མཚན་མོའི་དཔལ་འབྱོར།སྔ་མའི་པར་གཞི་དེ མིང་གསང་tNNy81462  ནས 2020-10-14 09:10ལ་འགྲུབ།

མཚན་མོའི་དཔལ་འབྱོར།

མཚན་མོའི་དཔལ་འབྱོར།
མཚན་མོའི་དཔལ་འབྱོར་ཞེས་པ་ནི་ཉིན་གཅིག་གི་ཕྱི་དྲོའི་ཆུ་ཚོད6པ་ནས་ནམ་གུང་ཆུ་ཚོད2པའི་བར་བྱུང་བའི་དཔལ་འབྱོར་དང་འབྲེལ་བའི་ཞབས་ཞུའི་རིགས་ཀྱི་བྱ་འགུལ་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
夜经济
ཕྱི་ཡིག་གི་མིང་།
Night economy
ནང་དོན།
མཚན་སྟོན། མཚན་གསོལ།
གཙོ་གནད།
ཁྲོམ་རའི་སྟོབས་ཤུགས་ལ་ཡིད་རྟོན་བྱ་བ།
1 ངོ་སྤྲོད།

མཚན་མོའི་དཔལ་འབྱོར་ཞེས་པ་ནི་ཉིན་གཅིག་གི་ཕྱི་དྲོའི་ཆུ་ཚོད6པ་ནས་ནམ་གུང་ཆུ་ཚོད2པའི་བར་བྱུང་བའི་དཔལ་འབྱོར་དང་འབྲེལ་བའི་ཞབས་ཞུའི་རིགས་ཀྱི་བྱ་འགུལ་ལ་ཟེར་ཞིང་། མཚན་མོའི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་ནི་གྲོང་ཁྱེར་གྱི་འཛད་སྤྱོད་དགོས་མཁོ་ཡར་འདེགས་དང་། ཐོན་ལས་གྲུབ་སྟངས་ལེགས་སྒྲིག་ལ་སྐུལ་འདེད་གཏོང་བའི་ཐབས་མཆོག་ཅིག་ཡིན།

མཚན་མོའི་གསོལ་སྟོན་དང་། མཚན་གཞས་གཏོང་བ། མཚན་མོར་འཛད་སྤྱོད་བྱེད་པ་གང་ཡིན་ཡང་ཞབས་ཞུའི་ལས་རིགས་སུ་མ་འདུས་པ་མེད་ཅིང་། དེ་རུ་ཚོང་ལས་དང་འགྲིམ་འགྲུལ། ཟས་རིགས། ལྗོངས་རྒྱུ། རོལ་རྩེད་སོགས་ཐོན་ལས་རིགས་གསུམ་པར་གྱུར་བ་ཚང་མ་ནང་དུ་འདུས།

མཚན་དུས་ཀྱི་འཛད་སྤྱོད་དགོས་མཁོ་ནི་རིམ་པ་མཐོ་བའི་དགོས་མཁོའི་རིགས་ཤིག་ཡིན་ལ། དཔལ་འབྱོར་གྱི་རྣམ་པ་ཞིག་ཡིན་པའི་ཆ་ནས། མཚན་མོའི་དཔལ་འབྱོར་ནི་སྡོད་དམངས་ཀྱི་འཛད་སྤྱོད་དང་ཁེ་ལས་ཀྱི་མཁོ་སྤྲོད་གཅིག་ཏུ་སྒྲིལ་བ་ཞིག་དང་། དགོས་མཁོ་དང་འདོན་སྤྲོད་ཕྱོགས་གཉིས་ཀྱིས་གྲུབ་པ་ཞིག་ཡིན།

