ཧུའུ་པེ་རྒྱལ་ཁོངས་ཐོན་ཁུངས་ལས་རིགས་སློབ་གླིང་ནི་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་གནས་ཡོད་པ་དང་། ཧུའུ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་ཐོབ་པ་དང་སློབ་གསོ་པུའུ་ཡིས་ཐོ་འགོད་བྱས་པའི་མཐོ་རིམ་ཆེད་སྦྱོང་ཚན་ཁག་གི་སློབ་གླིང་དཀྱུས་མ་ཞིག་ཡིན། དེ་ནི་རྒྱལ་ཁབ་གཞུང་བཙུགས་མཐོ་རིམ་ཆེད་སྦྱོང་ཚན་ཁག་གི་སློབ་གྲྭ་ཆེན་མོར་གཏོགས། སློབ་གླིང་གིས་ཧྭ་ཀྲུང་ཚན་རྩལ་སློབ་ཆེན་དང་། ཀྲུང་གོ་ས་གཤིས་སློབ་ཆེན། ཀྲུང་ནན་ནོར་དཔལ་སྲིད་ཁྲིམས་སློབ་ཆེན། འབྲི་ཆུའི་སློབ་ཆེན། འགག་གསུམ་སློབ་ཆེན་བཅས་དང་དྲ་རྒྱའི་སློབ་གསོ་དང་། སྤྱིར་བཏང་གི་དངོས་གཞིའི་སྡེ་ཁག་གི་སློབ་གསོ། ཆེད་སྤྱོད་དངོས་གཞིའི་སྡེ་ཁག་གི་རང་སྦྱོང་རྒྱུགས་ལེན་སོགས་དངོས་གཞིའི་སྡེ་ཁག་དང་སློབ་གླིང་དག་ལ་མཉམ་ལས་སློབ་གཉེར་གྱི་འབྲེལ་བ་བཙུགས་ཡོད། སློབ་གླིང་དེ་ལོ་རྒྱུས་ཀྱི་གྲགས་ཅན་གྲོང་ཁྱེར་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་ཧན་ནན་ཆུས་ཀྱི་ཡུལ་ལྗོངས་ལྟ་ན་སྡུག་པའི་མ་ཡིང་གཙང་པོའི་ངོགས་སུ་གནས་ཡོད། འགྲིམ་འགྲུལ་སྟབས་བདེ་བ་དང་གནམ་གཤིས་ལེགས། སློབ་ཁུལ་གྱི་རྒྱ་ཁྱོན་ལ་མུའུ847ཡོད་པ་དང་སྤྱིའི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི25.6ཡོད། སློབ་གླིང་ལ་སྔ་རྗེས་སུ་རྒྱལ་ཁབ་ས་ཆ་ཐོན་ཁུངས་པུའུ་དང་ཧུའུ་པེ་ཞིང་ཆེན་སློབ་གསོ་ཐིང་གིས“པུའུ་རིམ་པའི་ཤེས་དཔལ་ཚན་པའི”མཚན་སྙན་དང་། “སློབ་གྲྭའི་དོ་དམ་སྔོན་ཐོན་ཚན་པ” “སྐྱེད་ཚལ་རྣམ་པའི་སློབ་གྲྭ”བཅས་ཀྱི་མཚན་སྙན་གནང་ཡོད།
