ཨན་ཧུའེ་ནོར་དཔལ་སློབ་ཆེན།སྔ་མའི་པར་གཞི་དེ བླ་མ་གཡང་སངས།  ནས 2020-09-27 11:11ལ་འགྲུབ།

ཨན་ཧུའེ་ནོར་དཔལ་སློབ་ཆེན།

ཨན་ཧུའེ་ནོར་དཔལ་སློབ་ཆེན།
ཨན་ཧུའེ་ནོར་དཔལ་སློབ་ཆེན་ནི་དཔལ་འབྱོར་རིག་པ་དང་། དོ་དམ་རིག་པ། ཁྲིམས་ལུགས་རིག་པ་བཅས་གཙོ་བོར་བཟུང་ཡོད་པའི་རིག་ཚན་མང་བའི་ནོར་དཔལ་སློབ་གྲྭ་ཆེན་མོ་ཞིག་ཡིན། སློབ་གྲྭ་དེ་སྤྱི་ལོ1959ལོའི་ཟླ5པར་ཨན་ཧུའེ་ཞིང་ཆེན་ཧུ་ཧྥེ་གྲོང་ཁྱེར་དུ་བཙུགས་པ་དང་དེའི་མིང་ལ་ཨན་ཧུའེ་ནོར་སྲིད་ཉོ་ཚོང་སློབ་གླིང་ཟེར། སྤྱི་ལོ1961ལོར་ཨན་ཧུའེ་ཞིང་ཆེན་པེང་པུའུ་གྲོང་ཁྱེར་དུ་གནས་སྤོ་བྱས། སློབ་གྲྭ་སྔ་རྗེས་སུ་ཀྲུང་ཧྭ་རྒྱལ་ཡོངས་མཁོ་ཚོང་མཉམ་ལས་སྤྱི་ཁྱབ་ཁང་དང་། ཚོང་ལས་པུའུ། རྒྱལ་ནང་གི་ཉོ་ཚོང་པུའུ་བཅས་ཀྱི་ཁོངས་སུ་གཏོགས། སྤྱི་ལོ2000ལོའི་ཟླ2པར། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཨན་ཧུའེ་ནོར་སྲིད་ཉོ་ཚོང་སློབ་གླིང་གིས་ཀྲུང་དབྱང་དང་ས་གནས་མཉམ་འཛུགས་བྱེད་རྒྱུ་ལག་བསྟར་བྱས་ཤིང་། ཨན་ཧུའེ་ཞིང་ཆེན་སྲིད་གཞུང་གིས་དོ་དམ་བྱས། སྤྱི་ལོ2004ལོའི་ཟླ5པར། སློབ་གསོ་པུའུ་ཡིས་ཆོག་མཆན་ཐོབ་པ་བརྒྱུད། སློབ་གྲྭ་དེར་ཨན་ཧུའེ་ནོར་དཔལ་སློབ་ཆེན་ཞེས་མིང་བསྒྱུར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
安徽财经大学
ཕྱི་ཡིག་གི་མིང་།
Anhui University of Finance and Economics
བཙུགས་ལོ།
སྤྱི་ལོ1959ལོར་བཙུགས།
ལས་ཐོག་འགོ་ཁྲིད།
ཏང་ཨུའི་ཧྲུའུ་ཅི། ཏིང་ཀྲུང་མིན། སློབ་གཙོ། ཏིང་ཀྲུང་མིན།
སློབ་སྒྲུབ་ངོ་བོ།
གཞུང་བཙུགས་སློབ་ཆེན།
གཙོ་གཉེར་སྡེ་ཁག
ཨན་ཧུའེ་ཞིང་ཆེན།
