ཞིན་དབྱང་མཁའ་འགྲུལ་ལས་རིགས་སློབ་གླིང་།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2020-10-20 09:38ལ་འགྲུབ།

ཞིན་དབྱང་མཁའ་འགྲུལ་ལས་རིགས་སློབ་གླིང་།

ཞིན་དབྱང་མཁའ་འགྲུལ་ལས་རིགས་སློབ་གླིང་།
ཞིན་དབྱང་མཁའ་འགྲུལ་ལས་རིགས་སློབ་གླིང་ནི་ཧོ་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་དང་རྒྱལ་ཁབ་སློབ་གསོ་པུའུ་ཡིས་ཐོ་འགོད་སྙན་སེང་བྱས་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཅན་གྱི་མཐོ་རིམ་ལས་རིགས་སློབ་གླིང་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
信阳航空职业学院
གཙོ་གཉེར་སྡེ་ཁག
ཧོ་ནན་ཞིང་ཆེན་སློབ་གསོ་ཐིང་།
བཙུགས་ལོ།
སྤྱི་ལོ2018ལོའི་ཟླ5པའི་ཚེས23ཉིན།
སློབ་གྲྭའི་ཚབ་ཨང་།
14634
རྣམ་པ།
དམངས་སྒྲུབ་མཐོ་རིམ་ལས་རིགས་སློབ་གླིང་།
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
མཁའ་འགྲུལ་ཞབས་ཞུ་སྡེ་ཁག མཁའ་འགྲུལ་ལག་རྩལ་སྡེ་ཁག འཕུར་སྐྱོད་ལག་རྩལ་སྡེ་ཁག སྤྱི་པའི་སློབ་ཁྲིད་སྡེ་ཁག
1 ​སློབ་སྒྲུབ་ལོ་རྒྱུས།

སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ40སོང་རིང་རང་རྒྱལ་གྱི་མཁའ་འགྲུལ་ལས་རིགས་འཕེལ་རྒྱས་བྱུང་ཡོད་ལ། སྤྱི་ལོ2005ལོ་ནས་བཟུང་རང་རྒྱལ་གྱི་མཁའ་འགྲུལ་སྐྱེལ་འདྲེན་གྱི་འཁོར་རྒྱུག་བྱེད་ཚད་འཛམ་གླིང་གི་ཨང་གཉིས་པར་སླེབས་ཡོད། ཀྲུང་གོ་ནི་འཛམ་གླིང་མཁའ་འགྲུལ་ཁྱབ་ཁོངས་འཕེལ་རྒྱས་ཀྱི་གཞི་ཁྱོན་ཆེ་ཤོས་དང་འཕར་ཚད་མགྱོགས་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་ལ། དེང་སྐབས་འཛམ་གླིང་ཐོག་མིང་དོན་མཚུངས་པའི་མཁའ་འགྲུལ་སྐྱེལ་འདྲེན་རྒྱལ་ཁབ་ཆེན་པོ་ཞིག་ཀྱང་ཡིན།  

སྤྱི་ལོ2025ལོར་སླེབས་སྐབས་རྒྱལ་ཁབ་ཀྱིས་གནམ་གྲུ་ཐང136ཇེ་མང་དུ་གཏོང་རྒྱུ་དང་དམངས་སྤྱོད་སྐྱེལ་འདྲེན་གནམ་གྲུ་ཐང370ཟིན་རྒྱུ་རེད། སྤྱི་ལོ2020ལོར་སླེབས་སྐབས་ཧོ་ནན་ཞིང་ཆེན་དུ་དམངས་སྤྱོད་གནམ་གྲུ་ཐང15ཡོད་པ་དང་ཧོ་ནན་ཞིང་ཆེན་དུ་གནམ་གྲུ་ཐང5 ཞིང་ཆེན་ནང་ཁུལ་གྱི་དམངས་སྤྱོད་མཁའ་འགྲུལ་གྱི་ཆེད་ལས་ཤེས་ལྡན་མི་སྣའི་དགོས་མཁོ་མི་ཁྲི7ཡན་ཟིན་ཡོད། དེའི་ནང་ཞིན་དབྱང་གྲོང་ཁྱེར་དུ་མིང་ཀང་དང་ཅི་ཁྲོན་གནམ་གྲུ་ཐང2ཡོད་པས་ཆེད་ལས་ཤེས་ལྡན་མི་སྣ་འབོར་ཆེན་ཞིག་མྱུར་དུ་ཁ་སྣོན་བྱེད་དགོས། 

