ཧོང་ཀང་ཚན་རྩལ་ལས་རིགས་སློབ་གླིང་།སྔ་མའི་པར་གཞི་དེ བླ་མ་གཡང་སངས།  ནས 2020-10-16 08:58ལ་འགྲུབ།

ཧོང་ཀང་ཚན་རྩལ་ལས་རིགས་སློབ་གླིང་།

ཧོང་ཀང་ཚན་རྩལ་ལས་རིགས་སློབ་གླིང་།
ཧོང་ཀང་ཚན་རྩལ་ལས་རིགས་སློབ་གླིང་ནི་ཧུའུ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་ལྟར་བཙུགས་ཤིང་། ཧུའུ་པེ་ཞིང་ཆེན་སློབ་གསོ་ཐིང་གིས་གཙོ་གཉེར་བྱས་པ་དང་སློབ་གསོ་པུའུ་ཡིས་ཐོ་འགོད་བྱས་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན། ད་ལྟ་སློབ་མ6000ལྷག་ཡོད་པ་དང་། དགེ་རྒན་དང་ལས་བཟོ་བ300ལྷག་ཡོད། དེའི་ནང་དགེ་རྒན་ཆེན་མོ་དང་དགེ་རྒན་ཆེན་མོ་གཞོན་པ་ཡིས26%ཟིན་ཡོད་པ་དང་ཉིས་འཇོན་རྣམ་པའི་དགེ་རྒན་གྱིས60%ཡན་ཟིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
黄冈科技职业学院
ཕྱི་ཡིག་གི་མིང་།
Huanggang Vocational College of Science and Technology
བསྡུས་མིང་།
ཧོང་ཀང་ཚན་རྩལ་སློབ་གླིང་།
གཙོ་གཉེར་སྡེ་ཁག
ཧུའུ་པེ་ཞིང་ཆེན་སློབ་གསོ་ཐིང་།
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
འཕྲུལ་གློག་བཟོ་སྐྲུན་སློབ་གླིང་དང་། ཨར་ལས་བཟོ་སྐྲུན་སློབ་གླིང་། མཉེན་ཆས་བཟོ་སྐྲུན་སློབ་གླིང་སོགས།
གནས་ཡུལ།
ཧུའུ་པེ་ཞིང་ཆེན་ཧོང་ཀང་གྲོང་ཁྱེར་ཏུང་ཕོ་ལམ་ཆེན་གྱི་ཨང་རྟགས62པར་གནས་ཡོད།
ལས་ཐོག་འགོ་ཁྲིད།
སློབ་གཙོ། ལི་ཡོའུ་ཧྥང་།
སློབ་གྲྭའི་ཚབ་ཨང་།
13799
གཞུང་ཕྱོགས་དྲ་གནས།
http://www.hbhgkj.com
1 ​ངོ་སྤྲོད་མདོར་བསྡུས།

ཧོང་ཀང་ཚན་རྩལ་ལས་རིགས་སློབ་གླིང་ནི་ཧུའུ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་ལྟར་བཙུགས་ཤིང་། ཧུའུ་པེ་ཞིང་ཆེན་སློབ་གསོ་ཐིང་གིས་གཙོ་གཉེར་བྱས་པ་དང་སློབ་གསོ་པུའུ་ཡིས་ཐོ་འགོད་བྱས་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན། ད་ལྟ་སློབ་མ6000ལྷག་ཡོད་པ་དང་། དགེ་རྒན་དང་ལས་བཟོ་བ300ལྷག་ཡོད། དེའི་ནང་དགེ་རྒན་ཆེན་མོ་དང་དགེ་རྒན་ཆེན་མོ་གཞོན་པ་ཡིས26%ཟིན་ཡོད་པ་དང་ཉིས་འཇོན་རྣམ་པའི་དགེ་རྒན་གྱིས60%ཡན་ཟིན་ཡོད།

