ཧོ་ནན་ཡང་བའི་བཟོ་ལས་སློབ་གླིང་།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2020-10-20 09:37ལ་འགྲུབ།

ཧོ་ནན་ཡང་བའི་བཟོ་ལས་སློབ་གླིང་།

ཧོ་ནན་ཡང་བའི་བཟོ་ལས་སློབ་གླིང་།
ཧོ་ནན་ཡང་བའི་བཟོ་ལས་སློབ་གླིང་ནི་ཧོ་ནན་ཞིང་ཆེན་ཀྲེང་ཀྲོའུ་གྲོང་ཁྱེར་དུ་གནས་ཤིང་ཧོ་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་རྒྱལ་ཁབ་སློབ་གསོ་པུའུ་ཡིས་ཐོ་འགོད་སྙན་སེང་བྱས་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་ལས་རིགས་སློབ་གྲྭ་ཞིག་ཡིན་ལ། སྤྱི་ལོ2020ལོའི་ཟླ3པའི་བར་སློབ་གླིང་གི་རྒྱ་ཁྱོན་མུའུ266.34ཟིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
河南轻工职业学院
སློབ་གྲྭའི་ཚབ་ཨང་།
14607
དབྱིན་ཡིག་གི་མིང་།
Henan Light Industry Vocational College
ཁོངས་གཏོགས་ས་ཁུལ།
ཧོ་ནན་ཀྲེང་ཀྲོའུ།
བཙུགས་ལོ།
སྤྱི་ལོ2001ལོར།
རིགས་དབྱེ།
རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ།
སློབ་སྒྲུབ་ངོ་བོ།
གཞུང་བསྒྲུབས་སློབ་ཆེན།
གཙོ་གཉེར་སྡེ་ཁག
ཧོ་ནན་ཞིང་ཆེན་སློབ་གསོ་ཐིང་།
ངོ་བོ།
ཉིན་ཧྲིལ་བོའི་ལམ་ལུགས་ཅན་གྱི་མཐོ་རིམ་ལས་རིགས་སློབ་གླིང་།
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
བཟོ་སྐྲུན་སྡེ་ཁག་དང་། ཟས་རིགས་བཟོ་སྐྲུན་སྡེ་ཁག དཔལ་འབྱོར་དོ་དམ་སྡེ་ཁག རྩིས་འཁོར་སྡེ་ཁག སྒྱུ་རྩལ་ཇུས་འགོད་སྡེ་ཁག་སོགས།
1 ​ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1951ལོར་ཧོ་ནན་ཞིང་ཆེན་ལག་ཤེས་བཟོ་ལས་དོ་དམ་ལས་བྱེད་པའི་སློབ་གྲྭ་དེ་ཡུས་དབྱང་རྫོང་དུ་བཙུགས་པ་དང་། ཧོ་ནན་ཞིང་ཆེན་ལག་ཤེས་བཟོ་ལས་དོ་དམ་ཅུས་ཀྱི་ཁོངས་སུ་གཏོགས། 

སྤྱི་ལོ1976ལོར་ཧོ་ནན་ཞིང་ཆེན་གྱི་ལག་ཤེས་བཟོ་ལས་དོ་དམ་ལས་བྱེད་པའི་སློབ་གྲྭར་ཧོ་ནན་ཞིང་ཆེན་གྱི་ཡང་བའི་བཟོ་ལས་གཉིས་པའི་ལས་བྱེད་པའི་སློབ་གྲྭ་ཞེས་པར་བསྒྱུར་ཞིང་། ཧོ་ནན་ཞིང་ཆེན་གྱི་ཡང་བའི་བཟོ་ལས་གཉིས་པའི་ཐིང་གི་ཁོངས་སུ་གཏོགས། 

སྤྱི་ལོ1979ལོར་ཧོ་ནན་ཞིང་ཆེན་གྱི་ཡང་བའི་བཟོ་ལས་གཉིས་པའི་སློབ་གྲྭ་དེ་ཀྲེང་ཀྲོའུ་རུ་བཙུགས་པ་དང་ཧོ་ནན་ཞིང་ཆེན་གྱི་ཡང་བའི་བཟོ་ལས་གཉིས་པའི་ཐིང་གི་ཁོངས་སུ་གཏོགས། 