སློབ་གླིང་གིས་ལས་ཞུགས་ཕྱོགས་སྟོན་དུ་བྱས་ནས་སློབ་གྲྭ་དང་ཁེ་ལས་མཉམ་ལས་བྱེད་དགོས་ལ། ཐོན་སྐྱེད་དང་། འཛུགས་སྐྲུན། དོ་དམ། ཞབས་ཞུ་བཅས་ཀྱི་འཐབ་ཕྱོགས་དང་པོར་མཁོ་བའི་བྱང་ཚད་མཐོ་བའི་ལག་རྩལ་དང་རྩལ་ནུས་ཅན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་དགོས་ཞེས་པའི་འདུ་ཤེས་བཟུང་སྟེ། སློབ་མར་འཕེལ་རྒྱས་དོན་གཉེར་དང་གོ་སྐབས་འཚོལ་གང་ཐུབ་བྱ་དགོས་ཤིང་ཁེ་ལས་ཀྱིས་ཤེས་ལྡན་མི་སྣ་བསྡུ་སྤྱོད་བྱེད་པར་ལས་སྟེགས་བསྐྲུན་ནས་སློབ་མའི་ལས་རིགས་དོན་གཉེར་གྱི་འགོ་འཛུགས་ས་མཐོ་ཤོས་མངོན་འགྱུར་ཧུར་ཐག་བྱེད་དགོས། སློབ་གླིང་གིས་ཀྲུང་གོ་མཁའ་འགྲུལ་བཟོ་ལས་ཚོགས་པའི་ཁེ་ལས་དང་། མཁའ་དམག་མཁའ་འགྲུལ་ཉམས་བཟོ་ཁེ་ལས། དམངས་སྤྱོད་མཁའ་འགྲུལ་ཁེ་ལས། འཇིག་རྟེན་འཕུར་སྐྱོད་ཁེ་ལས། སྒྲིག་ཆས་བཟོ་སྐྲུན་ལས་རིགས་སོགས་ཁེ་ལས་བརྒྱ་ཙམ་ལས་གྲུབ་པའི་སློབ་ཐོན་སློབ་མའི་ལས་ཞུགས་རྟེན་གཞི་བརྟན་པོ་ཞིག་བསྐྲུན་ཡོད། 

2 འཛུགས་སྐྲུན་གྲུབ་འབྲས། 

སློབ་གླིང་གི་སྒྲིག་ཆས་ཆ་ཚང་བ་དང་དངོས་སྦྱོང་གི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས་སློབ་གཉེར་གྱི་དགོས་མཁོ་རྦད་དེ་སྐོང་ཐུབ་ཀྱིན་ཡོད། དངོས་སྦྱོང་བྱ་ཡུལ་གྱི་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི10ཟིན་པ་དང་། ད་དུང་ཆེད་ལས་སློབ་ཁྲིད་དང་འཚམ་པའི་གནམ་གྲུའི་འཕྲུལ་དོན་ཉམས་གསོའི་དངོས་སྦྱོང་འཁོར་ཁང་དང་། མཁའ་འགྲུལ་ཞབས་ཞུའི་དངོས་སྦྱོང་ལྟེ་གནས། འཕྲུལ་ཆས་ལས་སྣོན་དངོས་སྦྱོང་འཁོར་ཁང་། འཕྲུལ་ཆས་ལས་གྲྭའི་དངོས་སྦྱོང་འཁོར་ཁང་། བཟོ་ལས་འཕྲུལ་མིའི་དངོས་སྦྱོང་འཁོར་ཁང་། རིག་གནས་གསར་གཏོད་དངོས་སྦྱོང་ལྟེ་གནས་སོགས་དངོས་སྦྱོང་བྱེད་ས45བཙུགས་ཡོད། ལད་ཟློས་མཁའ་འགྲུལ་ལྟེ་གནས་དང་རླབས་སྒྲ737-NGལད་ཟློས་གནམ་གྲུ། གནམ་གྲུ་ཐང་། བདེ་འཇགས་ཞིབ་བཤེར། VIPཞབས་ཞུའི་ཚོམས་ཆེན་སོགས་ཡོད། 