སློབ་གྲྭའི་རིགས་དབྱེ།
ནོར་སྲིད་དཔལ་འབྱོར།
དངོས་གཞིའི་ཆེད་ལས།
62ཡོད།
གནས་ཡུལ།
ལུང་ཧུའུ་ཤར་སློབ་ཁུལ་ནི་པེང་པུའུ་གྲོང་ཁྱེར་ཚའོ་ཧྲན་ལམ་གྱི་ཨང་རྟགས962པར་གནས་ཡོད། ལུང་ཧུའུ་ནུབ་སློབ་ཁུལ་ནི་པེང་པུའུ་གྲོང་ཁྱེར་ཧུང་ཡེ་ལམ་གྱི་ཨང་རྟགས255པར་གནས་ཡོད། འགྲིམ་འགྲུལ་ལམ་སློབ་ཁུལ་ནི་པང་པུའུ་གྲོང་ཁྱེར་འགྲིམ་འགྲུལ་ལམ་གྱི་ཨང་རྟགས177པར་གནས་ཡོད།
སློབ་གྲྭའི་ཁྱད་ཆོས།
ཞིང་ཆེན་དང་པུའུ་ཡི་མཉམ་སྐྲུན་སློབ་ཆེན། དབུས་ནུབ་རྒྱུད་ཀྱི་མཐོ་སློབ་ཀྱི་རྨང་གཞིའི་ནུས་པ་འཛུགས་སྐྱོང་ལས་གྲྭ། ཞིང་ཆེན་ཁོངས་ཀྱི་གཙོ་གནད་སློབ་ཆེན། ཨན་ཧུའེ་ཞིང་ཆེན་མཐོ་རིམ་སློབ་གསོ་དར་རྒྱས་གཏོང་བའི་འཆར་གཞི།
གཟི་བརྗིད་མཚན་སྙན།
རྒྱལ་ཁབ་རིམ་པའི་ཆེད་ལས་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟའི་རྣམ་གྲངས1དང་། ཞིང་ཆེན་དང་པུའུ་རིམ་པའི་གཙོ་གནད་ཞིབ་འཇུག་རྟེན་གཞི4ཡོད།
རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས།
རིམ་པ་དང་པོའི་རིག་ཚན9དང་རིམ་པ་གཉིས་པའི་རིག་ཚན36 ཆེད་ལས་བསླབ་གནས་ཀྱི་དབང་ཡོད་རིགས14བཅས་ཡོད།
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
དཔལ་འབྱོར་སློབ་གླིང་དང་། དངུལ་རྩའི་སློབ་གླིང་། རྒྱལ་ཁབ་ཉོ་ཚོང་སློབ་གླིང་། རྩིས་གཉེར་སློབ་གླིང་། བཟོ་ཚོང་དོ་དམ་སློབ་གླིང་། ནོར་སྲིད་སློབ་གླིང་སོགས།
མི་སྣ་གྲགས་ཅན།
ཀྲང་ཧྲི་ཕིང་། ཧུ་ཞུའེ་ཁྲུའུ། ཝང་ཞའོ་ཏུང་སོགས།
སློབ་བཙུགས་ཉིན་མོ།
ཟླ5པའི་ཚེས16ཉིན།
སློབ་གྲྭའི་ཚབ་ཨང་།
10378
གཞུང་ཕྱོགས་དྲ་གནས།
http://www.aufe.edu.cn
1 ​ངོ་སྤྲོད་མདོར་བསྡུས།