སྤྱི་ལོ2001ལོར་ཧོ་ནན་ཞིང་ཆེན་གྱི་ཡང་བའི་བཟོ་ལས་གཉིས་པའི་སློབ་གྲྭར་ཧོ་ནན་ཞིང་ཆེན་གྱི་བཟོ་ལས་ཇུས་འགོད་སློབ་གྲྭར་མིང་བསྒྱུར། 

སྤྱི་ལོ2004ལོར་སློབ་གྲྭ་ཧོ་ནན་ཞིང་ཆེན་སློབ་གསོ་ཐིང་གི་དོ་དམ་བྱེད་ཁོངས་སུ་བགོས།

སྤྱི་ལོ1962ལོར་ཧོ་ནན་ཞིང་ཆེན་གྱི་བཟོ་རྩལ་མཛེས་རྩལ་སློབ་གྲྭ་བཙུགས་པ་དང་། ཧོ་ནན་ཞིང་ཆེན་གྱི་བཟོ་རྩལ་མཛེས་རྩལ་རིགས་ཀྱི་ཇུས་འགོད་ཆེད་ལས་སློབ་གྲྭ་ཞིག་ཏུ་གྱུར།

2 བསླབ་ཚན་དང་ཆེད་ལས། 

འདུས་རྡུལ་མང་བའི་རྒྱུ་ཆའི་ལས་སྣོན་ལག་རྩལ་དང་། དཔེ་ཆས་ཇུས་འགོད་དང་བཟོ་སྐྲུན། རྩིས་གཉེར། ཟོག་འགྲེམས་དོ་དམ། འཕྲུལ་གློག་གཞི་གཅིག་ཅན་གྱི་ལག་རྩལ(བཟོ་ལས་འཕྲུལ་མིའི་ཁ་ཕྱོགས)གློག་སྒུལ་རང་འགུལ་ཅན་གྱི་ལག་རྩལ། གློག་རྡུལ་ཚོང་དོན། རྩིས་འཁོར་དྲ་རྒྱའི་ལག་རྩལ། གྲངས་འཛིན་སྨྱན་སྦྱོར་གྱི་སྒྱུ་རྩལ་ཇུས་འགོད(དྲ་རྒྱའི་སྒྱུ་རྩལ་ཁ་ཕྱོགས)གྲངས་འཛིན་སྨྱན་སྦྱོར་གྱི་སྒྱུ་རྩལ་ཇུས་འགོད(འགུལ་རིས་བརྙན་ལམ་ཁ་ཕྱོགས)མཐོང་རིས་བརྒྱུད་སྤེལ་ཇུས་འགོད་དང་བཟོ་སྐྲུན(ངོས་སྙོམས་ཇུས་འགོད་ཁ་ཕྱོགས) ཁོར་ཡུག་སྒྱུ་རྩལ་ཇུས་འགོད(ཁང་ཕྱིའི་ཁོར་ཡུག་ཇུས་འགོད་ཁ་ཕྱོགས)ཁྱིམ་ཆས་སྒྱུ་རྩལ་ཇུས་འགོད། གློག་རྡུལ་ཆ་འཕྲིན་ཆ་འཕྲིན་བཟོ་སྐྲུན་ལག་རྩལ། ཐོན་རྫས་གསར་སྐྲུན། 

