ཀྲེང་ཀྲོའུ་ལུས་རྩལ་ལས་རིགས་སློབ་གླིང་སློབ་ཡུན་ལོ་གསུམ་ཡིན་པ་དང་སྤྱི་ལོ2020ལོར་ཧོ་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་གནང་བ་དང་རྒྱལ་ཁབ་སློབ་གསོ་པུའུ་ཡིས་ཐོ་འགོད་སྙན་སེང་ཞུས་ཏེ་བཙུགས་ཤིང་། ཀྲེང་ཀྲོའུ་ལུས་རྩལ་ལས་རིགས་སློབ་གླིང་། ཧྲའོ་ལིན་ཡན་ལུའུ་སློབ་གསོ་ཚོགས་པས་གཙོ་གཉེར་བྱེད་བཞིན་ཡོད།
ཀྲེང་ཀྲོའུ་ལུས་རྩལ་ལས་རིགས་སློབ་གླིང་གིས་གཙོ་བོ་ལས་རིགས་དང་ས་གནས་ལ་ཁ་ཕྱོགས་ནས་དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པའི་ལག་རྩལ་རྩལ་ནུས་ཅན་གྱི་ཤེས་ལྡན་པ་གསོ་སྐྱོང་བྱེད་ཀྱིན་ཡོད་ལ། སློབ་གྲྭ་དེ་རུ་ཆེད་སྦྱོང་ཚན་ཁག་རིམ་པའི་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་སློབ་མ5000གཏན་འཁེལ་བྱས་པ་ཤིང་། ཁག་དང་པོར་ལུས་རྩལ་སློབ་གསོ་དང་། མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ། ལུས་རྩལ་སྒྱུ་རྩལ་འཁྲབ་སྟོན། ལུས་རྩལ་བདེ་སྲུང་དང་ལུས་གསོ། ལུས་སྦྱོང་མཛུབ་སྟོན་དང་དོ་དམ་བཅས་ཆེད་ལས5བཙུགས་པ་དང་། ཆེད་ལས་བཀོད་སྒྲིག་ནི་རྒྱལ་ཁབ་དང་ཧོ་ནན་ཞིང་ཆེན་གྱི་འབྲེལ་ཡོད་གཏན་འབེབས་ལྟར་བསྒྲུབ་དགོས་པ་ཞིག་ཡིན།