ནན་ཅིན་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་།སྔ་མའི་པར་གཞི་དེ དཀོན་མཆོག་སྒྲོལ་མ།༡  ནས 2020-09-25 16:53ལ་འགྲུབ།

ནན་ཅིན་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་།

ནན་ཅིན་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་།
ནན་ཅིན་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་ནི (NanjingCommunicationsInstituteofTechnology)གཞུང་བཙུགས་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མ་ཡིན། ཅང་སུའུ་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ལ་གཏོགས། སློབ་གླིང་འདི་ཉིད་སྤྱི་ལོ1953ལོར་བཙུགས་པ་དང་སྤྱི་ལོ2001ལོར་རང་ཚུགས་ངང་མཐོ་རིམ་ལས་རིགས་སློབ་གླིང་དུ་རིམ་སྤོར་བྱས། སློབ་གླིང་འདི་རྒྱལ་ཁབ་ཀྱིས་རིགས་ཀྱི་རྩལ་ནུས་ཅན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ཚོད་ལྟའི་མཐོ་རིམ་སློབ་གྲྭ་དང་། ཅང་སུའུ་ཞིང་ཆེན་གྱི་རྩལ་ནུས་མཐོ་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་དཔེ་སྟོན་རྟེན་གཞི་ཡིན། ཅང་སུའུ་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་སློབ་གསོ་ཚོགས་པའི་ལས་འཛིན་དཔོན་གྱི་ཚན་པ་དང་ཅང་སུའུ་ཞིང་ཆེན་གྱི་མཐོ་རིམ་སློབ་གསོའི་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟའི་ཁུལ་འཛུགས་སྐྲུན་གྱི་ཚོད་ལྟའི་སློབ་གླིང་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
南京交通职业技术学院
ཕྱི་ཡིག་གི་མིང་།
Nanjing Communications Institute of Technology
བཙུགས་ལོ།
སྤྱི་ལོ1953ལོ།
ངོ་བོ།
གཞུང་གཉེར་མཐོ་སློབ།
གཙོ་གཉེར་སྡེ་ཁག
ཅང་སུའུ་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་།
སློབ་གྲྭའི་ཚབ་ཨང་།
12804
སློབ་གླིང་དང་སྡེ་ཁག་བཀོད་སྒྲིག
སློབ་གླིང་ལ་རླངས་འཁོར་ལས་གྲྭའི་སློབ་གླིང་དང་། ལམ་ཟམ་དང་གྲུ་ཁའི་མཁའ་འགྲུལ་ལས་གྲྭའི་སློབ་གླིང་། སྐྱེལ་འདྲེན་དོ་དམ་སློབ་གླིང་། གློག་རྡུལ་ཆ་འཕྲིན་ལས་གྲྭའི་སློབ་གླིང་། འཕྲུལ་གློག་ལས་གྲྭའི་སློབ་གླིང་སོགས་ཡོད།
གཟི་བརྗིད་མཚན་སྙན།
“ཅང་སུའུ་ཞིང་ཆེན་གྱི་ཤེས་དཔལ་ཚན་པའི་དཔེ་དམག”
1 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ2001ལོའི་ཟླ6པར་སློབ་གྲྭ་འདི་ཅང་སུའུ་ཞིང་ཆེན་སྲིད་གཞུང་གིས་ཆོག་མཆན་སྤྲད་པའི་རང་ཚུགས་གོ་གནས་སྤར་བའི་མཐོ་རིམ་ལས་རིགས་ལག་རྩལ་སློབ་གླིང་ཁག་དང་པོར་གྱུར།  

སྤྱི་ལོ2002ལོའི་ཟླ11པར་ཞིང་ཆེན་འཕེལ་རྒྱས་འཆར་འགོད་ཨུ་ཡོན་ལྷན་ཁང་གིས་སློབ་གླིང་གིས་ནན་ཅིང་ཅང་ཉིང་སློབ་ཆེན་གྱི་ས་ཆ་མུའུ800བསྡུས་ནས་སློབ་ཁུལ་གསར་པ་འཛུགས་སྐྲུན་བྱ་རྒྱུར་མོས་མཐུན་བྱུང་།     སྤྱི་ལོ2005ལོའི་ཟླ10པར་སློབ་གླིང་ཅང་ཉིང་སློབ་ཁུལ་གསར་བར་སྤོས།   

སྤྱི་ལོ2005ལོའི་ཟླ12པར་སློབ་གླིང་གིས་སློབ་གསོ་པུའུ་ཡིས་མཐོ་རིམ་ལས་རིགས་དང་མཐོ་རིམ་ཆེད་སྦྱོང་གི་ཤེས་ལྡན་མི་སྣ་གསོ་སྐྱོང་ལས་དོན་གྱི་ཆུ་ཚད་དཔྱད་དཔོག་དང་ལེན་བྱས།  

