ཧོ་ནན་ཟོག་འགྲེམས་ལས་རིགས་སློབ་གླིང་།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2020-10-20 09:38ལ་འགྲུབ།

ཧོ་ནན་ཟོག་འགྲེམས་ལས་རིགས་སློབ་གླིང་།

ཧོ་ནན་ཟོག་འགྲེམས་ལས་རིགས་སློབ་གླིང་།
ཧོ་ནན་ཟོག་འགྲེམས་ལས་རིགས་སློབ་གླིང་ནི་སྤྱི་ལོ2017ལོར་ཧོ་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་གསོ་པུའུ་ཡིས་ཐོ་འགོད་སྙན་སེང་བྱས་པའི་གཞུང་བཙུགས་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་ལས་རིགས་སློབ་གྲྭ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
河南物流职业学院
ཁོངས་གཏོགས་ཁེ་ལས།
ཧོ་ནན་ཞིང་ཆེན་མཁོ་ཚོང་མཉམ་ལས་སྤྱི་ཁྱབ་ཁང་།
བཙུགས་ལོ།
སྤྱི་ལོ2017ལོར།
རིགས་དབྱེ།
རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ།
སློབ་སྒྲུབ་ངོ་བོ།
གཞུང་སྒྲུབ་སློབ་ཆེན།
ངོ་བོ།
ཞིང་ཆེན་ཐད་གཏོགས་སློབ་གླིང་།
1 ​འཛུགས་སྐྲུན་རྒྱབ་ལྗོངས།

ཧོ་ནན་ཟོག་འགྲེམས་ལས་རིགས་སློབ་གླིང་དེ་སྤྱི་ལོ2017ལོར་བཙུགས་ཤིང་། ཧོ་ནན་ཞིང་ཆེན་མཁོ་ཚོང་མཉམ་ལས་སྤྱི་ཁྱབ་ཁང་གིས་བསྐྲུན་པའི་ཞིང་ཆེན་གྱི་ཟོག་འགྲེམས་ལས་རིགས་སློབ་གླིང་དང་པོ་དེ་ཡིན་ལ། ཧོ་ནན་ཞིང་ཆེན་ཉིད་རྒྱལ་ཡོངས་རང་བཞིན་གྱི་ཟོག་འགྲེམས་ལྟེ་གནས་ཡིན་པའི་ཆ་ནས་ཟོག་འགྲེམས་ལས་རིགས་ཀྱིས་ཧོ་ནན་གྱི་ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་དང་རིམ་སྤར་རིགས་བསྒྱུར་ལ་ཐོན་པའི་ནུས་པ་ཉིན་བཞིན་ཇེ་ཆེར་འགྲོ་བཞིན་ཡོད། བསྡོམས་རྩིས་བྱས་པ་ལྟར་ཧོ་ནན་ཞིང་ཆེན་གྱི་ཆེད་ལས་ཟོག་འགྲེམས་ཁེ་ལས་ཀྱི་ལས་ཞུགས་མི་སྣའི་ཁྲོད་ཆེད་ཚན་ཡན་གྱི་བསླབ་གནས་ཡོད་མཁན་གྱིས16%ལས་བཟུང་མེད་པ་དང་ཟོག་འགྲེམས་ཆེད་ལས་སློབ་གསོའི་རྒྱབ་ལྗོངས་ཡོད་མཁན་གྱིས3%ལས་བཟུང་མེད། ཧོ་ནན་ཟོག་འགྲེམས་ལས་རིགས་སློབ་གླིང་བསྐྲུན་ནས་མ་ལག་དང་སྤྱི་ཚོགས་ལ་བྱང་ཚད་མཐོ་བའི་ཆེད་ལས་ཟོག་འགྲེམས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས། 

2 འཛུགས་སྐྲུན་མྱུར་ཚད།     

ཧོ་ནན་ཟོག་འགྲེམས་ལས་རིགས་སློབ་གླིང་གི་རྨང་གཞིའི་འཛུགས་སྐྲུན་ལས་གྲྭ་ལས་འགོ་ཚུགས་ཡོད་ལ། སྔོན་དཔག་བྱས་ན་དུས་ཐེངས་དང་པོའི་ལས་གྲྭ་སྤྱི་ལོ2017ལོའི་ཟླ5པར་གཙོ་བོ་སྒོ་རྒྱག་རྒྱུ་དང་ཟླ7པར་རྩིས་སྤྲོད་བེད་སྤྱོད་བྱས། 

