ཀྲུའུ་མ་ཏེན་དུ་བྱིས་པའི་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2020-10-20 09:37ལ་འགྲུབ།

ཀྲུའུ་མ་ཏེན་དུ་བྱིས་པའི་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ།

ཀྲུའུ་མ་ཏེན་དུ་བྱིས་པའི་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ།
ཀྲུའུ་མ་ཏེན་བྱིས་པའི་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་ནི་སློབ་གསོ་པུའུ་ཡིས་ཐོ་འགོད་བྱས་ཤིང་སློབ་སྔོན་སློབ་གསོའི་དགེ་རྒན་གསོ་སྐྱོང་བྱ་རྒྱུ་གཙོ་གནད་དུ་བཟུང་ནས་བཙུགས་པའི་གཞུང་བཙུགས་ཉིན་ཧྲིལ་པོའི་ལམ་ལུགས་ཅན་གྱི་མཐོ་རིམ་སློབ་གྲྭ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
驻马店幼儿师范高等专科学校
སློབ་གྲྭའི་རིགས་དབྱེ།
དགེ་འོས་རིགས།
དབྱིན་ཡིག་གི་མིང་།
Zhumadian preschool education College
གཙོ་གཉེར་སྡེ་ཁག
ཧོ་ནན་ཞིང་ཆེན།
བཙུགས་ལོ།
སྤྱི་ལོ2017ལོར།
ད་ལྟའི་འགོ་ཁྲིད།
སློབ་གཙོ། དབྱང་སི་ཆིན།
སློབ་སྒྲུབ་ངོ་བོ།
གཞུང་སྒྲུབ་སློབ་ཆེན།
1 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1906ལོར“རུའུ་དབྱང་དགེ་འོས་ཁྲིད་སྦྱོང་ཁང”བཙུགས། 

སྤྱི་ལོ1908ལོར“རུའུ་ཉིང་ཧྥུའུ་དམའ་རིམ་དགེ་འོས་སློབ་ཁང”བཙུགས། 

སྤྱི་ལོ1916ལོར་ཡུས་ནན་དགེ་འོས་སློབ་ཆེན་གྱི་རྗེས་སུ། མིང་ལ“ཧོ་ནན་ཞིང་ཆེན་གྱི་དགེ་འོས་སློབ་གྲྭ་གསུམ་པ”ཞེས་པར་བསྒྱུར་ནས་སློབ་ཡུན་ལོ་གཅིག་ཡིན། 

སྤྱི་ལོ1919ལོར་སློབ་ཡུན་ལོ་གཉིས་སུ་བསྒྱུར། 

སྤྱི་ལོ1924ལོར་སློབ་ཡུན་ལོ་གསུམ་ཡིན། 

སྤྱི་ལོ1937ལོར་མིང་བསྒྱུར་ནས“རུའུ་ནན་རྫོང་དུ་སྟབས་བདེའི་གྲོང་གསེབ་དགེ་འོས་སློབ་གྲྭ”ཞེས་འབོད། 

སྤྱི་ལོ1940ལོར་ཕིན་ཞིན་སན་ལི་ཆའོ་ཡན་ཀྲའེ་རུ་གནས་སྤར། 

སྤྱི་ལོ1943ལོའི་དབྱར་ཁར་པེ་མོན་ལི་ཧུའུ་ཀྲའེ་རུ་གནས་སྤར། 

སྤྱི་ལོ1949ལོའི་ཟླ1པོར་རུའུ་ནན་བཅིངས་འགྲོལ་བཏང་ཞིང་། མི་དམངས་སྲིད་གཞུང་གིས་སློབ་གསོར་ཧ་ཅང་མཐོང་ཆེན་བྱས། 

སྤྱི་ལོ1951ལོའི་དཔྱིད་ཀར་རྫོང་ཡོངས་ཀྱི་སློབ་ཆུང་སློབ་གསོའི་འཕེལ་རྒྱས་དང་བསྟུན་ཆེད། དགེ་རྒན་གྱི་དགོས་མཁོ་སྐོང་ཆེད་རྫོང་མི་དམངས་སྲིད་གཞུང་གིས་དུས་ཐུང་དགེ་འོས་འཛིན་གྲྭའི་རྨང་གཞིའི་ཐོག རུའུ་ནན་རྫོང་གི་དམའ་རིམ་དགེ་འོས་སློབ་གྲྭ་བཙུགས། 