སྤྱི་ལོ2011ལོའི་ཟླ4པར་སློབ་གླིང་གི་ཞིང་ཆེན་རིམ་པའི་ལས་གྲྭའི་ཞིབ་འཇུག་གསར་སྤེལ་ལྟེ་གནས་དང་པོའི“ཅང་སུའུ་ཞིང་ཆེན་གྱི་འགྲོ་ལམ་འགྲིམ་འགྲུལ་གྱི་ནུས་རྒྱུ་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་ལས་གྲྭའི་ལག་རྩལ་ཞིབ་འཇུག་གསར་སྤེལ་ལྟེ་གནས”བཙུགས།   

སྤྱི་ལོ2012ལོའི་ཟླ7པར། སློབ་གླིང་དང་ནན་ཅིང་ནགས་ལས་སློབ་ཆེན་གྱིས་ནན་ཅིང་དུ《ནན་ཅིང་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང—ནན་ཅིང་ནགས་ལས་སློབ་ཆེན་གྱི་མཐོ་རིམ་ལས་རིགས་དང་དངོས་གཞི་ཚན་ཁག་དཀྱུས་མའི་གསོ་སྦྱོང་རྣམ་གྲངས་ཀྱི་མཉམ་ལས་གྲོས་མཐུན》ལ་མིང་རྟགས་བཀོད་ནས“འགྲིམ་འགྲུལ་སྐྱེལ་འདྲེན”དང“ཟོག་འགྲེམས་དོ་དམ”གྱི་ཆེད་ལས་གཉིས་ལ“3+2”གསོ་སྐྱོང་བྱ་རྒྱུའི་གཏན་འབེབས་བྱས་ནས། དངོས་གཞི་ཚན་ཁག་གི་རིམ་པ་མཐོ་བའི་ལག་རྩལ་ཅན་གྱི་ཤེས་ལྡན་མི་སྣ་རྩེ་གྲ་མཉམ་འབྲེལ་གྱིས་གསོ་སྐྱོང་བྱས།

2 དགེ་རྒན་གྱི་དཔུང་སྡེ།  

སྤྱི་ལོ2018ལོའི་ཟླ4པའི་བར་སློབ་གྲྭའི་དགེ་རྒན་གྱི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོད་ལ། མཐོ་རིམ་གོ་མིང་གིས་ཆེད་བསྐོས་དགེ་རྒན་གྱི་བསྡུར་ཚད53%ཟིན་པ་དང་རབ་འབྱམས་པ་དང་དེ་ཡན་གྱི་སློབ་གནས་ཀྱིས་ཆེད་བསྐོས་དགེ་རྒན་གྱི་བསྡུར་ཚད88.5%ཟིན་ཡོད། “ཉིས་འཇོན་དགེ་རྒན་གྱི་བྱང་ཚད” ཀྱིས88%ཟིན་ཡོད། ཞིང་ཆེན་དང་པུའུ་རིམ་པའི་སློབ་ཁྲིད་དགེ་རྒན་གྲགས་ཅན16 ཞིང་ཆེན་གྱི་མཐོ་རིམ་སློབ་གྲྭའི་ཕུལ་བྱུང་སློབ་ཁྲིད་ཚོགས་པ3བཅས་ཡོད། ཞིང་ཆེན་གྱི་འགྲིམ་འགྲུལ“ཤེས་ལྡན་མི་སྣའི་ལས་གྲྭ100”སོགས་ཤེས་ལྡན་མི་སྣའི་ལས་གྲྭ42ལ་བདམས། ཆེད་ལས་དགེ་རྒན80%ལ་འགྲིམ་འགྲུལ་གྱི་གཙོ་གནད་ལས་གྲྭ་འཛུགས་སྐྲུན་ནམ་ཡང་ན་ཁེ་ལས་ཀྱི་འཐབ་ཕྱོགས་དང་པོའི་ལས་གནས་འཁུར་བའི་ལག་ལེན་གྱི་ཉམས་མྱོང་ལྡན།