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1995ལོར་ཧོང་ཀང་གྲོང་ཁྱེར་སྤྱི་བདེ་ལས་བྱེད་སློབ་གྲྭའི་མིང་ཧོང་ཀང་གྲོང་ཁྱེར་སྤྱི་བདེ་འབྲིང་རིམ་ཆེད་ལས་སློབ་གྲྭར་བསྒྱུར། སྤྱི་ལོ2004ལོར་ཧོང་ཀང་གྲོང་ཁྱེར་སྤྱི་བདེ་འབྲིང་རིམ་ཆེད་ལས་སློབ་གྲྭ་ཁྲུའུ་ཐེན་ཨོའུ་ཡ་ལས་རིགས་སློབ་གླིང་དུ་རིམ་སྤོར་བྱས། སྤྱི་ལོ2006ལོར་ཁྲུའུ་ཨོའུ་ཡ་ལས་རིགས་སློབ་གླིང་གི་མིང་ཧོང་ཀང་ཚན་རྩལ་ལས་རིགས་སློབ་གླིང་ཞེས་པར་བསྒྱུར། སྤྱི་ལོ2009ལོའི་ཟླ5པར་སློབ་གླིང་གིས་སློབ་གསོ་པུའི་འཇོན་མི་གསོ་སྐྱོང་ལས་དོན་གྱི་ཆུ་ཚད་ལ་དཔྱད་དཔོག་བདེ་བླག་ངང་བྱས་པ་དང་། “ལོ་ལྔའི་འཆར་འགོད་བཅུ་གཉིས་པའི”རིང་སློབ་གླིང་གིས་སློབ་གསོ་སློབ་ཁྲིད་སྒྱུར་བཅོས་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་ཆེན་རིམ་པའི་ཁྱད་ལྡན་མཐོ་རིམ་ལས་རིགས་སློབ་གླིང་བསྐྲུན། སྤྱི་ལོ2010ལོར་སློབ་གླིང་ལ་ཧུའུ་པེ་ཞིང་ཆེན་གྱི་ཀྲུང་དབྱང་ནོར་སྲིད་ཀྱིས་མ་དངུལ་སྒོར་ཁྲི300བཏང་ནས་རྒྱབ་སྐྱོར་བྱས་པའི་རྩིས་འཁོར་ཉེར་སྤྱོད་ཆེད་ལས་དངོས་སྦྱོང་རྟེན་གཞི་རུ་གྱུར་ཡོད། སྤྱི་ལོ2011ལོར་ཞིང་ཆེན་ཡོངས་ཀྱི་མཐོ་སློབ་ཀྱི“བཅར་འདྲི་གཉིས་དང་གསར་གཏོད་གཉིས”ཀྱི་བྱེད་སྒོའི་སྔོན་ཐོན་ཚན་པར་ཞིང་ཆེན་སློབ་གསོ་ཐིང་གི་གཟེངས་བསྟོད་ཐོབ། སྤྱི་ལོ2011ལོའི་ཟླ4ཚེས28ཉིན་སློབ་གླིང་གིས་ཏང་དབུ་བརྙེས་ནས་ལོ90འཁོར་བར་དྲན་གསོ་ཞུ་བའི་གསར་བརྗེའི་གླུ་གཞས་འདུ་ཚོགས་ཆེ་གྲས་ཐོག་མ་དེ་གཟབ་རྒྱས་ངང་འཚོགས།

3 གཟི་བརྗིད་མཚན་སྙན།

སློབ་གླིང་དེ་ལོ་མང་བསྟུད་མར“ཧོང་ཀང་གྲོང་ཁྱེར་འཕྲོད་བསྟེན་སྔོན་ཐོན་སློབ་གྲྭར”བདམས་པ་དང་སློབ་གླིང་གི་སློབ་མའི་ཟ་ཁང་ལ“ཧུའུ་པེ་ཞིང་ཆེན་བཟའ་བཅའི་འཕྲོད་བསྟེན་གྱིAརིམ་པའི”གཟི་བརྗིད་མཚན་སྙན་ཐོབ་ཡོད།