སྤྱི་ལོ1952ལོའི་སྟོན་ཁར“རུའུ་ནན་དམའ་རིམ་དགེ་འོས་སློབ་གྲྭ”ཞེས་མིང་བསྒྱུར། 

སྤྱི་ལོ1955ལོར་སློབ་གྲྭ་རུའུ་ནན་སློབ་གྲྭར་གནས་སྤོས་པ་དང་མིང་ལ“ཧོ་ནན་ཞིང་ཆེན་རུའུ་ནན་དགེ་འོས་སློབ་གྲྭ”ཞེས་པར་བསྒྱུར། 

2 སློབ་སྒྲུབ་ཆ་རྐྱེན།

ཀྲུའུ་མ་ཏེན་བྱིས་པའི་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ(དེ་སྔའི་རུའུ་ནན་བྱིས་པའི་དགེ་འོས་སློབ་གྲྭ)1906ལོར་བཙུགས་ཤིང་། ལོ་རྒྱུས་ཡུན་རིང་ལྡན་པའི་ལོ་བརྒྱའི་སློབ་གྲྭ་རྙིང་པ་ཞིག་ཡིན་ལ། སློབ་ཁུལ་རྙིང་པ་དེ་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར་རུའུ་ནན་རྫོང་དུ་གནས་པ་དང་། “ཐེན་ཀྲུང་མོན”དང་བར་ཐག་སྨི་ཉིས་བརྒྱ་ཡོད། ད་ལྟ་སློབ་གྲྭར་དགེ་རྒན་དང་ལས་བཟོ་པ345ཡོད་པ་དང་སློབ་གྲྭར་ཡོད་པའི་སློབ་མ8500ལྷག་ཡོད། རུའུ་ནན་དང་མཱ་ཏེན་གྱི་སློབ་ཁུལ་གཉིས་ཡོད་པ་དང་སློབ་གྲྭའི་རྒྱ་ཁྱོན་མུའུ372ཟིན་ཡོད། དེའི་ནང་སློབ་ཁུལ་གསར་པས་མུའུ320ཟིན་ཡོད། འཆར་འགོད་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི18.8ཟིན་པ་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར3.7བཏང་ཡོད། དུས་ཐེངས་དང་པོའི་ལས་གྲྭའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི14ཟིན་ནས་མ་དངུལ་སྒོར་དུང་ཕྱུར2.39བཏང་ཡོད། སྤྱི་ལོ2012ལོའི་ལོ་མཇུག་ཏུ་ལས་འགོ་བཙུགས་ནས་སྤྱི་ལོ2016ལོར་ཁྱོན་ཡོངས་ནས་བེད་སྤྱོད་གཏོང་འགོ་ཚུགས། 

3 དགེ་རྒན་གྱི་དཔུང་སྡེ།

སློབ་གྲྭར་ད་ལྟ་དགེ་རྒན་དང་ལས་བཟོ་པ345ཡོད་ལ། དེའི་ནང་དངོས་གཞིའི་ཚན་ཁག་གི་སློབ་གཉེར་བརྒྱུད་རིམ་ཡན་གྱི་དགེ་རྒན330དང་མཐོ་རིམ་གཞོན་པའི་གོ་མིང་དགེ་རྒན122ཡོད། རབ་འབྱམས་པའི་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་པའི་དགེ་རྒན85དང་དམིགས་བསལ་རིམ་པའི་དགེ་རྒན4ཡོད། རྒྱལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན1དང་རྒྱལ་ཡོངས་ཀྱི་ཕུལ་བྱུང་འཛིན་གྲྭའི་ཀྲུའུ་རེན1 གྲོང་ཁྱེར་རིམ་པའི་ཕུལ་བྱུང་དགེ་རྒན46 ཙེང་ཤན་ཙིའི་སློབ་གསོའི་ཐེབས་རྩའི་བྱ་དགའ་ཐོབ་མཁན3 གྲོང་ཁྱེར་རིམ་པ་ཡན་གྱི་རིག་གཞུང་ལག་རྩལ་སྣེ་ཁྲིད་པ23དང་གྲོང་ཁྱེར་གྱི་རྩེར་སོན་ཤེས་ལྡན་མི་སྣ12 གོང་རིམ་སློབ་གསོ་གཙོ་གཉེར་སྡེ་ཁག་གིས་བདེན་དཔང་ར་སྤྲོད་བྱས་པའི་གཉིས་མཁས་ཅན་གྱི་དགེ་རྒན125ཡོད། སློབ་གྲྭར་ཁོངས་གཏོགས་སློབ་ཆུང་དང་བུ་བཅོལ་ཁང་རེ་རེ་བཙུགས་ཡོད་ཅིང་། སློབ་གྲྭར་གྲོང་ཁྱེར་གྱི་སློབ་ཆུང་དགེ་རྒན་དང་བྱིས་པའི་དགེ་རྒན་གསོ་སྦྱོང་ལྟེ་གནས་བཙུགས་ཤིང་གྲོང་ཁྱེར་ཡོངས་ཀྱི་སློབ་ཆུང་དགེ་རྒན་དང་། བྱིས་པའི་དགེ་རྒན་གྱི་རྒྱུན་མཐུད་སློབ་གསོ། དགེ་རྒན་གསོ་སྦྱོང་ལས་དོན་བཅས་ཀྱི་འགན་འཁུར་རྒྱུ་ནི་གྲོང་ཁྱེར་གྱི་སློབ་ཆུང་དང་བྱིས་པའི་དགེ་རྒན་གྱི་རྒྱུན་མཐུད་སློབ་གསོ་དང་དགེ་རྒན་གསོ་སྦྱོང་རྟེན་གཞི་ཡིན།