3 སློབ་གླིང་དང་སྡེ་ཁག་གི་ཆེད་ལས། 

སློབ་གླིང་ལ་ད་ལྟ་མཁའ་སྐྱོད་བཟོ་སྐྲུན་སློབ་གླིང་ཡོད་ཅིང་འཕུར་སྐྱོད་སློབ་གླིང་དང་། མཁའ་འགྲུལ་དོ་དམ་སློབ་གླིང་། རླངས་འཁོར་བཟོ་སྐྲུན་སློབ་གླིང་། རྒྱལ་སྤྱིའི་ཚོང་ལས་སློབ་གླིང་། རྒྱུན་མཐུད་སློབ་གསོའི་སློབ་གླིང་བཅས་རིམ་པ་གཉིས་པའི་སློབ་གླིང6ཡོད། ཆེད་ལས་ཀྱི་ཁ་ཕྱོགས22བཅས་ཡོད་ཅིང་མཁའ་ཐོག་གི་འཕྲུལ་ལས་དང་། འཕྲུལ་འཁོར་དང་གློག་གི་སྒྲིག་ཆས་ཉམས་གསོ། མི་མེད་གནམ་གྲུའི་ཉེར་སྤྱོད་ལག་རྩལ། གནམ་གྲུའི་ལྷུ་ལག་ཉམས་བཟོ། གནམ་གྲུའི་གྲུབ་ཆ་ཉམས་གསོ། ཐད་འཕུར་གནམ་གྲུའི་ཁ་ལོ་བའི་ལག་རྩལ་བཅས་འཛུགས་དགོས།

3_1 གནམ་གྲུའི་སྒྲིག་ཆས་ཉམས་གསོ་ཆེད་ལས། 

གནམ་གྲུའི་སྒུལ་ཤུགས་སྒྲིག་ཆས། གནམ་གྲུའི་གློག་ཤུགས་མ་ལག་བཅས་ལ་ཁ་ཕྱོགས་ཏེ་ཐོན་སྐྱེད་ལས་ཡུལ་དངོས་ཀྱིས་འཕྲུལ་གློག་ཆེད་ལས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུའི་བླང་བྱ་སྲུང་སྐྱོབ་དང་། མཁའ་འགྲུལ་འབར་རླངས་སྒྲོ་གཤོག་སྒུལ་བྱེད་འཕྲུལ་འཁོར་གྱི་རྩ་བའི་རིགས་པ་དང་གྲུབ་ཚུལ། འཕྲུལ་གློག་སྒྲིག་ཆས་ཉམས་གསོ་སོགས་སློབ་ཚན་སློབ་སྦྱོང་དང་ལག་ལེན་བྱས་པ་བརྒྱུད། ཆེད་ལས་ལ་མེད་དུ་མི་རུང་བའི་རྨང་གཞིའི་ཤེས་བྱ་དང་། གཞི་རྩའི་རིགས་པའི་གཞུང་ལུགས། གཞི་རྩའི་ནུས་རྩལ་བཅས་ཁོང་དུ་ཆུད་པ་བྱས་ཏེ་མཁའ་འགྲུལ་འཕྲུལ་དོན་ཉམས་བཟོ་དང་། གཞོགས་འདེགས་ཁྱབ་ཁོངས། གནམ་གྲུ་བཟོ་སྐྲུན་ལས་གྲྭའི་ཁྱབ་ཁོངས་སོགས་ལས་གནས་ཀྱི་བྱང་ཚད་མཐོ་བའི་ལག་རྩལ་དང་རྩལ་ནུས་ཅན་གྱི་ཤེས་ལྡན་པ་གསོ་སྐྱོང་བྱེད་དགོས། 

3_2 མི་མེད་གནམ་གྲུ་ཉེར་སྤྱོད་ལག་རྩལ་ཆེད་ལས། 

མི་མེད་གནམ་གྲུའི་མ་ལག་གི་གྲུབ་ཆ་དང་ལས་ཀའི་རྩ་བའི་རིགས་པ། མི་མེད་གནམ་གྲུའི་ཚོད་འཛིན་ལག་རྩལ་སོགས་རྨང་གཞིའི་རིགས་པའི་གཞུང་ལུགས་དང་ཆེད་དོན་ཤེས་བྱ་རྒྱུས་མངའ་ཡོད་པ་དང་། མི་མེད་གནམ་གྲུ་ཐོན་སྐྱེད་དང་། སྒྲིག་སྦྱོར། ཚོད་ལྟ། སྲུང་སྐྱོང་ཉམས་གསོ། བཀོལ་སྤྱོད་སོགས་ཀྱི་འབྲེལ་ཡོད་ལས་གནས་ཀྱི་ལས་སྒོ་དང་བཀོལ་སྤྱོད་ནུས་རྩལ་ཁོང་དུ་ཆུད་པ་བཅས་བྱེད་དགོས།

3_3 དམངས་སྤྱོད་མཁའ་འགྲུལ་བདེ་འཇགས་ལག་རྩལ་དོ་དམ་ཆེད་ལས། 

གསོ་སྐྱོང་སྦྱོང་བརྡར་གྱི་དམིགས་ཡུལ་ནི་རང་ཉིད་ཀྱི་ཆེད་ལས་ལ་མེད་དུ་མི་རུང་བའི་རྨང་གཞིའི་ཤེས་བྱ་དང་གཞི་རྩའི་རིགས་པའི་གཞུང་ལུགས་ཆ་རྒྱུས་ལོན་པ་བྱ་རྒྱུ་དང་། ཆེད་ལས་འདིར་དགོས་ངེས་ཀྱི་དབྱིན་ཡིག་ཉེར་སྤྱོད་དང་། རྩིས་འཁོར་བཀོལ་སྤྱོད། འགྲུལ་པའི་བདེ་འཇགས་ཞིབ་བཤེར། དངོས་ཟོག་གི་བདེ་འཇགས་ཞིབ་བཤེར་སོགས་ཀྱི་གཞི་རྩའི་ནུས་རྩལ་དང་ཆེད་ལས་ནུས་རྩལ་ཁོང་དུ་ཆུད་དགོས།