4 སློབ་སྒྲུབ་ཆ་རྐྱེན།
4_1 སློབ་གླིང་དང་སྡེ་ཁག་གི་ཆེད་ལས།

སློབ་གླིང་དུ་འཕྲུལ་གློག་བཟོ་སྐྲུན་སློབ་གླིང་དང་། ཨར་སྐྲུན་བཟོ་སྐྲུན་སློབ་གླིང་། མཉེན་ཆས་ལས་གྲྭའི་སློབ་གླིང་། དཔལ་འབྱོར་དོ་དམ་སློབ་གླིང་། ཡུལ་སྐོར་མཁའ་འགྲུལ་སློབ་གླིང་། གློག་རྡུལ་ཚོང་དོན་སྨྱན་སྦྱོར་སློབ་གླིང་། དངུལ་རྩའི་སློབ་གླིང་། མི་མེད་གནམ་གྲུའི་སློབ་གླིང་། རླངས་འཁོར་ལས་གྲྭའི་སློབ་གླིང་། ཉེར་སྤྱོད་དངོས་གཞིའི་སྡེ་ཁག་སློབ་གླིང་། དེང་རབས་བྲིན་ཚོང་སློབ་གླིང་སོགས་རིམ་པ་གཉིས་པའི་སློབ་གླིང11ཡོད། ཁྱོན་བསྡོམས་ཆེད་ལས29ཡོད།

4_2 རྨང་གཞིའི་སྒྲིག་བཀོད། 

སློབ་གླིང་གི་རྒྱ་ཁྱོན་ལ་མུའུ280ལྷག་ཙམ་ཡོད་པ་དང་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི16ཙམ་ཡོད། སློབ་གླིང་དུ་མཉམ་འབྲེལ་སློབ་ཁྲིད་ཐོག་ཁང་དང་། དཔེ་མཛོད་ཁང་། ཚོད་ལྟའི་ཐོག་ཁང་། སློབ་མའི་སྡོད་ཁང་། ལུས་རྩལ་སྦྱོང་བརྡར་ཁང་། སྲིད་འཛིན་གཞུང་ལས་ཐོག་ཁང་། སློབ་མའི་ཟ་ཁང་བཅས་བཙུགས་ཡོད་པ་དང་། ད་ལྟ་སློབ་གླིང་གི་དཔེ་མཛོད་ཁང་དུ་དཔེ་ཆ་ཁྲི20.6ཉར་ཡོད། རྩིས་འཁོར1500དང་། སྨྱན་སྦྱོར་སློབ་ཁང13 འདུག་སྟེགས1740བཅས་ཡོད། རླངས་འཁོར་དངོས་སྦྱོང་ལྟེ་གནས་དང་། གྲངས་འཛིན་དངོས་སྦྱོང་ཁང་། དཔེ་ཆས་ལས་སྣོན་དངོས་སྦྱོང་ཁང་། PLCདངོས་སྦྱོང་ཁང་། འཕྲུལ་འཁོར་རྐྱང་པའི་དངོས་སྦྱོང་ཁང་། འགུལ་རིས་ཇུས་འགོད་དངོས་སྦྱོང་རྟེན་གཞི་ཆེ་གྲས་སོགས་དངོས་སྦྱོང་བྱེད་ས50ལྷག་ཙམ་དང་སློབ་ཕྱིའི་དངོས་སྦྱོང་རྟེན་གཞི40ལྷག་ཙམ་ཡོད། སློབ་ཁྲིད་ཚན་ཞིབ་དཔྱད་ཆས་དང་སྒྲིག་ཆས་ཀྱི་རིན་ཐང་སྒོར་ཁྲི3000ལྷག་ཙམ་ཟིན་ཡོད།

