སན་མོན་ཞ་སྤྱི་ཚོགས་དོ་དམ་ལས་རིགས་སློབ་གླིང་།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2020-10-20 09:37ལ་འགྲུབ།

སན་མོན་ཞ་སྤྱི་ཚོགས་དོ་དམ་ལས་རིགས་སློབ་གླིང་།

སན་མོན་ཞ་སྤྱི་ཚོགས་དོ་དམ་ལས་རིགས་སློབ་གླིང་།
སན་མོན་ཞ་སྤྱི་ཚོགས་དོ་དམ་ལས་རིགས་སློབ་གླིང་ནི་སྤྱི་ལོ2017ལོར་ཧོ་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་སྤྲད་ནས་བཙུགས་པའི་གཞུང་བཙུགས་ཆེད་སྦྱོང་རིམ་པའི་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་མཐོ་རིམ་ལས་རིགས་སློབ་གླིང་ཞིག་ཡིན་ལ། སློབ་གླིང་གི་རྒྱ་ཁྱོན་ལ་མུའུ501ཡོད་པ་དང་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི29.5ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
三门峡社会管理职业学院
དབྱིན་ཡིག་གི་མིང་།
Sanmenxia vocational college of social management
བཙུགས་ལོ།
སྤྱི་ལོ2017ལོར།
རྣམ་པ།
གཞུང་སྒྲུབ་སློབ་ཆེན།
ཁོངས་གཏོགས་ས་ཁུལ།
ཧོ་ནན་ཞིང་ཆེན།
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
ཆ་འཕྲིན་བདེ་འཇགས་དང་དོ་དམ། བསྡོམས་རྩིས་དང་རྩིས་གཉེར་སོགས།
1 ​བསྡོམས་རྩིས་དང་རྩིས་གཉེར།
1_1 གསོ་སྐྱོང་དམིགས་འབེན། 

ལས་རིགས་ཀྱི་བྱང་ཚད་དང་གསར་གཏོད་ཀྱི་སྙིང་སྟོབས་བཟང་པོ་གསོ་སྐྱོང་བྱ་དགོས་ལ། རྩིས་གཉེར་རིག་པའི་འབྲེལ་ཡོད་ཤེས་བྱ་ཁོང་དུ་ཆུད་པ། རྩིས་གཉེར་ལས་སྒོ་ཐག་གཅོད་བྱེད་ནུས་ཅུང་ཆེན་པོ་ལྡན་པ། ནོར་དོན་རྩིས་གཉེར་དང་། དངུལ་རྩའི་ལག་ཁྱེར་བསྒྲུབ་ཐབས། རྩིས་བཤེར་བསྡོམས་རྩིས་སོགས་ཀྱི་ལས་ཀ་བྱང་ཚད་མཐོ་བའི་ལག་རྩལ་དང་རྩལ་ནུས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ་ཡིན།

1_2 སློབ་ཚན་གཙོ་བོ། 

རྨང་གཞིའི་རྩིས་གཉེར་དང་། ནོར་དོན་རྩིས་གཉེར། བསྡོམས་རྩིས་རིག་པའི་རྩ་བའི་རིག་པ། བསྡོམས་རྩིས་ལས་དོན། ཁྲལ་འཇལ་ལས་དོན། མ་གནས་རྩིས་གཉེར། རྩིས་གཉེར་གློག་རྩིས་ཅན། ནོར་དོན་སྙན་ཞུའི་རེའུ་མིག་བཟོ་འགོད་དང་དབྱེ་ཞིབ། ནོར་དོན་དོ་དམ་ལས་དོན། རྩིས་གཉེར་ལག་ཤེས་སྦྱོང་བརྡར་སོགས་ཡོད།

1_3 ལས་ཞུགས་ཁ་ཕྱོགས། 

གཙོ་བོ་ཁེ་ལས་སྡེ་ཚན་དང་། རྒྱལ་ཁབ་ལས་ཁུངས། སྤྱི་ཚོགས་ཀྱི་ཚོགས་པ། རྩིས་གཉེར་ལས་གཉེར་ཁང་སོགས་ཀྱི་རྩ་འཛུགས་ཀྱིས་གཉེར་སྐྱོང་དོ་དམ་ལ་མཁོ་བའི་ནོར་དོན་རྩིས་གཉེར་མི་སྣ་དང་བསྡོམས་རྩིས་མི་སྣ་གསོ་སྐྱོང་བྱེད་ཀྱིན་ཡོད། 