ཨན་ཧུའེ་ནོར་དཔལ་སློབ་ཆེན་ནི་དཔལ་འབྱོར་རིག་པ་དང་། དོ་དམ་རིག་པ། ཁྲིམས་ལུགས་རིག་པ་བཅས་གཙོ་བོར་བཟུང་ཡོད་པའི་རིག་ཚན་མང་བའི་ནོར་དཔལ་སློབ་གྲྭ་ཆེན་མོ་ཞིག་ཡིན། སློབ་གྲྭ་དེ་སྤྱི་ལོ1959ལོའི་ཟླ5པར་ཨན་ཧུའེ་ཞིང་ཆེན་ཧུ་ཧྥེ་གྲོང་ཁྱེར་དུ་བཙུགས་པ་དང་དེའི་མིང་ལ་ཨན་ཧུའེ་ནོར་སྲིད་ཉོ་ཚོང་སློབ་གླིང་ཟེར། སྤྱི་ལོ1961ལོར་ཨན་ཧུའེ་ཞིང་ཆེན་པེང་པུའུ་གྲོང་ཁྱེར་དུ་གནས་སྤོ་བྱས། སློབ་གྲྭ་སྔ་རྗེས་སུ་ཀྲུང་ཧྭ་རྒྱལ་ཡོངས་མཁོ་ཚོང་མཉམ་ལས་སྤྱི་ཁྱབ་ཁང་དང་། ཚོང་ལས་པུའུ། རྒྱལ་ནང་གི་ཉོ་ཚོང་པུའུ་བཅས་ཀྱི་ཁོངས་སུ་གཏོགས། སྤྱི་ལོ2000ལོའི་ཟླ2པར། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཨན་ཧུའེ་ནོར་སྲིད་ཉོ་ཚོང་སློབ་གླིང་གིས་ཀྲུང་དབྱང་དང་ས་གནས་མཉམ་འཛུགས་བྱེད་རྒྱུ་ལག་བསྟར་བྱས་ཤིང་། ཨན་ཧུའེ་ཞིང་ཆེན་སྲིད་གཞུང་གིས་དོ་དམ་བྱས། སྤྱི་ལོ2004ལོའི་ཟླ5པར། སློབ་གསོ་པུའུ་ཡིས་ཆོག་མཆན་ཐོབ་པ་བརྒྱུད། སློབ་གྲྭ་དེར་ཨན་ཧུའེ་ནོར་དཔལ་སློབ་ཆེན་ཞེས་མིང་བསྒྱུར། ཨན་ཧུའེ་ནོར་དཔལ་སློབ་ཆེན་ལ་རང་རྒྱལ་གྱི་ཤེས་རམས་པའི་བསླབ་གནས་སྤྲོད་དབང་ཡོད་པ་དང་། རབ་འབྱམས་པའི་བསླབ་གནས་སྤྲོད་དབང་ཡོད་པའི་སློབ་ཆེན་ཁག་གསུམ་པ་ཡིན། ཨན་ཧུའེ་ཞིང་ཆེན་གྱི་གཙོ་གནད་འཛུགས་སྐྲུན་བྱེད་པའི་སློབ་ཆེན་དང་ཨན་ཧུའེ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཀྲུང་ཧྭ་རྒྱལ་ཡོངས་མཁོ་ཚོང་མཉམ་ལས་སྤྱི་ཁྱབ་ཁང་དང་མཉམ་སྐྲུན་བྱས། སྤྱི་ལོ2012ལོར་རྒྱལ་ཁབ་ཀྱི་དབུས་ནུབ་རྒྱུད་ཀྱི་མཐོ་སློབ་ཀྱི་རྨང་གཞིའི་ནུས་པ་འཛུགས་སྐྱོང་ལས་གཞི་འཛུགས་སྐྲུན་གྱི་མཐོ་སློབ་ལ་ཆོག་མཆན་ཐོབ་པ་དང་སྤྱི་ལོ2014ལོར་ཨན་ཧུའེ་ཞིང་ཆེན་གྱི་མཐོ་རིམ་སློབ་གསོ་དར་རྒྱས་འཆར་གཞི“ས་གནས་ཀྱི་ཁྱད་ལྡན་ཆུ་ཚད་མཐོ་བའི་སློབ་ཆེན་འཛུགས་སྐྲུན་རྣམ་གྲངས”ནང་བདམས། སྤྱི་ལོ2018ལོའི་ཟླ12པའི་བར། སློབ་གྲྭར་འགྲིམ་འགྲུལ་ལམ་སློབ་ཁུལ་དང་། ལུང་ཧུའུ་ནུབ་སློབ་ཁུལ། ལུང་ཧུའུ་ཤར་སློབ་ཁུལ་བཅས་སློབ་ཁུལ་གསུམ་ཡོད་པ་དེས་ས་ཁྱོན་བསྡོམས་སྨི་གྲུ་བཞི་མ983450ཡོད་པ་དང་། དཔེ་དེབ་ཁྲི329.52ཉར་ཚགས་བྱས་ཡོད། དྲ་ཐོག་གློག་རྡུལ་དུས་དེབ་ཁྲི1.6ཡོད་པ་དང་ལས་ཐོག་དགེ་རྒན་དང་ལས་བཟོ་བ1398ཡོད། དེའི་ནང་ཆེད་བསྐོས་དགེ་རྒན1080ཡོད། སློབ་གྲྭར་ཡོད་པའི་དངོས་གཞི་སློབ་མ་དཀྱུས་མ21099དང་རབ་འབྱམས་ཞིབ་འཇུག་སློབ་མ1884ཡོད། སློབ་གླིང12དང་སློབ་ཁྲིད་པུའུ1བཙུགས་ཡོད། དངོས་གཞིའི་སྡེ་ཁག་གི་ཆེད་ལས67དང་ཤེས་རམས་པའི་ཆེད་ལས་གཉིས་པ2ཡོད། རྒྱལ་ཁབ་རིམ་པའི་ཁྱད་ལྡན་ཆེད་ལས5དང་ཞིང་ཆེན་རིམ་པའི་ཁྱད་ལྡན་ཆེད་ལས14ཡོད།