སྤྱི་ལོ2019ལོའི་ཟླ12པར། མིང་བརྡ་འདི་ཀྲུང་གོའི་རྒྱལ་ཁབ་སྐད་ཡིག་ཐོན་ཁུངས་ལྟ་ཞིབ་ཚད་ལེན་དང་ཞིབ་འཇུག་ལྟེ་གནས་ཀྱིས་ཡོངས་བསྒྲགས་བྱས་པའི་སྤྱི་ལོ2019ལོའི་ཀྲུང་གོའི་སྨྱན་སྦྱོར་གྱི་མིང་ཚིག་གསར་བ་བཅུ་ཡི་གྲས་སུ་ཚུད།

2 འཕེལ་རྒྱས།

མཚན་མོའི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་འགག་རྩའི་གནད་དོན་ནི་ཁྲོམ་རའི་སྟོབས་ཤུགས་ལ་ཡིད་རྟོན་བྱ་རྒྱུ་དེ་ཡིན་ཞིང་། དེ་མཚན་མོའི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་གཞི་རྩའི་རྩ་དོན་ཞིག་ཀྱང་ཡིན་འོས།  འཁྲབ་སྟོན་ཆེ་གྲས་ཀྱི་རྣམ་གྲངས་འཆར་འགོད་དང་གནས་གཞི་འཛུགས་སྐྲུན་བྱེད་པར་སྲིད་གཞུང་གིས་དོ་དམ་དང་། ཁེ་ལས་ཆེ་བའི་བདག་གཉེར། རིམ་པ་མཐོ་གྲས་ཀྱི་འཛད་སྤྱོད་དགོས་མཁོ་བཅས་ཡོད་པས། དེའི་བཟང་ངན་ཐད་མང་བོ་བཤད་རྒྱུ་མེད། དེ་ལས་ཆུང་ས་ན་སྒྲུབ་ཀྱིན་པའི་ཐང་ཁྲོམ་དཔལ་འབྱོར་དང་། མ་རྩ་དམའ་བ།  རྩི་རྐང་དཔལ་འབྱོར་བཅས་ཀྱི་ཕྱོགས་ལ་ད་དུང་ཤུགས་རྒྱག་དགོས།

མཚན་མོའི་དཔལ་འབྱོར་ལ་འགྱུར་ལྡོག་རང་བཞིན་མངོན་གསལ་ལྡན་ཏེ། འཛད་སྤྱོད་བྱས་ཆོག་ལ། མ་བྱས་ཀྱང་ཆོག  ཡང་ན་སྔོན་ལ་འཛད་སྤྱོད་བྱེད་པ་དང་གཞུག་ལ་བསྣུར་ཏེ་འཛད་སྤྱོད་བྱས་ཀྱང་ཆོག་པ་ཞིག་ཡིན། དེ་ནི་གཙོ་བོ་སྣེ་ཁྲིད་དང་སྐུལ་འདེད་བྱེད་སྟངས་ལ་ཐུག མཚན་མོའི་དཔལ་འབྱོར་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་མི་སྒེར་གྱི་འཛད་སྤྱོད་གོམ་གཤིས་ལ་འགྱུར་བ་གཏོང་དགོས་པ་སྨོས་མེད་ཡིན།  འོན་ཀྱང་དེ་ལས་ཀྱང་འགག་རྩར་གྱུར་བ་སྲིད་གཞུང་དང་ཁེ་ལས་ཀྱི་ཕྱོགས་ཡིན། དེ་ནི་དཔེར་ན་ཧྥ་རན་སེའི་དཔལ་འབྱོར་རིག་པ་བ་སཱ་ཡེས་འཛད་སྤྱོད་ཁོ་ནར་སྐུལ་འདེད་བཏང་ན་ཚོང་ལས་ཀྱི་ཁེ་ཕན་མངོན་དུ་འགྱུར་ཐབས་མེད་དེ། དཀའ་ཁག་ཆེ་ས་དེ་འཛད་སྤྱོད་ཀྱི་དགོས་མཁོ་མིན་པར། འཛད་སྤྱོད་བྱ་ཐབས་མཁོ་འདོན་བྱ་རྒྱུ་དེ་ཡིན་ཞེས་གསུངས་པ་ལྟར་རོ།།