3 དགེ་རྒན་དཔུང་སྡེ།

སློབ་གླིང་དུ་ད་ལྟ་དགེ་རྒན་དང་ལས་བཟོ་བ744ཡོད་པ་དང་ཆེད་བསྐོས་དགེ་རྒན597ཡོད་ལ། དེའི་ནང་དགེ་རྒན་ཆེན་མོ་དང་དགེ་རྒན་ཆེན་མོ་གཞོན་པ187ཡོད་པ་དང་། མཛེས་རྩལ་བ་དང་དེའི་ཡན་ནི40ཡོད་ལ་སྤྱིའི་སྒྲིག་ཁོངས་མི་གྲངས1163ཡོད། དེའི་ནང་ཞིན་ཡོན་སློབ་ཁུལ་དུ་སྒྲིག་ཁོངས་སུ་ཡོད་པའི་དགེ་རྒན་དང་ལས་བཟོ་བ215དང་སྒྲིག་ཁོངས་མི་གྲངས300ཡོད་པ་དང་། སྐྱེད་ཚལ་སློབ་ཁུལ་དུ་སྒྲིག་ཁོངས་སུ་ཡོད་པའི་དགེ་རྒན་དང་ལས་བཟོ་བ260ཡོད་པ་དང་མི465སྒྲིག་བཟོ་བྱས་ཡོད་ཅིམ་དགེ་རྒན་དང་ལས་བཟོ269ཡོད། སློབ་གླིང་གིས་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་ལ་མཐོང་ཆེན་བྱེད་པ་དང་། ཚན་རིག་ཞིབ་འཇུག་ཧུར་ཐག་སྤེལ་བ། ཚན་རྩལ་གསར་གཏོད་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ། སློབ་གསོ་སློབ་ཁྲིད་དང་དོ་དམ་སྒྲིག་སྲོལ་སྒྱུར་བཅོས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཡོད་ལ། མཐོ་རིམ་སློབ་གསོ་གོང་དུ་འཕེལ་བ་དང་བསྟུན། སློབ་གླིང་གིས“གཉིས་འཇོན་རྣམ་པ”དང“རིགས་གཅིག་མཁས་ཅན་རྣམ་པའི”དགེ་རྒན་དཔུང་ཁག་གསོ་སྐྱོང་འཆར་གཞི་ལག་བསྟར་བྱས་པ་དང་། ཡུན་རིང་སྦྱོང་བརྡར་དང་དུས་ཐུང་སྦྱོང་བརྡར་ཟུང་འབྲེལ་བཅས་ཀྱི་བྱ་ཐབས་སྤྱད་ཡོད་ཅིང་། དགེ་རྒན་གྱི་ལས་སྒོའི་བྱང་ཚད་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་དགོས་ལ། ཡོན་ཚད་མཐོ་བ་དང་། གོ་མིང་མཐོ་བ། བྱང་ཚད་མཐོ་བ་བཅས་ཀྱི་དགེ་རྒན་དཔུང་ཁག་ཅིག་ཡོད།

4 ཤེས་ལྡན་མི་སྣ་གསོ་སྐྱོང་།

སློབ་གླིང་ལ་སློབ་གྲྭའི་ནང་ཚོད་ལྟ་དང་། དངོས་སྦྱོང་བཅས་བྱེད་ས91ཡོད་ལ། སློབ་ཕྱིའི་དངོས་སྦྱོང་དང་དངོས་སྦྱོང་རྟེན་གཞི104ཡོད་ཅིང་སློབ་གླིང་དུ་ལས་རིགས་རྩལ་ནུས་གསལ་འབྱེད་ས་ཚིགས་གསུམ་བཙུགས་ནས་ལས་རིགས52ལ་ལས་རིགས་གསོ་སྦྱོང་དང་རྩལ་ནུས་གསལ་འབྱེད་བྱེད་ཆོག་གི་ཡོད་པ་རེད། ལས་རིགས་ཀྱི་བཟང་ཆ་བེད་སྤྱོད་གང་ལེགས་དང་སློབ་གླིང་གིས་ཧོ་ནན་ཞིང་ཆེན་ལས་རིགས་སློབ་གསོའི་བཟོ་རྩལ་ལས་རིགས་སློབ་གསོའི་ཚོགས་པ་དང་ཡང་བའི་བཟོ་ལས་ལས་རིགས་སློབ་གསོའི་ཚོགས་པ་བཙུགས་ནས་སློབ་གྲྭ་དང་ཁེ་ལས་མཉམ་ལས་ལ་ཤུགས་སྣོན་བརྒྱབ། ཞིབ་འཇུག་ཟུང་འབྲེལ་དམ་ཟབ་བྱེད་པའི་སློབ་གཉེར་བྱེད་སྟངས་འཚོལ་ཞིབ་བྱ་དགོས་ལ། ཉེ་བའི་ལོ་ཤས་རིང་སློབ་གླིང་ལ་སྔ་རྗེས་སུ་ཞིང་ཆེན་རིམ་པའི་ཤེས་དཔལ་ཚན་པ་དང་། རྒྱལ་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་སྔོན་ཐོན་ཚན་པ། རྒྱལ་ཡོངས་ཀྱི་ཡང་བའི་བཟོ་ལས་ལས་རིགས་ལག་རྩལ་སློབ་གསོའི་སྔོན་ཐོན་ཚན་པ། ཞིང་ཆེན་ལས་རིགས་སློབ་གསོའི་སྔོན་ཐོན་ཚན་པ། ཧོ་ནན་ཞིང་ཆེན་གྱི་ཤུགས་རྐྱེན་ཆེ་ཤོས་ལྡན་པའི་ལས་རིགས་སློབ་གྲྭ་རྩེ་གྲ་བཅུ། སློབ་ཐོན་སློབ་མའི་ལས་ཞུགས་མཛུབ་ཁྲིད་དང་ལས་ཞུགས་ཞབས་ཞུའི་སྔོན་ཐོན་ཚན་པ། ཞིང་ཆེན་རིམ་པའི་དུས་བདེའི་སློབ་གྲྭ་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད།