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1959ལོའི་ཟླ5པར། ཨན་ཧུའེ་ནོར་དཔལ་སློབ་ཆེན་ཧུ་ཧྥེ་རུ་བཙུགས་པ་དང་། མིང་ལ་ཨན་ཧུའེ་ནོར་སྲིད་ཉོ་ཚོང་སློབ་གླིང་ཟེར། སྤྱི་ལོ1961ལོར་སློབ་གྲྭར་“མུ་ཏིག་གྲོང”ཞེས་གྲགས་པའི་ཧོའེ་ཧོ་ཆུ་བོའི་འབབ་རྒྱུད་ཀྱི་ལྟེ་བའི་གྲོང་ཁྱེར་པེང་པུའུ་རུ་སྤོས་པ་དང་། སློབ་གྲྭའི་གནས་ཡུལ་འགྲིམ་འགྲུལ་ལམ(ད་ལྟའི་འགྲིམ་འགྲུལ་ལམ་སློབ་ཁུལ)དུ་བཙུགས་ཡོད། སྤྱི་ལོ1965ལོར་སློབ་གྲྭ་ཀྲུང་ཧྭ་རྒྱལ་ཡོངས་མཁོ་ཚོང་མཉམ་ལས་སྤྱི་ཁྱབ་ཁང་གི་གཙོ་གཉེར་ཁོངས་སུ་བསྒྱུར་བ་དང་། མིང་ལ་ཨན་ཧུའེ་ཚོང་ལས་སློབ་གླིང་ཞེས་བཏགས། རིག་གནས་གསར་བརྗེ་ཆེན་པོའི་སྐབས་སུ་སློབ་གྲྭས་སྔ་རྗེས་སུ་ཨན་ཧུའེ་ཞིང་ཆེན་ནོར་དཔལ་སློབ་གྲྭ་དང་ཨན་ཧུའེ་ཞིང་ཆེན་མཁོ་ཚོང་ཚོང་ལས་སློབ་གྲྭ་ཞེས་པར་མིང་བསྒྱུར། སྤྱི་ལོ1978ལོའི་ཟླ12པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་པ་བརྒྱུད། སློབ་གྲྭ་ཨན་ཧུའེ་ནོར་སྲིད་ཉོ་ཚོང་སློབ་གླིང་སླར་གསོ་བྱས་ཤིང་། ཀྲུང་ཧྭ་རྒྱལ་ཡོངས་མཁོ་ཚོང་མཉམ་ལས་སྤྱི་ཁྱབ་ཁང་གིས་ཨན་ཧུའེ་ཞིང་ཆེན་དང་མཉམ་དུ་དོ་དམ་བྱས། ཀྲུང་ཧྭ་རྒྱལ་ཡོངས་མཁོ་ཚོང་མཉམ་ལས་སྤྱི་ཁྱབ་ཁང་གིས་དོ་དམ་གཙོ་བོར་བཟུང་ཡོད།    

