གཡོ་བའི་རིག་གནས།སྔ་མའི་པར་གཞི་དེ མིང་གསང་tNNy81462  ནས 2020-10-19 16:09ལ་འགྲུབ།

གཡོ་བའི་རིག་གནས།

གཡོ་བའི་རིག་གནས་ནི་གཏན་འཇགས་མིན་པ་དང་ངེས་གཏན་མེད་པའི་རྣམ་པར་གནས་པའི་རིག་གནས་ཤིག་ལ་བྱ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་མིང་།
动态文化
ཕྱི་ཡིག་མིང་།
dynamic culture; mobile culture
1 གོ་དོན། 

གཡོ་བའི་རིག་གནས་ནི་གཏན་འཇགས་མིན་པ་དང་ངེས་གཏན་མེད་པའི་རྣམ་པར་གནས་པའི་རིག་གནས་ཤིག་ལ་བྱ། ཨའེ་ལི་ཁོ་སེན་གྱིས《དམངས་སྲོལ་འཚོ་བ་ཞིབ་འཇུག་དང་ཡང་ན་ཡོ་རབ་བྱང་མའི་མི་རིགས་རིག་པའི་འཇུག་སྒོ》ཞེས་པར་ཆེད་དུ་དེར་འགྲེལ་བ་བརྒྱབ་ཡོད་དེ། ཁོང་གིས་གཡོ་བའི་རིག་གནས་ནི་ཁྱབ་སྤེལ་བྱེད་ཀྱིན་པ་དང་མཆེད་ཀྱིན་པའི་རྣམ་པར་གནས་པའི་རིག་གནས་ཤིག་ཡིན་པ་དང་།  འགུལ་མེད་རིག་གནས་དང་ལྡོག་སྟེ་བཤད་པ་ཡིན། དཔེར་ན་བྱ་སྤྱོད་དང་། ཀུན་སྤྱོད། བསམ་བློ་དང་ལྟ་བ་སྣ་ཚོགས་ནི་གཡོ་བའི་རིག་གནས་ཀྱི་ཁོངས་སུ་གཏོགས་པར་བཀྲལ་ཡོད།

2  རིགས་དབྱེ།

ཨའེ་ལི་ཁོ་སེན་གྱིས་གཡོ་བའི་རིག་གནས་ལ་རིགས་གཙོ་བོ་གསུམ་དུ་ཕྱེས་ཡོད་པ་ནི། (1)གཞུང་ཕྱོགས་རིག་གནས་ཏེ། ཁྲིམས་ལུགས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་ཆབ་སྲིད་ལྟེ་བར་བཟུང་སྟེ་ཁྱབ་སྤེལ་གཏོང་བའི་རིག་གནས་ཤིག་ཡིན།(2)ལྟེ་བྲལ་རིག་གནས་ཏེ། སྤྱི་ཚོགས་ལྟེ་བ་རུ་བྱས་ཏེ་ཕྱོགས་ཉེ་རྒྱང་གང་སར་ཁྱབ་སྤེལ་གཏོང་བའི་རིག་གནས་ཤིག་ཡིན། (3) ཆེད་ལས་རིག་གནས་ཏེ། ཅུང་ཟད་སྔོན་ཐོན་ཡིན་པའི་ཡོན་ཏན་པའི་སྡེ་རུ་བྱུང་ཞིང་། ཡོན་ཏན་པའི་སྡེ་རུ་ཁྱབ་སྤེལ་གཏོང་བའི་རིག་གནས་ཤིག་ཡིན།  གཡོ་བའི་རིག་གནས་ནི་འགྲོ་བ་མིའི་རིག་གནས་ཀྱི་གནས་སྟངས་གལ་ཆེན་ཞིག་ཡིན་ལ། དེར་མངོན་གསལ་གྱི་ཁྱད་ཆོས་གཞན་ཞིག་ཡོད་པ་ནི་སྤྱིར་བཏང་ཆབ་སྲིད་དང་། སྤྱི་ཚོགས་ཡང་ན་རིག་གནས་ཀྱི་སྡེ་ལས་སྔོན་ཐོན་ཅན་གྱི་གྲས་ནས་བྱུང་བ་ཞིག་ཡིན། དེའི་རྐྱེན་གྱིས་རིག་གནས་བརྗེ་འགྱུར་གྱི་གོ་རིམ་ཁྲོད་གཡོ་བའི་རིག་གནས་ཀྱིས་ཤུགས་རྐྱེན་དང་ནུས་པ་གལ་ཆེན་ཐོན་གྱིན་ཡོད་པ་མ་ཟད། དེ་རིག་གནས་གཞན་གྱིས་སྡུད་སླ་བར་འདུག 


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

རིག་གནས་ཁྱབ་སྤེལ། སྔོན་ཐོན་ཅན།