2 མཁའ་འགྲུལ་ཞབས་ཞུ།
2_1 གསོ་སྐྱོང་དམིགས་འབེན། 

གཙོ་བོ་དམངས་སྤྱོད་མཁའ་འགྲུལ་ཞབས་ཞུའི་ཆེད་ལས་ལག་རྩལ་གྱི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་དང་ལག་ལེན་གྱི་ནུས་པ་ཏན་ཏིག་ལྡན་ཡོད་ལ། ལས་རིགས་ཀུན་སྤྱོད་དང་ལས་རིགས་དོན་གཉེར་གྱི་འཕེལ་རྒྱས་ཀྱི་རྨང་གཞི་བཟང་པོ་ལྡན་པས་དམངས་སྤྱོད་མཁའ་འགྲུལ་གྱི་འགྲུལ་སྐྱེལ་གནམ་གྲུ་དང་། འགྲུལ་ཁང་གི་བདེ་སྲུང་ཞབས་ཞུ། དམངས་སྤྱོད་མཁའ་འགྲུལ་གྱི་བདེ་འཇགས་ཞིབ་བཤེར། དམངས་སྤྱོད་མཁའ་འགྲུལ་གྱི་ས་ངོས་ཞབས་ཞུ་སོགས་ཀྱི་ལས་དོན་སྒྲུབ་ཐུབ་པའི་བྱང་ཚད་མཐོ་བའི་ལག་རྩལ་དང་རྩལ་ནུས་ཤེས་ལྡན་མི་སྣ་ཡོད། 

2_2 སློབ་ཚན་གཙོ་བོ། 

དམངས་སྤྱོད་མཁའ་འགྲུལ་གྱི་སྤྱི་བཤད། དམངས་སྤྱོད་མཁའ་འགྲུལ་གྱི་ཞབས་ཞུའི་རིག་པ། དམངས་སྤྱོད་མཁའ་འགྲུལ་གྱི་སྐྱེལ་འདྲེན་ས་ཁམས། དམངས་སྤྱོད་མཁའ་འགྲུལ་གྱི་འགྲུལ་སྐྱེལ་གྲུ་གཟིངས་ཀྱི་ཞབས་ཞུ་དང་དོ་དམ། དམངས་སྤྱོད་མཁའ་འགྲུལ་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ། དམངས་སྤྱོད་མཁའ་འགྲུལ་གྱི་ཞབས་ཞུའི་གུས་སྲོལ། 

2_3 ལས་ཞུགས་ཁ་ཕྱོགས། 

མཁའ་ཐོག་གི་འགྲུལ་སྐྱེལ་ལས་དོན་དང་། དམངས་སྤྱོད་མཁའ་འགྲུལ་གྱི་སྤ་སེའི་ལས་དོན། དམངས་སྤྱོད་མཁའ་འགྲུལ་གྱི་ལས་རེས་གནམ་གྲུ། འགྲུལ་ཁང་གི་ཞབས་ཞུའི་མི་སྣ། གནམ་གྲུ་ཐང་གི་ཞབས་ཞུ་མི་སྣ། མགྲོན་ཁང་གི་ཚོམས་ཆེན་ཞབས་ཞུ་མི་སྣ། དམངས་སྤྱོད་མཁའ་འགྲུལ་གྱི་འགྲུལ་སྐྱེལ་མཁོ་ཆེའི་ཞབས་ཞུ། མགྲོན་ཁང་གི་ཚོམས་ཆེན་མདུན་མའི་ཞབས་ཞུ།