5 མཉམ་འབྲེལ་སྤེལ་རེས། 

རྒྱལ་སྤྱིའི་དབར་ཕན་ཚུན་མཉམ་འབྲེལ་སྤེལ་རེས་བྱེད་ཤུགས་ཆེ་རུ་བཏང་ནས་ཕྱི་རྒྱལ་གྱི་སློབ་གྲྭ་དང་མཉམ་ལས་བྱེད་སྟངས་ལ་གྲོས་བསྡུར་བྱས་ཤིང་། ཕྱི་རྒྱལ་གྱི་དགེ་རྒན་དང་མཉམ་འབྲེལ་བྱེད་པའི་རྣམ་པ་འཚོལ་ཞིབ་ཧུར་ཐག་བྱས་ནས་ཕྱི་རྒྱལ་གྱི་སློབ་གྲྭ་དང་ཕན་ཚུན་གསོ་སྐྱོང་བྱེད་པའི་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱ་དགོས་ལ། སློབ་གླིང་གིས་ཨ་རི་དང་། དབྱིན་ཇི། ཨོ་སི་ཁྲུ་ལི་ཡ། འཇར་མན། ཧྥ་རན་སེ། ཏེན་མག སུའེ་ཏེན། ཧན་གོ་སོགས་རྒྱལ་ཁབ་ཀྱི་སློབ་གླིང་དང་རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་བྱས་ཡོད། རྒྱལ་ཁབ་ཀྱི་རྒྱུད་གཅིག་ལམ་གཅིག་གི་འཐབ་ཇུས་ལྟར། དགེ་རྒན་ཚོགས་པ་ཅན་ཕུའུ་ཀྲའེ་སོགས་རྒྱལ་ཁབ་ཏུ་མངགས་ནས་རྟོག་ཞིབ་སྤེལ་རེས་དང་སློབ་ཁྲིད་སྤེལ་རེས་བྱས་པ་དང་ཕུལ་བྱུང་སློབ་མ་སྒྲིག་འཛུགས་བྱས་ཏེ་ཨ་རི་དང་དབྱིན་ཇིའི་སློབ་གྲྭ་གྲགས་ཅན་དུ་ཞིབ་འཇུག་ཟབ་སྦྱོང་དང་སྤེལ་རེས་བྱས། ཤང་ཀང་དང་། ཨའོ་མོན། ཐའེ་ཝན་སོགས་སུ་བསྐྱོད་དེ་བརྗེ་རེས་བྱས་པ་དང་མཐོང་རྒྱ་ཇེ་ཆེར་བཏང་ཞིང་ཤེས་ལྡན་མི་སྣའི་སློབ་གསོ་དང་གསོ་སྐྱོང་གི་སྤུས་ཚད་ཇེ་མཐོར་བཏང་།

དཔྱད་གཞིའི་ཡིག་ཆ།