སྤྱི་ལོ1983ལོར་སློབ་གྲྭ་ཧུང་ཡེ་ལམ་གྱི་སློབ་ཁུལ(ད་ལྟ་ལུང་ཧུའུ་ནུབ་ཀྱི་སློབ་ཁུལ)དུ་སྤོས། སྤྱི་ལོ1984ལོར་འགྲིམ་འགྲུལ་ལམ་སློབ་ཁུལ་ཚོང་ལས་པུའུ་ཡིས་ཆོག་མཆན་ཐོབ་པ་བརྒྱུད་ཚོང་ལས་པུའུ་ཨན་ཧུའེ་ཚོང་ལས་དོ་དམ་ལས་བྱེད་སློབ་གླིང་དུ་བསྒྱུར། སྤྱི་ལོ1992ལོའི་ཟླ9པར། ཨན་ཧུའེ་ནོར་སྲིད་ཚོང་དོན་སློབ་གླིང་དང་ཨན་ཧུའེ་ཚོང་ལས་དོ་དམ་ལས་བྱེད་པའི་སློབ་གླིང་གིས་ཨན་ཧུའེ་ནོར་སྲིད་ཚོང་དོན་སློབ་གླིང་གསར་པ་བཙུགས་པ་དང་། སློབ་གྲྭ་སྔ་རྗེས་སུ་ཀྲུང་ཧྭ་རྒྱལ་ཡོངས་མཁོ་ཚོང་མཉམ་ལས་སྤྱི་ཁྱབ་ཁང་དང་། ཚོང་ལས་པུའུ། རྒྱལ་ནང་གི་ཚོང་དོན་པུའུ་བཅས་ཀྱི་ཁོངས་སུ་གཏོགས། སྤྱི་ལོ2000ལོའི་ཟླ2པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་ལྟར་ཨན་ཧུའེ་ནོར་སྲིད་ཉོ་ཚོང་སློབ་གླིང་ཀྲུང་དབྱང་དང་ས་གནས་ཀྱིས་མཉམ་འཛུགས་བྱས་ཤིང་། ཨན་ཧུའེ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་དོ་དམ་གཙོ་བོར་བཟུང་ཡོད། སྤྱི་ལོ2004ལོའི་ཟླ5པར། སློབ་གསོ་པུའུ་ཡིས་ཆོག་མཆན་ཐོབ་པ་བརྒྱུད་ཨན་ཧུའེ་ནོར་དཔལ་སློབ་ཆེན་ཞེས་པར་མིང་བསྒྱུར། ལོ་དེའི་ཟླ9པར། སློབ་གྲྭའི་སྡེ་ཁག་ལུང་ཧུའུ་ཤར་སློབ་ཁུལ་དུ་སྤོས། སྤྱི་ལོ2011ལོར་ཨན་ཧུའེ་ཞིང་ཆེན་སློབ་གསོ་ཐིང་གིས་ཨན་ཧུའེ་ནོར་དཔལ་སློབ་ཆེན་གྱི་ཆེད་ལས་ཡོངས་ཨན་ཧུའེ་ཞིང་ཆེན་གྱི་དངོས་གཞིའི་སྡེ་ཁག་གི་སློབ་མ་ཁག་དང་པོའི་ནང་བསྡུ་རྒྱུར་ཆོག་མཆན་སྤྲད་ཡོད།