3_4 དམངས་སྤྱོད་མཁའ་འགྲུལ་སྐྱེལ་འདྲེན། 

དམངས་སྤྱོད་མཁའ་འགྲུལ་སྐྱེལ་འདྲེན་ཞབས་ཞུའི་ལས་རིགས་ལ་དགོས་ངེས་ཀྱི་རྨང་གཞིའི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་དང་། འབྲེལ་ཡོད་ཆེད་ལས་ཤེས་བྱ། ལས་རིགས་རྩལ་ནུས་བཅས་ཁོང་དུ་ཆུད་པ་བྱས་ཏེ། དམངས་སྤྱོད་མཁའ་འགྲུལ་གྱི་སྐྱེལ་འདྲེན་ཞབས་ཞུའི་ལས་སྒོའི་བརྒྱུད་རིམ་དང་ལས་ཀའི་བླང་བྱར་རྒྱུས་མངའ་ཡོད་པ། སྐད་ཡིག་དང་དེ་བཞིན་ཚོང་དོན་གྱི་གུས་ལུགས་དང་ཞབས་ཞུ་བྱ་ཡུལ་ལ་བརྟེན་ནས་སྤེལ་རེས་བྱས་ཏེ་དམིགས་བསལ་གྱི་འགྲུལ་པར་ཞབས་འདེགས་ཞུ་བའི་ནུས་པ་ལྡན་ཡོད།

3_5 མཁའ་འགྲུལ་ཆེད་སྤྱོད་ཆེད་ལས། 

མཁའ་འགྲུལ་ཞབས་ཞུའི་ཆེད་ལས་ལ་དགོས་ངེས་ཀྱི་རྨང་གཞིའི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་དང་། གཞི་རྩའི་ལག་རྩལ། ཆེད་ལས་ཀྱི་ནུས་རྩལ་བཅས་ཁོང་དུ་ཆུད་པ་བྱས་ཏེ་མཁའ་འགྲུལ་ཀུང་སི་དང་གནམ་གྲུ་ཐང་གི་ཞབས་ཞུའི་ལས་སྒོའི་བརྒྱུད་རིམ་དང་ལས་ཀའི་བླང་བྱར་རྒྱུས་མངའ་ཡོད་པ། མཁའ་ལམ་གྱི་གུས་ལུགས་ཞབས་ཞུ་དང་། སྐད་ཡིག་འབྲེལ་འདྲིས། མཐུན་སྦྱོར་འབྲེལ་འདྲིས། རྩིས་འཁོར་བཀོལ་སྤྱོད་སོགས་ཐད་ཀྱི་ནུས་པ་ལྡན་པ་བྱེད་དགོས།

4 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2019ལོ་བར་སློབ་གླིང་དུ་ཆེད་བསྐོས་དགེ་རྒན232ཡོད་པའི་ནང་ཀྲུང་གོ་ཚན་རིག་ཁང་། ཀྲུང་གོའི་བཟོ་སྐྲུན་ཁང་གི་དམིགས་བསལ་གདན་ཞུས་མཁས་པ12དང་། མཐོ་རིམ་ཡན་གྱི་གོ་མིང་དགེ་རྒན78ཡོད། ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་པའི་དགེ་རྒན96དང་གཉིས་འཇོན་རྣམ་པའི་དགེ་རྒན80ཡོད། དགེ་རྒན་གྱི་དཔུང་ཁག་ཁྲོད་དུ་ད་དུང་རྒྱལ་ཁབ་དོ་དམ་ཆེད་མཁས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕོགས་སྣོན་ལོངས་སུ་མཁན། རྒྱལ་ཡོངས་དང་ཞིང་ཆེན་རིམ་པའི་ཕུལ་བྱུང་དགེ་རྒན་མང་པོ་ཡོད་ལ་ན་གཞོན་རྐང་འཛིན་དགེ་རྒན་མང་ཆེ་བ་ནི་དེ་སྔའི་མཁའ་དམག་གི་མཁའ་སྐྱོད་སློབ་གླིང་དང་པོ་ནས་ཕེབས་པ་ཡིན།

དཔྱད་གཞིའི་ཡིག་ཆ།