སྤྱི་ལོ1958ལོར་ཧུའུ་པེ་ཞིང་ཆེན་ས་གཤིས་ཅུའུ་ཡི་ལས་བཟོ་བའི་སྦྱོང་བརྡར་འཛིན་གྲྭ་བཙུགས། སྤྱི་ལོ1959ལོར་ཧུའུ་པེ་ཞིང་ཆེན་ས་གཤིས་ཅུའུ་ཡི་ལས་བཟོ་བའི་སྦྱོང་བརྡར་འཛིན་གྲྭ་དེ་ཧུའུ་པེ་ཞིང་ཆེན་ས་གཤིས་ཅུའུ་ལག་རྩལ་བཟོ་བའི་སློབ་གྲྭར་བསྒྱུར། སྤྱི་ལོ1962ལོར་སྐབས་དེའི་གནས་བབ་ཀྱི་ཤུགས་རྐྱེན་དང་། ཧུའུ་པེ་ཞིང་ཆེན་ས་གཤིས་ཅུའུ་ལག་རྩལ་བཟོ་བའི་སློབ་གྲྭ་ཕྱིར་འཐེན་བྱས། སྤྱི་ལོ1971ལོར་ཝུའུ་ཧན་ས་གཤིས་སློབ་གྲྭ་ཅང་ཞི་རུ་སྤོས། སྤྱི་ལོ2005ལོར་ཧུའུ་པེའི་རྒྱལ་ཁོངས་ཐོན་ཁུངས་སློབ་གྲྭ་ཧྲིལ་པོ་ཧུའུ་པེའི་རྒྱལ་ཁོངས་ཐོན་ཁུངས་ལས་རིགས་སློབ་གླིང་དུ་ཟླ་སྒྲིལ་བྱས། སྤྱི་ལོ2010ལོར་ཧུའུ་པེའི་རྒྱལ་ཁབ་ས་ཆ་ཐོན་ཁུངས་ལས་རིགས་སློབ་གླིང་གི་ཝུའུ་ཧན་ཧན་ནན་སློབ་ཁུལ་གསར་པ་སྤྱོད་འགོ་ཚུགས། སྤྱི་ལོ2017ལོར་ཧུའུ་པེའི་རྒྱལ་ཁོངས་ཐོན་ཁུངས་ལས་རིགས་སློབ་གླིང་དེ་ཧུའུ་པེ་ཞིང་ཆེན་གྱི་སྤུས་ལེགས་དཔེ་སྟོན་མཐོ་རིམ་ལས་རིགས་སློབ་གྲྭ(སློབ་གྲྭ34)འཛུགས་སྐྲུན་ཚན་པའི་གྲས་སུ་གྱུར།
སྤྱི་ལོ2018ལོར་ཧོ་པེའི་རྒྱལ་ཁོངས་ཐོན་ཁུངས་ལས་རིགས་སློབ་གླིང་སློབ་གསོ་པུའི་ཁག་གསུམ་པའི་དེང་རབས་དགེ་ཕྲུག་ལམ་ལུགས་ཀྱི་ཚོད་ལྟའི་ཚན་པར་བདམས།
ད་ལྟ་སློབ་གྲྭར་ཡོད་པའི་སློབ་མ8000ལྷག་ཡོད། སློབ་གླིང་གིས་ཧྭ་ཀྲུང་ཚན་རྩལ་སློབ་ཆེན་དང་། ཀྲུང་གོ་ས་གཤིས་སློབ་ཆེན། ཀྲུང་ནན་ནོར་དཔལ་སྲིད་ཁྲིམས་སློབ་ཆེན། འབྲི་ཆུའི་སློབ་ཆེན། འགག་གསུམ་སློབ་ཆེན་བཅས་དང་དྲ་རྒྱའི་སློབ་གསོ་དང་། སྤྱིར་བཏང་གི་དངོས་གཞིའི་སྡེ་ཁག་གི་སློབ་གསོ། ཆེད་སྤྱོད་དངོས་གཞིའི་སྡེ་ཁག་གི་རང་སྦྱོང་རྒྱུགས་ལེན་སོགས་དངོས་གཞིའི་སྡེ་ཁག་དག་ལ་མཉམ་ལས་སློབ་གཉེར་གྱི་འབྲེལ་བ་བཙུགས་ཡོད། དངོས་གཞིའི་སྡེ་ཁག་གི་སློབ་གསོ་དང་ལེན་དང་སློབ་མའི་སློབ་སྦྱོང་འཕེལ་རྒྱས་ཐད་ལ་སྔར་ལས་ལྷག་པའི་སྟབས་བདེ་བསྐྲུན་ཡོད།