4 སློབ་གྲྭའི་གཟི་བརྗིད་མཚན་སྙན།

སྤྱི་ལོ2011ལོར་སློབ་གསོ་པུའུ་ཡིས“རྒྱལ་ཁབ་རིམ་པའི་སྐད་ཡིག་ཚད་ལྡན་ཅན་གྱི་དཔེ་སྟོན་སློབ་གྲྭ”ཞེས་པའི་མིང་བཏགས་པ་དང་། ཉེ་བའི་ལོ་གསུམ་རིང་སྔ་རྗེས་སུ“ཧོ་ནན་ཞིང་ཆེན་གྱི་ཤེས་དཔལ་དཔེ་བཟང་སློབ་གྲྭ”དང“ཧོ་ནན་ཞིང་ཆེན་གྱི་སློབ་ཆེན་དང་འབྲིང་རིམ་ཆེད་ལས་དཀྱུས་མའི་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་གྱི་སྔོན་ཐོན་ཚན་པ”“ཧོ་ནན་ཞིང་ཆེན་གྱི་ཀུན་སྤྱོད་སློབ་གསོའི་སྔོན་ཐོན་ཚན་པ”“ཧོ་ནན་ཞིང་ཆེན་གྱི་དགེ་རྒན་གསོ་སྦྱོང་བྱེད་སྒོའི་ལོའི་སྔོན་ཐོན་ཚན་པ”“ཞིང་ཆེན་རིམ་པའི་འཕྲོད་བསྟེན་སྔོན་ཐོན་ཚན་པ”“མ་ཏེན་གྲོང་ཁྱེར་དུ་བཅའ་སྡོད་སློབ་གསོ་སློབ་ཁྲིད་ཀྱི་སྔོན་ཐོན་ཚན་པ”“མ་ཏེན་གྲོང་ཁྱེར་དུ་བཅའ་སྡོད་སྔོན་ཐོན་ཚན་པ”སོགས་སུ་བདམས་ཤིང་། དགེ་རྒན་ཏིང་ཀྲེན་མིང་ལ་རྒྱལ་ཡོངས་ཀྱི“འབྲིང་རིམ་ལས་རིགས་སློབ་གྲྭའི་ཀུན་སྤྱོད་སློབ་གསོའི་སྔོན་ཐོན་མི་སྒེར”གྱི་གཟི་བརྗིད་མཚན་སྙན་ཐོབ།

5 ཆེད་ལས་སྒྲིག་བཀོད།

ད་ཆ་སློབ་གྲྭར་གཙོ་བོ་སློབ་སྔོན་སློབ་གསོ་དང་། དུས་འགོའི་སློབ་གསོ། སློབ་ཆུང་སློབ་གསོ། དབྱིན་ཡིག་སློབ་གསོ། སྤྱི་ཚོགས་ལུས་རྩལ། བཟོ་རྩལ་ཐོན་རྫས་ཇུས་འགོད། བྱིས་པ་འཕེལ་རྒྱས་དང་བདེ་ཐང་དོ་དམ་སོགས་ཀྱི་ཆེད་སྦྱོང་ཆེད་ལས་དང་ལོ་ལྔའི་ལམ་ལུགས་ཀྱི་སློབ་ཞུགས་གོང་གི་སློབ་གསོའི་ཆེད་ལས་བཙུགས་ཡོད། 

དཔྱད་གཞིའི་ཡིག་ཆ།