3 སློབ་སྒྲུབ་ཆ་རྐྱེན།
3_1 སློབ་གླིང་དང་སྡེ་ཁག་གི་ཆེད་ལས།

སྤྱི་ལོ2017ལོའི་ཟླ11པའི་བར་ཨན་ཧུའེ་ནོར་དཔལ་སློབ་ཆེན་དུ་སློབ་གླིང12དང་། སློབ་ཁྲིད་པུའུ1 དངོས་གཞིའི་སྡེ་ཁག་གི་ཆེད་ལས62 ཤེས་རམས་པའི་བསླབ་གནས་གཉིས་པའི་ཆེད་ལས2བཅས་བཙུགས་ཡོད།

3_2 རིག་ཚན་འཛུགས་སྐྲུན།

སྤྱི་ལོ2019ལོའི་ཟླ11པའི་བར། ཨན་ཧུའེ་ནོར་དཔལ་སློབ་ཆེན་ལ་ཞིང་ཆེན་རིམ་པའིAརིགས་ཀྱི་གཙོ་གནད་རིག་ཚན1དང་ཞིང་ཆེན་རིམ་པའིBརིགས་ཀྱི་གཙོ་གནད་རིག་ཚན7ཡོད། རིམ་པ་དང་པོའི་རིག་ཚན་གྱི་རབ་འབྱམས་པའི་བསླབ་གནས་ཐོབ་ཐང་སྤྲོད་གནས9 རིམ་པ་གཉིས་པའི་རིག་ཚན་གྱི་རབ་འབྱམས་པའི་བསླབ་གནས་ཐོབ་ཐང་སྤྲོད་གནས36དང་ཆེད་ལས་རབ་འབྱམས་པའི་བསླབ་གནས་སྤྲོད་དབང་ཡོད་ཁུལ14ཡོད།

3_3 སློབ་ཁྲིད་འཛུགས་སྐྲུན།

སྤྱི་ལོ2014ལོའི་ཟླ6པའི་བར། ཨན་ཧུའེ་ནོར་དཔལ་སློབ་ཆེན་ལ་རྒྱལ་ཁབ་རིམ་པའི་ཆེད་ལས་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟའི་རྣམ་གྲངས1དང་རྒྱལ་ཁབ་རིམ་པའི་ཁྱད་ལྡན་ཆེད་ལས5ཡོད། ཞིང་ཆེན་རིམ་པའི་ཁྱད་ཆོས་ལྡན་པའི་ཆེད་ལས8 ཞིང་ཆེན་རིམ་པའི་འཇོན་མི་གསོ་སྐྱོང་བྱེད་སྟངས་གསར་གཏོད་ཚོད་ལྟ་ཁུལ1 ཞིང་ཆེན་རིམ་པའི་ཚོད་ལྟའི་དངོས་སྦྱོང་སློབ་ཁྲིད་དཔེ་སྟོན་ལྟེ་གནས2བཅས་ཡོད། ཞིང་ཆེན་རིམ་པའི་རྨང་གཞིའི་ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས2དང་ཞིང་ཆེན་གྱི་སློབ་ཚན་སྤུས་ལེགས28ཡོད།

