིམ་སློབ་གྲྭའི་སྒྲིག་ལུགས་དཔྱད་མོལ་ཨུ་ཡོན་ལྷན་ཁང་གི་རིགས་གཅིག་མཁས་པའི་ཚོ་ཆུང་གིས་སློབ་གྲྭའི་ལམ་ལུགས་བསྒྱུར་བཅོས་ལ་ཞིབ་དཔྱད་བྱས་པ་བདེ་བླག་ངང་གྲོས་འཆམ་བྱུང་། 

3 སློབ་སྒྲུབ་གཞི་ཁྱོན།

སློབ་གྲྭའི་རྒྱ་ཁྱོན་ལ་མུའུ500ཡོད་པ་དང་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི24.4ཡོད། སློབ་ཁྲིད་ཀྱི་སྒྲིག་བཀོད་ཆ་ཚང་བ་དང་བཀོད་པ་ལུགས་དང་མཐུན། སློབ་གྲྭར་ད་ལྟ་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་ལས་རིགས་སློབ་གྲྭའི་སློབ་མ8300ལྷག་ཙམ་ཡོད་ཅིང་། རྒྱ་ཡིག་ཚན་ཁག་དང་ཕྱི་སྐད་ཚན་ཁག་སོགས་སློབ་ཁྲིད་ཚན་ཁག(པུའུ)15ཡོད་པ་དང་མཐོ་རིམ་ལས་རིགས(ཆེད་ལས་ཚན་ཁག)ཆེད་ལས44བཙུགས་ཡོད། སློབ་གྲྭའི་དགེ་རྒན་གྱི་སྟོབས་ཤུགས་ཆེ་ཞིང་ད་ལྟ་དགེ་རྒན་དང་ལས་བཟོ་པ393ཡོད་ལ། དེའི་ནང་མཐོ་རིམ་གཞོན་པ་ཡན་གྱི་གོ་མིང་ཡོད་མཁན86ཡོད་པ་དང་རབ་འབྱམས་པ་ཡན་གྱི་བསླབ་གནས་ཡོད་པའི་དགེ་རྒན70ཡོད། ཞིང་ཆེན་དང་གྲོང་ཁྱེར་རིམ་པའི་རིག་གཞུང་ལག་རྩལ་སྣེ་ཁྲིད་པ90དང་གྲོང་ཁྱེར་རིམ་པའི་རྩེར་སོན་ཤེས་ལྡན་མི་སྣ10ཡོད།

4 སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།

རྒྱ་ཡིག་ཚན་ཁག རྩིས་རིག་ཚན་ཁག ཕྱི་སྐད་ཚན་ཁག རྩིས་འཁོར་ཚན་རིག་དང་ཉེར་སྤྱོད་ཚན་ཁག སྐྱེ་དངོས་རྫས་འགྱུར་ཚན་ཁག མཛེས་རྩལ་ཚན་ཁག ལུས་རྩལ་ཚན་ཁག རོལ་དབྱངས་ཚན་ཁག ནོར་སྲིད་དཔལ་འབྱོར་ཚན་ཁག དངོས་ཁམས་དང་གློག་རྡུལ་ལག་རྩལ་ཚན་ཁག སློབ་གསོ་ཚན་ཁག སྲིད་གཞུང་དང་ཞབས་བྲོ་འཁྲབ་སྟོན་མཐོ་རིམ་ལས་རིགས། ཡུལ་སྐོར་དང་བཟོ་སྐྲུན་དོ་དམ་པུའུ། བྱིས་པའི་དགེ་འོས་པུའུ་བཅས་ཡོད།

5 གཟི་བརྗིད་མཚན་སྙན།

སྔ་རྗེས་སུ“རྒྱལ་ཁབ་རིམ་པའི་སྐད་ཡིག་ཚད་ལྡན་ཅན་གྱི་དཔེ་སྟོན་སློབ་གྲྭ”དང་། “རྒྱལ་ཡོངས་སློབ་གྲྭའི་སྒྱུ་རྩལ་སློབ་གསོའི་སྔོན་ཐོན་ཚན་པ”“རྒྱལ་ཡོངས་ཀྱི་སྒྱུ་རྩལ་རིགས་ཀྱི་སློབ་གསོའི་སྔོན་ཐོན་ཚན་པ”“ཞིང་ཆེན་རིམ་པའི་དཔལ་ཡོན་ཚན་པ”“ཧོ་ནན་ཞིང་ཆེན་གྱི་ཕུལ་བྱུང་གཞི་རིམ་ཏང་རྩ་འཛུགས”“ཞིང་ཆེན་རིམ་པའི་འཕྲོད་བསྟེན་སྔོན་ཐོན་ཚན་པ”“ཧོ་ནན་ཞིང་ཆེན་གྱི་ལས་རིགས་སློབ་གསོའི་སློབ་ཁྲིད་ཞིབ་འཇུག་ལས་དོན་གྱི་སྔོན་ཐོན་ཚན་པ”“ཧོ་ནན་ཞིང་ཆེན་གྱི་སྐྱེད་ཚལ་ཚན་པ”“ཧོ་ནན་ཞིང་ཆེན་གྱི་མཐོ་རིམ་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་སྔོན་ཐོན་ཚན་པ”“ཧོ་ནན་ཞིང་ཆེན་གྱི་ཁྲིམས་ལྟར་སློབ་གྲྭ་སྐྱོང་བའི་དཔེ་སྟོན་སློབ་གྲྭ”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད། 

6 སློབ་གླིང་གནས་ཡུལ།

ཧོ་ནན་ཞིང་ཆེན་ཕིང་ཏིང་ཧྲན་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་དཔེ་སྟོན་ཁུལ་ཁྲང་ཨན་ལམ་ཆེན་ནུབ་མ་རུ་གནས། 

དཔྱད་གཞིའི་ཡིག་ཆ།