མཚན་མོའི་ཆང་ཁང་དང་ཚོང་ཁང་སོགས་འཕེལ་རྒྱས་སུ་ཕྱིན་པ་དེ་ཡང་དཀའ་ཁག་རབ་དང་རིམ་པ་བརྒྱུད་ནས་ཡོང་བ་ཡིན།  སྔོན་ཆད་སྲིད་གཞུང་གི་ཐེངས་གང་མང་ལ་བཀག་འགོག་བྱས་ཀྱང་སྔར་བཞིན་འཕེལ་མཚམས་བཞག་མ་མྱོང་བའི་ཆང་ཁང་སོགས་ལ་དེང་སྐབས་རྒྱབ་སྐྱོར་ཐོབ་སྟེ་སྔར་མེད་ཀྱི་འཕེལ་རྒྱས་ཤིག་མངོན་ཡོད་པས། དེ་ནི་ངོ་བོའི་འགྱུར་ལྡོག་ཐེངས་ཤིག་ཡིན་ཞེས་བཤད་ཆོག   སྲིད་གཞུང་དང་ཚོང་ལས་ཀྱི་སྡེ་ཡི་ལྟ་བ་གཅིག་མཐུན་བྱུང་ན། དེའི་སྟོབས་ཤུགས་ནི་མཐོང་ཆུང་བྱེད་དུ་མི་རུང་བ་ཞིག་ཡིན། ཁ་ཚོན་བཅད་ཆོག་པ་ཞིག་ལ་མ་འོངས་པར་མཚན་མོའི་དཔལ་འབྱོར་གོང་ནས་གོང་དུ་འཕེལ་བ་ལས་ཕྱིར་སྤྱི་ལོ1983ལོའི་ཚད་ལ་སླེབས་མི་སྲིད།

3 འཛམ་གླིང་རྟགས་མའི་རྐང་གྲུག་འགྲན་སྡུར།

སྤྱི་ལོ2010ལོའི་འཛམ་གླིང་རྟགས་མའི་རྐང་གྲུག་འགྲན་སྡུར་གྱི་སྐབས་སུ་རྒྱལ་ཡོངས་ཀྱི་ལ་ཁ་ལའི་ཉོ་འཚོང་དེ་མཚན་མོའི་དུས་སུ30%འཕར་བ་དང་།  ལྷག་པར་དུ་མཚན་མོའི་ཆུ་ཚོད10པ་ནས་ནམ་སྨད་ཆུ་ཚོད2བར་ཉོ་འཚོང་གི་ཐེངས་གྲངས་མངོན་གསལ་གྱིས་འཕར་ཡོད། ལྟད་མོ་བ་རྣམས་ཀྱིས་འགྲན་སྡུར་ལ་བལྟ་བ་དང་མི་སྒེར་གྱི་འཚོ་བ་གཉིས་ཀྱི་ཕྱོགས་ནས་སྟབས་བདེ་ཡོང་ཆེད་ལ་ཁ་ལ་ཡིས་ཆུ་ཚོད24ཡི་རིང་ལས་གཉེར་བྱེད་པ་ཁྱབ་བསྒྲགས་བྱས་ཤིང་། ལྟད་མོ་བ་དང་གྲོང་མིས་རང་ཁྱིམ་དང་སྡོད་ཁུལ་གྱི་ཚོང་ཁང་དུ་ལ་ཁ་ལའི་ཡིད་རྟོན་བྱང་བུ་སྤྱད་དེ་བསྐྱིས་དངུལ་ཕྱིར་སྤྲོད་དང་། ཆུ་དང་གློག་སོགས་རྒྱུན་ལྡན་འཚོ་བའི་ཁྲོད་ཀྱི་གཏོང་སྤྲོད་བྱས་ཏེ། འགྲན་སྡུར་ལ་བལྟ་བའི་དུས་ཚོད་དམ་འཛིན་བྱེད་པར་སྐུལ་མ་བཏང་།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

འཛད་སྤྱོད། ཁྲོམ་ར། ཁེ་ཕན།