3_4 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2014ལོའི་ཟླ6པའི་བར། ཨན་ཧུའེ་ནོར་དཔལ་སློབ་ཆེན་དུ་ལས་ཐོག་དགེ་རྒན་དང་ལས་བཟོ་བ1428ཡོད་པའི་ནང་ཆེད་བསྐོས་དགེ་རྒན990ཡོད། མཐོ་རིམ་གོ་མིང་དགེ་རྒན448ཡོད་པ་དེའི་ནང་དགེ་རྒན115ཡོད། དགེ་རྒན་ཆེན་མོ་གཞོན་པ335ཡོད་པ་དང་དགེ་རྒན་དཔུང་ཁག་ནང་རབ་འབྱམས་པ་དང་འབུམ་རམས་པའི་བསླབ་གནས་ཡོད་པའི་བསྡུར་ཚད་ཁྲོད79.29%ཟིན་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་སྣོན་ཆེད་མཁས་པ་དང་ཞིང་ཆེན་སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་ཆེད་མཁས་པ18དང་། རྒྱལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན4ཡོད། སློབ་གསོ་པུའུ་ཡི་དུས་རབས་གསར་པའི་ཕུལ་བྱུང་འཇོན་མིའི་རྒྱབ་སྐྱོར་འཆར་གཞི2དང་། ཞིང་ཆེན་རིམ་པའི་སློབ་ཁྲིད་ཚོགས་པ6 ཨན་ཧུའེ་ཞིང་ཆེན་གྱི་སློབ་ཁྲིད་དགེ་རྒན་གྲགས་ཅན5བཅས་ཡོད། ཨན་ཧུའེ་ཞིང་ཆེན་གྱི་རིག་གཞུང་དང་ལག་རྩལ་སྣེ་ཁྲིད་པ21དང་། རྗེས་གྲབས་འོས་མི7 ཨན་ཧུའེ་ཞིང་ཆེན་གྱི་མཐོ་རིམ་སློབ་གྲྭའི་རྩེར་སོན་འཇོན་མི2བཅས་ཡོད། ཨན་ཧུའེ་ཞིང་ཆེན་མཐོ་སློབ་ཀྱི་ན་གཞོན་རིག་ཚན་གྱི་སྣེ་ཁྲིད་པ་གསོ་སྐྱོང་བྱ་ཡུལ23དང་། ཨན་ཧུའེ་ཞིང་ཆེན་མཐོ་སློབ་ཀྱི་ཕུལ་བྱུང་ན་གཞོན་རྐང་འཛིན་དགེ་རྒན26ཡོད།

4 མཉམ་ལས་སྤེལ་རེས། 

སྤྱི་ལོ2014ལོའི་ཟླ6པའི་བར་ཨན་ཧུའེ་ནོར་དཔལ་སློབ་ཆེན་གྱིས་ཕྱི་ཕྱོགས་དང་སྤེལ་རེས་དང་མཉམ་ལས་ཧུར་ཐག་བྱས་ནས། རིག་གཞུང་ཞིབ་གྲོས་ཚོགས་འདུ་འཚོགས་པ་བརྒྱུད་རྒྱལ་ཁབ་ཕྱི་ནང་གི་རིགས་གཅིག་མཁས་པ་དང་མཁས་པ་སློབ་གྲྭར་སློབ་ཁྲིད་བྱེད་པར་གདན་འདྲེན་ཞུས། སློབ་གྲྭའི་དགེ་རྒན་རི་པིན་དང་། ཨ་རི། དབྱི་ཐ་ལི། འཇར་མན། ཧྥ་རན་སི། ཁ་ན་ཏ། དབྱིན་ཇི། ཨོ་སི་ཁྲུ་རི་ཡ། སུའེ་ཙེར། ཏེན་མག རོ་མ་ཉི་ཡ། ཧང་ག་རི་སོགས་རྒྱལ་ཁབ་དང་། ཞང་ཀང་དང་། ཨའོ་མོན། ཐའེ་ཝན་སོགས་ས་ཁུལ་དུ་ཟབ་སྦྱོང་དང་། འཚམས་འདྲི། སློབ་སྦྱོང་བཅས་བྱེད་པར་མངགས། རྒྱལ་ཁབ་ཕྱི་ནང་གི་སློབ་ཆེན་དང་སློབ་གླིང་བར་སྤེལ་རེས་བྱ་རྒྱུར་སྐུལ་འདེད་བཏང་ནས། སྔ་རྗེས་སུ་ཨ་རི་དང་། དབྱིན་ཇི། ཨོ་སི་ཁྲུ་ལི་ཡ། ལྗར་པན། ཧན་གོ་སོགས་རྒྱལ་ཁབ་ཀྱི་མཐོ་རིམ་སློབ་གྲྭ་དང་འབྲེལ་བ་བཙུགས། ཕྱི་སྦྱོང་སློབ་མའི་སློབ་གསོ་དང་། 2+2 3+1 3+1སོགས་རྣམ་པ་མང་བའི་འཇོན་མི་གསོ་སྐྱོང་བྱེད་ཀྱིན་ཡོད།