3 སློབ་གླིང་གི་འཆར་འགོད།

ཧོ་ནན་ཟོག་འགྲེམས་ལས་རིགས་སློབ་གླིང་ནི་ཧོ་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་སྤྲད་ནས་བཙུགས་པ་དང་འབྲེལ་སློབ་གསོ་པུའུ་ཡིས་ཐོ་འགོད་སྙན་སེང་བྱས་པའི་གཞུང་བཙུགས་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་ལས་རིགས་སློབ་གྲྭ་ཞིག་ཡིན་ལ། སློབ་གླིང་གི་སྤྱིའི་རྒྱ་ཁྱོན་མུའུ600.45ཟིན་པ་དང་འཆར་འགོད་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི26ཟིན་ཡོད། སྤྱིའི་ཇུས་འགོད་ལྟར་བཀོད་སྒྲིག་བྱས་པའི་ནང་སློབ་གླིང་གི་ལྷོ་བྱང་གནས་སུ་ལྟེ་བའི་ནང་དཔེ་མཛོད་ཁང་དང་། སློབ་གྲྭའི་ལོ་རྒྱུས་ཁང་། ཚོགས་འདུའི་ལྟེ་གནས། སྲིད་འཛིན་གཞུང་ལས་ཁུལ་སོགས་བཙུགས་ཡོད། གཞན་ལུས་རྩལ་ཁུལ། སྤྱི་པའི་བྱེད་སྒོའི་ཁུལ། སློབ་སྦྱོང་ཐང་ཆེན། ཀྲུང་ཡོན་རིག་གནས་ཡུལ་སྲོལ་ཁྲོམ་གཞུང་ཚོང་ལས་ཁུལ། དངོས་སྦྱོང་རྟེན་གཞི(གསར་གཏོད་ལས་གཏོད་ཀྱི་ལས་སྟེགས་ཚུད)ཚུད་ཡོད། མིག་སྔར་སློབ་གླིང་འཛུགས་སྐྱོང་ལ་སྐུལ་འདེད་བརྟན་པོ་བཏང་ནས་སློབ་གསོ་སློབ་ཁྲིད་དང་། ཚོད་ལྟའི་དངོས་སྦྱོང་། སློབ་སྦྱོང་དང་འཚོ་བའི་ཆ་རྐྱེན་བཅས་མགྱོགས་མྱུར་འཐུས་སྒོ་ཇེ་ཚང་དུ་གཏོང་བཞིན་ཡོད། 

སྤྱི་ལོ2018ལོར་ཟོག་འགྲེམས་དོ་དམ་དང་། ཟོག་སྦྲེལ་དྲ་རྒྱའི་ཉེར་སྤྱོད་ལག་རྩལ། གློག་རྡུལ་ཚོང་དོན། རྩིས་གཉེར་སོགས་ཆེད་ལས་བཞི་བསྡུ་རྩིས་ཡོད་ལ། དུས་རབས་གསར་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་དམིགས་འབེན་གོང་སྤེལ་འཆར་འགོད་ལ་གཞིགས་ནས་མ་འོངས་པའི་ལོ10ཡི་རིང་། སློབ་གླིང་གི་གཞི་ཁྱོན་དང་སྤུས་ཚད་དེ་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཆེས་ཆེར་མཐོ་རུ་བཏང་ནས་ཞིང་ཆེན་ཡོངས་ཀྱི་མཐོ་རིམ་ཟོག་འགྲེམས་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་རྟེན་གཞི་དང་། རྒྱལ་སྤྱིའི་མཁོ་ཚོང་མཉམ་ལས་སློབ་གསོའི་དཔེ་སྟོན་རྟེན་གཞི། “རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་རྒྱལ་ཁབ་དང་ས་ཁུལ་གྱི་ཚོང་དོན་ཟོག་འགྲེམས་ཤེས་ལྡན་མི་སྣ་གསོ་སྦྱོང་དང་ཕྱིར་གཏོང་རྟེན་གཞིར་འགྱུར་རྒྱུ་རེད། དེང་རབས་ཀྱི་དངོས་ཟོག་སྐྱེལ་འདྲེན་ཐོན་ལས་ཚུལ་སྒྱུར་རིམ་སྤར་ལ་ཞབས་འདེགས་ཞུ་བ་དང་། ཧོ་ནན་རྒྱལ་སྤྱིའི་ཚོང་དོན་ཟོག་འགྲེམས་ལྟེ་གནས་འཛུགས་སྐྲུན་དང་ཀྲེང་ཀྲོའུ་རྒྱལ་ཁབ་ཀྱི་ལྟེ་བའི་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏོང་བ། མཐོ་རིམ་ལས་རིགས་སློབ་གསོའི་གྲུབ་ཆའི་བཀོད་པ་ལེགས་སུ་གཏོང་བའི་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། 

4 གཟི་བརྗིད་མཚན་སྙན།

སྤྱི་ལོ2020ལོའི་ཟླ་དང་པོར་ཧོ་ནན་ཟོག་འགྲེམས་ལས་རིགས་སློབ་གླིང་གི་དྲ་རྒྱའི་དོ་དམ་ལྟེ་གནས་ལ་ཧོ་ནན་ཞིང་ཆེན་སློབ་གསོ་ཐིང་གིས“སྤྱི་ལོ2019ལོའི་ལོ་འཁོར་གྱི་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ལས་དོན་གྱི་སྔོན་ཐོན་ཚན་པའི”གཟི་བརྗིད་མཚན་སྙན་སྤྲད། 

དཔྱད་གཞིའི་ཡིག་ཆ།