5 སློབ་ཁྲིད་འཛུགས་སྐྲུན།

སྤྱི་ལོ2011ལོར་དགེ་རྒན་ཆེན་མོ་བ་ཞུས་ཉན་ཁྲུན“ཧུའུ་པེ་ཞིང་ཆེན་མཐོ་སློབ་ཀྱི་བསམ་བློ་ཆབ་སྲིད་སློབ་ཚན་ཡག་ཤོས་བཅུའི་དགེ་རྒན”དུ་བདམས་པ་དང་། “ཧུའུ་པེའི་ལྔ་གཅིག་ངལ་རྩོལ་གཟེངས་རྟགས”ཀྱང་ཐོབ་ཡོད། སློབ་གླིང་གིས་རྒྱལ་ཁབ་རིམ་པའི་སློབ་དཔྱོད་རྣམ་གྲངས1རེ་ཞུ་བྱས་པ་ལེགས་འགྲུབ་བྱུང་ཡོད་པ་དང་། ཞིང་ཆེན་རིམ་པའི་སློབ་ཁྲིད་སྒྱུར་བཅོས་ཚོད་ལྟའི་ཆེད་ལས1དང་། ཞིང་ཆེན་རིམ་པའི་སློབ་ཁྲིད་ཚན་ཞིབ་རྣམ་གྲངས3 《གློག་རླངས་གཤེར་གནོན་ལག་རྩལ》ཞེས་པའི་ཞིང་ཆེན་རིམ་པའི་སྤུས་ལེགས་སློབ་ཚན་བཅས་བཙུགས་ཡོད། དགེ་རྒན་གྱིས་རིམ་པ་སོ་སོའི་དུས་དེབ་སྟེང་དུ་དཔྱད་རྩོམ200ལྷག་ཙམ་སྤེལ་བ་དང་། མི་སྒེར་གྱིས་ཆེད་བྲིས་རྩོམ་ཡིག་གམ་སློབ་དེབ23བྲིས་ཡོད། རང་གིས་རྩོམ་སྒྲིག་བྱས་པའི་དངོས་སྦྱོང་མཛུབ་སྟོན་དཔེ་ཆ43ཡོད། སློབ་གླིང་གི་དགེ་སློབ་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་དང་གྲོང་ཁྱེར་གྱི་རིགས་ཁག་གི་འགྲན་བསྡུར་ནང་ཞུགས་པར་བྱ་དགའ་ཆེན་པོ་ཐོབ་པ་དང་བྱ་དགའ་ཐོབ་པའི་དགེ་སློབ་ཁྱོན60ལྷག་ཙམ་ཟིན་ཡོད།

6 མཉམ་ལས་སྤེལ་རེས། 

སློབ་གླིང་གིས་སློབ་གྲྭ་དང་ཁེ་ལས་མཉམ་ལས་ཀྱི་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཡོད། ཞིང་ཆེན་ཕྱི་ནང་གི་ཁེ་ལས40ལྷག་ཙམ་དང་མཉམ་ལས་བྱས་ནས་སློབ་གྲྭ་དང་ཁེ་ལས་མཉམ་ལས་དང“མངགས་ཐོའི”གསོ་སྐྱོང་བྱེད་སྟངས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་ཡོད། འབྲི་ཆུའི་ཟུར་གསུམ་གླིང་དང་། ཀྲུའུ་ཅང་གཙང་པོའི་ཟུར་གསུམ་གླིང་། ཧྭ་ཀྲུང་ས་ཁུལ་བཅས་ཀྱི་མི་སྤྱོད་ཚན་པར་ཡུན་རིང་མཉམ་ལས་ཀྱི་གྲོས་མཐུན་བཞག་ནས་སློབ་ཕྱིའི་དངོས་སྦྱོང་རྟེན་གཞི་བཙུགས་ཡོད།


དཔྱད་གཞིའི་ཡིག་ཆ།