སློབ་གླིང་ལ་ད་ལྟ་ཆེད་གཉེར་དགེ་རྒན530ཡོད། དེའི་ནང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕོགས་སྣོན་ཆེད་མཁས་པ3དང་། བྱས་རྗེས་མངོན་གསལ་བཞག་པའི་ན་གཞོན་རིགས་གཅིག་མཁས་པ2 འབུམ་རམས་པ12 རབ་འབྱམས་པ155 རྒྱལ་ཁབ་ཀྱིས་ཐོ་འགོད་བྱས་པའི་ཡན་ཐུའ་བཟོ་བཀོད་པ2 ཐོ་འགོད་ཐིག་ལེན་རིས་འབྲིའི་དགེ་རྒན5 ཐོ་འགོད་རྩིས་པ1བཅས་ཡོད། དགེ་རྒན་ཆེན་མོ་དང་དགེ་རྒན་ཆེན་མོ་གཞོན་པ95ཡོད་པ་དང་། ཞིང་ཆེན་རིམ་པའི་སློབ་ཁྲིད་དགེ་རྒན་གྲགས་ཅན4ཡོད། ཁྲུའུ་ཐེན་རྩལ་ནུས་དགེ་རྒན་གྲགས་ཅན3དང་། “ཉིས་འཇོན་རྣམ་པའི”དགེ་རྒན122ཡོད།
སློབ་གླིང་གིས་ཐོན་ཁུངས་རྩད་ཞིབ་དང་། ས་གཤིས་ལས་གྲྭ། ལས་གྲྭའི་ཐིག་ལེན། ཨར་ལས་འཛུགས་སྐྲུན། ལས་གྲྭའི་དོ་དམ་སོགས་ཆེད་ལས་འཇོན་མི་གསོ་སྐྱོང་བྱ་རྒྱུ་གཙོ་བོར་བཟུང་ཡོད། འཕྲུལ་ཆས་བཟོ་སྐྲུན་དང་། གློག་རླངས་རང་འགུལ་ཅན། གློག་རྡུལ་ཆ་འཕྲིན། རྩིས་འཁོར། ནོར་དོན་རྩིས་གཉེར། དཔལ་འབྱོར་ཉོ་ཚོང་། ཚོང་རའི་ཚོང་གཉེར། སྒྱུ་རྩལ། མཉེན་ཆས་གསར་སྤེལ། ནུས་ཁུངས་གསར་པའི་ཉེར་སྤྱོད་འཇོན་མི་བཅས་གསོ་སྐྱོང་བྱ་རྒྱུར་དམིགས་ཚད་དུ་བཟུང་ཡོད་པས་ལས་རིགས་སློབ་གཉེར་གྱི་ཁྱད་ཆོས་མངོན་གསལ་ལྡན། ཁོངས་སུ་ཐོན་ཁུངས་རྩད་ཞིབ་སྡེ་ཁག་དང་། ས་གཤིས་ལས་གྲྭའི་སྡེ་ཁག ཐིག་ལེན་རིས་འབྲིའི་ལས་གྲྭའི་སྡེ་ཁག འཕྲུལ་གློག་ལས་གྲྭའི་སྡེ་ཁག ཆ་འཕྲིན་ལས་གྲྭའི་སྡེ་ཁག བཟོ་ཚོང་དོ་དམ་སྡེ་ཁག སྤྱི་པའི་སློབ་ཚན་པུའུ། འབྲིང་རིམ་ལས་རིགས་སློབ་གསོ་པུའུ། རྒྱུན་མཐུད་སློབ་གསོ་པུའུ། ས་རྒྱུས་ཆ་འཕྲིན་སློབ་གླིང་སོགས་སྡེ་ཁག9ཡི་སྒེར་ཚུགས་སློབ་གླིང1ལ་མཐོ་རིམ་ལས་རིགས་ཆེད་ལས33ཡོད།
ཝུའུ་ཞན་ལིང་ནི་ད་ལྟ་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་དང་། འགོ་འཛིན། ཏང་ཨུའི་ཁོངས་མི་བཅས་ཡིན།
ཡུའུ་ཙེ་ཞུའེ་ནི་ད་ལྟ་སློབ་གླིང་སྒྲིག་ཨུའི་ཧྲུའུ་ཅི་དང་བཟོ་ཚོགས་ཀྱི་ཀྲུའུ་ཞིའི་འགན་གཅིག་ལྕོགས་དང་ཏང་ཨུའི་ཁོངས་མི་ཡིན།
ཀུང་ཕུའུ་ནི་ད་ལྟ་སློབ་གླིང་གི་གླིང་གཙོ་གཞོན་པ་དང་ཏང་ཨུའི་ཁོངས་མི་ཡིན།
ཀྲོའུ་ཚུང་ཅུན་ནི་ད་ལྟའི་སློབ་གླིང་གི་གླིང་གཙོ་གཞོན་པ་དང་། ཏང་ཨུའི་ཁོངས་མི་ཡིན།