3 ནོར་དོན་དོ་དམ་བྱེད་ཕྱོགས་སྐོར། 
3_1 གསོ་སྐྱོང་དམིགས་འབེན། 

གཙོ་བོ་ལས་རིགས་ཀྱི་བྱང་ཚད་དང་གསར་གཏོད་ཀྱི་སྙིང་སྟོབས་བཟང་པོ་གསོ་སྐྱོང་བྱ་དགོས་ལ། ནོར་དོན་དོ་དམ་ཆེད་ལས་ཀྱི་རྨང་གཞིའི་ཤེས་བྱ་ཁོང་དུ་ཆུད་པར་ནོར་དོན་དོ་དམ་གྱི་གཞི་རྩའི་ནུས་པ་ཅུང་ཆེན་པོ་ལྡན་ལ། ཁེ་ལས་འབྲིང་ཆུང་སྣ་ཚོགས་དང་དངུལ་རྩའི་ལས་རིགས། མཚམས་སྦྱོར་ཞབས་ཞུའི་ལས་ཁུངས། ཁེ་གཉེར་མིན་པའི་རྩ་འཛུགས་བཅས་ཀྱི་ནོར་དོན་དོ་དམ་གྱི་འབྲེལ་ཡོད་ལས་ཀ་བྱེད་ཐུབ་པའི་བྱང་ཚད་མཐོ་བའི་ལག་རྩལ་དང་ནུས་རྩལ་ལྡན་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ།

3_2 སློབ་ཚན་གཙོ་བོ། 

ནོར་དོན་རྩིས་གཉེར་དང་། ཁྲལ་འཇལ་ལས་དོན། མ་གནས་རྩིས་གཉེར། ནོར་དོན་སྙན་ཐོའི་རེའུ་མིག་དབྱེ་ཞིབ། ནོར་དོན་དོ་དམ་ལས་དོན། རྩིས་བཤེར་རིག་པ། དཔྱ་ཁྲལ་བཅའ་ཁྲིམས། རྣམ་གྲངས་དཔྱད་དཔོག མ་འཇོག་རིག་པ།

3_3 ལས་ཞུགས་ཁ་ཕྱོགས། 

ཁེ་ལས་ཆུང་འབྲིང་སྣ་ཚོགས་དང་། དངུལ་རྩའི་ལས་རིགས། མཚམས་སྦྱོར་ཞབས་ཞུའི་ལས་ཁུངས། ཁེ་གཉེར་མིན་པའི་རྩ་འཛུགས་ཀྱི་དངུལ་གཉེར་དང་། རྩིས་གཉེར་ཞིབ་རྩིས། མ་དངུལ་བསྡུ་རུབ་དོ་དམ། མ་དངུལ་དོ་དམ། མ་གནས་དོ་དམ། ནོར་དོན་སྔོན་རྩིས། ནོར་དོན་ཚོད་འཛིན། ནོར་དོན་དབྱེ་ཞིབ། ནོར་དོན་བློ་འདྲི། ཁྲལ་དོན་འཆར་འགོད་སོགས་ཀྱི་ལས་གནས། 

4 རྒན་གསོའི་ཞབས་ཞུ་དང་དོ་དམ། 
4_1 གསོ་སྐྱོང་དམིགས་འབེན།

གཙོ་བོ་རྒན་གསོའི་ཞུ་དང་དོ་དམ་ཁྱབ་ཁོངས་དང་ལྷག་པར་དུ་སྲིད་གཞུང་གི་གཞི་རིམ་འགན་ནུས་སྡེ་ཚན་འབྲེལ་ཡོད་ཁྱབ་ཁོངས་སུ་གསོ་སྐྱོང་བྱེད་དགོས་ལ། རྒན་གསོའི་ཐོན་ལས་དོ་དམ་དང་གཉེར་སྐྱོང་དང་། རྒན་གསོའི་ནད་གཡོག རྒན་གསོའི་བྱེད་སྒོ་ཇུས་འགོད་སོགས་ཀྱི་ལས་ཀ་བྱེད་མཁན་བྱང་ཚད་མཐོ་བའི་ལག་རྩལ་དང་རྩལ་ནུས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་དགོས།

4_2 སློབ་ཚན་གཙོ་བོ། 

དོ་དམ་རིག་པའི་རྨང་གཞི་དང་། སྤྱི་ཚོགས་རིག་པའི་རྨང་གཞི། རྒན་གསོ་རིག་པའི་རགས་བཤད། རྨང་གཞིའི་གསོ་རིག སེམས་ཁམས་རིག་པ། འཚོ་བཅུད་རིག་པ། རྒན་གསོ་ཁྱིམ་ལས་ཞབས་ཞུ། རྒན་པའི་ལུས་གསོའི་སྨན་བཅོས་དང་སྦྱོང་བརྡར། ཀྲུང་ལུགས་གསོ་རིག་གི་ཁམས་གསོ་བདེ་སྲུང་། རྒན་གསོའི་སྒྲིག་གཞིའི་དོ་དམ། ཁྲོམ་རའི་གཉེར་ཚོང་། འཕུར་མཉེད། སྡེ་ཁུལ་དོ་དམ་རིག་པ།