5 རིག་གཞུང་ཞིབ་འཇུག
5_1 ཚན་ཞིབ་ལས་སྟེགས།

སྤྱི་ལོ2014ལོའི་ཟླ6པའི་བར། ཨན་ཧུའེ་ནོར་དཔལ་སློབ་ཆེན་ལ་ཞིང་ཆེན་དང་པུའུ་རིམ་པའི་གཙོ་གནད་ཞིབ་འཇུག་རྟེན་གཞི4དང་། སློབ་གྲྭ་རིམ་པའི་ཞིབ་འཇུག་སྒྲིག་གཞི30ཡོད་པ་དེའི་ནང་ཚན་རྩལ་གསར་གཏོད་ཞབས་ཞུའི་ལས་སྟེགས4ཚུད་ཡོད།

5_2 ཚན་ཞིབ་གྲུབ་འབྲས། 

ཨན་ཧུའེ་ནོར་དཔལ་སློབ་ཆེན་གྱི་སློབ་ཁྲིད་གྲུབ་འབྲས29ལ་ཞིང་ཆེན་རིམ་པའི་རྣམ་གྲངས་བཙུགས་ཡོད། དེའི་ནང་བྱ་དགའ་རིམ་པ་དང་པོ4དང་། རིམ་པ་གཉིས་པའི་བྱ་དགའ8རིམ་པ་གསུམ་པའི་བྱ་དགའ17བཅས་ཐོབ་ཡོད། སློབ་གྲྭའི་ཚན་རིག་ཞིབ་འཇུག་རྣམ་གྲངས་ལ་སྔ་རྗེས་སུ་ཞིང་ཆེན་དང་པུའུ་རིམ་པ་ཡན་གྱི་བྱ་དགའ་ཁག64ཐོབ་ཡོད། དེའི་ནང་ཞིང་ཆེན་སྤྱི་ཚོགས་ཚན་རིག་གི་བྱ་དགའ་རིམ་པ་དང་པོ་ཁག5དང་བྱ་དགའ་རིམ་པ་གཉིས་པ་ཁག26ཐོབ་ཡོད། སྤྱི་ལོ2005ལོ་ནས་སྤྱི་ལོ2014ལོའི་བར། སློབ་གྲྭས་ཁྱོན་བསྡོམས་ཚན་ཞིབ་རྣམ་གྲངས་སྣ་ཚོགས812ཀྱི་སྒྲུབ་འགན་འཁུར་བའི་ནང་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རྣམ་གྲངས25ཡོད། སློབ་གསོ་པུའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་སྤྱི་ཚོགས་ཚན་རིག་ཞིབ་འཇུག་རྣམ་གྲངས64ཡོད་པ་དང་ཞིང་ཆེན་དང་པུའུ་རིམ་པའི་རྣམ་གྲངས་གཞན་དག265ཡོད། རིག་གཞུང་དཔྱད་རྩོམ5558ཡོངས་བསྒྲགས་སུ་སྤེལ་བ་དང་། ཚན་རིག་ཞིབ་འཇུག་གི་གསུང་རྩོམ་སྣ་ཚོགས110དཔེ་སྐྲུན་བྱས།


དཔྱད་གཞིའི་ཡིག་ཆ།