4_3 ལས་ཞུགས་ཁ་ཕྱོགས། 

སློབ་ཐོན་སློབ་མས་སྡེ་ཁུལ་དོ་དམ་ལས་ཁུངས་དང་། དམངས་སྲིད་དོ་དམ་ལས་ཁུངས། སྤྱི་ཚོགས་ལས་དོན་སྡེ་ཁག་བཅས་རིམ་པ་ཁག་ཏུ་ལག་བསྟར་དང་། ཞབས་ཞུ། དོ་དམ་བཅས་ཀྱི་ལས་ཀ་བྱས་ཆོག ཁེ་ལས་དང་བྱ་གཞག་དོ་དམ་སྡེ་ཚན་ཁག་ཏུ་རྒན་རྒོན་ཐོན་ལས་དོ་དམ་དང་། ཞབས་ཞུ། རྒན་རྒོན་བདག་སྐྱོང་སོགས་ཀྱི་ལས་དོན་སྤེལ་ཆོག 

5 སྤྱི་ཚོགས་ལས་དོན། 
5_1 གསོ་སྐྱོང་དམིགས་འབེན།

གཙོ་བོ་སྤྱི་ཚོགས་ལས་ཀའི་གཞི་རྩའི་རིགས་པའི་གཞུང་ལུགས་དང་ཤེས་བྱ་ལྡན་པ། སྤྱི་ཚོགས་ཀྱི་བརྟག་དཔྱད་ཞིབ་འཇུག་རྩལ་ནུས་དང་སྤྱི་ཚོགས་ཀྱི་ལས་ཀ་སྒྲུབ་ནུས་ཅུང་བྱང་ཆུབ་པ་ཞིག་ཡིན་ཕྱིན། དམངས་སྲིད་དང་། ངལ་རྩོལ། སྤྱི་ཚོགས་འགན་སྲུང་། འཕྲོད་བསྟེན་སྡེ་ཁག བཟོ་ཚོགས། གཞོན་ནུ། བུད་མེད་སོགས་སྤྱི་ཚོགས་ཀྱི་རྩ་འཛུགས་དང་སྤྱི་ཚོགས་ཀྱི་ཕན་བདེ་དང་། ཞབས་ཞུ། སྤྱི་ཕན་ཚོགས་པའི་སྒྲིག་གཞི་གཞན་དག་བཅས་ལ་སྤྱི་ཚོགས་ཀྱི་སྲིད་ཇུས་ཞིབ་འཇུག་དང་། སྤྱི་ཚོགས་ཀྱི་སྲིད་འཛིན་དོ་དམ། སྤྱི་ཚོགས་ཀྱི་ཞབས་ཞུ། སྤྱི་ཚོགས་ཀྱི་དཔྱད་དཔོག་དང་བཀོལ་སྤྱོད་སོགས་ཀྱི་ལས་དོན་སྒྲུབ་པའི་བྱང་ཚད་མཐོ་བའི་ལག་རྩལ་དང་ནུས་རྩལ་ལྡན་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ།

5_2 སློབ་ཚན་གཙོ་བོ། 

སྤྱི་ཚོགས་ལས་དོན་གྱི་ཁྲིད་སྟོན། སྤྱི་ཚོགས་ལས་དོན་གྱི་རགས་བཤད། མིའི་རིགས་ཀྱི་བྱ་སྤྱོད་དང་སྤྱི་ཚོགས་ཁོར་ཡུག སྤྱི་པའི་འབྲེལ་བའི་རིག་པ། སྤྱི་ཚོགས་རིག་པའི་རགས་བཤད། སྤྱི་ཚོགས་སེམས་ཁམས་རིག་པ། དམངས་སྲིད་སྤྱི་ཚོགས། སྤྱི་ཚོགས་འགན་སྲུང་གི་རགས་བཤད། སྤྱི་ཚོགས་སྲིད་ཇུས། རྩ་འཛུགས་ཀྱི་སྤྱི་ཚོགས་རིག་པ། གྲོང་ཁྱེར་གྱི་སྤྱི་ཚོགས་རིག་པ། སྤྱི་ཚོགས་བརྟག་དཔྱད་ཞིབ་འཇུག་བྱེད་ཐབས། ཁྲིམས་ལུགས་རིག་པའི་རགས་བཤད། སྤྱི་ཚོགས་ལས་དོན་གྱི་སྲིད་འཛིན།

5_3 ལས་ཞུགས་ཁ་ཕྱོགས། 

ཆེད་ལས་དེ་ཁ་ཕྱོགས་པའི་ལས་གནས་ཚོགས་པ་ནི་སྲིད་གཞུང་སྡེ་ཁག་གི་སྲིད་འཛིན་དོ་དམ་མི་སྣ་དང་། སྤྱི་ཚོགས་རྩ་འཛུགས་ཀྱི་དོ་དམ་མི་སྣ་ཡིན་ལ། ཆེད་ལས་ལས་ཁུངས་ཀྱི་སྤྱི་ཚོགས་ཀྱི་ལས་སྒྲུབ་མི་སྣས་དམངས་སྲིད་དང་། སྒྲིག་ཆས་འགན་སྲུང་། འཕྲོད་བསྟེན་སོགས་སྡེ་ཁག་དང་། བཟོ་ཚོགས་སོགས་སྤྱི་ཚོགས་རྩ་འཛུགས། སློབ་གྲྭ་དང་། ཁྲོམ་ལམ། སྡེ་ཁུལ། ཁེ་ལས་ཆེ་འབྲིང་། སྤྱི་ཚོགས་ཀྱི་ཕན་བདེའི་ལས་ཁུངས་གཞན་དག་བཅས་ཀྱིས་ཁྲིམས་འཛིན་ཡོ་བསྲང་དང་། སྤྱི་ཚོགས་འགན་སྲུང་། སྤྱི་ཚོགས་ཀྱི་སྤྱི་པའི་དོ་དམ། སྡེ་ཁུལ་འཕེལ་རྒྱས་དང་དོ་དམ། ངལ་རྩོལ་འབྲེལ་བ་འདུམ་འགྲིག་བཅས་བྱེད་པ། 

6 སྡེ་ཁུལ་དོ་དམ་དང་ཞབས་ཞུ།
6_1 གསོ་སྐྱོང་དམིགས་འབེན། 

ཆེད་ལས་འདིས་གྲོང་ཁྱེར་ཅན་གྱི་འཕེལ་རྒྱས་དང་འཚམ་པར་བྱ་དགོས་ལ། གཙོ་གནད་གཞི་རིམ་ལ་ཁ་ཕྱོགས་པའི་དོ་དམ་གྱི་ནུས་པ་ངེས་ཅན་ལྡན་ཞིང་བྱང་ཚད་མཐོ་བའི་ལག་རྩལ་དང་རྩལ་ནུས་ཅན་གྱི་ཤེས་ལྡན་མི་སྣ་དང་། མཐར་ཕྱིན་སློབ་མས་སྡེ་ཁུལ་དོ་དམ་གྱི་གཞི་རྩའི་རིགས་པའི་གཞུང་ལུགས་དང་རྩལ་ནུས་ཏན་ཏིག་ཁོང་དུ་ཆུད་ཅིང་། ཉམས་སད་ཐེག་ཐུབ་པའི་སྡེ་ཁུལ་གྱི་དོ་དམ་དང་ཞབས་ཞུའི་བྱེད་ཐབས་དང་ཐབས་རྩལ་ལྡན་དགོས་ལ། དེང་རབས་དོ་དམ་གྱི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་སྤྱད་ནས་སྡེ་ཁུལ་དང་། ཁྱིམ་ལས་སྡེ་ལས། སེམས་ཁམས་བློ་འདྲི་སོགས་སྤྱི་ཚོགས་ལས་དོན་ལས་ཁུངས་ཀྱི་མཐུན་སྦྱོར་དང་དོ་དམ་ལས་དོན་སྐོར་གྱི་མི་སྣ་གསོ་སྐྱོང་བྱེད་པ།

6_2 སློབ་ཚན་གཙོ་བོ། 

དོ་དམ་ཁྲིམས་སྲོལ། སྡེ་ལས་དོ་དམ་ཁྲིམས་སྲོལ། སྡེ་ཁུལ་ཞབས་ཞུ། སེམས་ཁམས་རིག་པ། ཁྱིམ་ལས་རིག་པའི་རགས་བཤད། 

དཔྱད་གཞིའི་ཡིག་ཆ།