3 སློབ་གླིང་དང་སྡེ་ཁག་བཀོད་སྒྲིག   

སྤྱི་ལོ2015ལོའི་ཟླ་དང་པོའི་བར། སློབ་གླིང་ལ་རླངས་འཁོར་ལས་གྲྭའི་སློབ་གླིང་དང་། ལམ་ཟམ་དང་གྲུ་ཁའི་མཁའ་འགྲུལ་ལས་གྲྭའི་སློབ་གླིང་། སྐྱེལ་འདྲེན་དོ་དམ་སློབ་གླིང་། གློག་རྡུལ་ཆ་འཕྲིན་ལས་གྲྭའི་སློབ་གླིང་། འཕྲུལ་གློག་ལས་གྲྭའི་སློབ་གླིང་། ཨར་སྐྲུན་ལས་གྲྭའི་སློབ་གླིང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྒྱུ་རྩལ་ཚན་ཁག་བཅས་ཀྱི་སློབ་གླིང་དྲུག་དང་། བསམ་བློ་ཆབ་སྲིད་རིགས་པའི་གཞུང་ལུགས་སློབ་ཚན་གྱི་སློབ་དཔྱོད་པུའུ་དང་། རྨང་གཞིའི་སློབ་ཁྲིད་པུའུ། ལུས་རྩལ་སློབ་དཔྱོད་པུའུ་བཅས་དང་དེ་བཞིན་རྒྱུན་མཐུད་སློབ་གསོའི་སློབ་གླིང་གི་པུའུ་གསུམ་དང་སློབ་གླིང་གཅིག་ལ་དངོས་གཞི་ཚན་ཁག་གི་ཆེད་ལས7 ཆེད་སྦྱོང་ཆེད་ལས40བཅས་བཙུགས་ཡོད།

4 སློབ་སྒྲུབ་གྲུབ་འབྲས།  

སྤྱི་ལོ2015ལོའི་ཟླ་དང་པོའི་བར། སློབ་གྲྭར་རྒྱལ་ཁབ་རིམ་པའི་སློབ་ཁྲིད་གྲུབ་འབྲས་བྱ་དགའ་ཨང་གཉིས་པ1དང་ཞིང་ཆེན་རིམ་པའི་སློབ་གསོ་སློབ་ཁྲིད་གྲུབ་འབྲས་བྱ་དགའ་ཨང་དང་པོ3 ཨང་གཉིས་པ5བཅས་ཐོབ།    

5 གཟི་བརྗིད་མཚན་སྙན།  

སྤྱི་ལོ2015ལོའི་ཟླ་དང་པོའི་བར། སློབ་གླིང་ལ་སྔ་རྗེས་སུ“ཅང་སུའུ་ཞིང་ཆེན་གྱི་ཤེས་དཔལ་ཚན་པའི་དཔེ་དམག”དང“ཅང་སུའུ་ཞིང་ཆེན་གྱི་མཐོ་རིམ་སློབ་གྲྭའི་ཤེས་དཔལ་སློབ་གྲྭ” “ཅང་སུའུ་ཞིང་ཆེན་གྱི་མཐོ་རིམ་སློབ་གྲྭའི་ཞི་མཐུན་སློབ་གྲྭ” “ཅང་སུའུ་ཞིང་ཆེན་གྱི་རྩལ་ནུས་མཐོ་བའི་ཤེས་ལྡན་པའི་འབྱུང་གནས་ཀྱི་བྱ་དགའ”  “ཅང་སུའུ་ཞིང་ཆེན་གྱི་སློབ་ཁྲིད་ལས་དོན་གྱི་སྔོན་ཐོན་མཐོ་སློབ” “ཅང་སུའུ་ཞིང་ཆེན་གྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ”  “མཐོ་རིམ་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་གསོའི་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ”བཅས་ཀྱི་མཚན་སྙན་ཐོབ།

6 ཚན་རིག་ཞིབ་འཇུག

སྤྱི་ལོ2015ལོའི་ཟླ8པར། སློབ་གླིང་དུ་འགྲིམ་འགྲུལ་པུའུ་ཡི་རིམ་པ་ཁ་པའི་ཚོད་ལྟ་ཁང1དང་ཅང་སུའུ་ཞིང་ཆེན་གྱི་བཟོ་སྐྲུན་ལག་རྩལ་ལྟེ་གནས2ཡོད། དེང་རབས་ཟོག་འགྲེམས་ཞིབ་འཇུག་ཁང་དང་། འགྲིམ་འགྲུལ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཞིབ་འཇུག་ཁང་སོགས་ཡོད།     སློབ་གྲྭ་རིམ་པའི་ཞིབ་འཇུག་ཁང་གིས་དེང་རབས་ཟོག་འགྲེམས་ཞིབ་འཇུག་ཁང་དང་། འགྲིམ་འགྲུལ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཞིབ་འཇུག་ཁང་སོགས་ལྡན།     

7 ཚན་རིག་ཞིབ་འཇུག་གི་གྲུབ་འབྲས།  

སློབ་གླིང་ལ་རྒྱལ་ཁབ་རིམ་པའི་སློབ་ཁྲིད་གྲུབ་འབྲས་བྱ་དགའ2དང་ཞིང་ཆེན་གྱི་སློབ་ཁྲིད་གྲུབ་འབྲས་བྱ་དགའ13ཐོབ་ལ། དེའི་ནང་བྱ་དགའ་ཨང་དང་པོ7ཡོད། ནན་ཅིང་འགྲིམ་འགྲུལ་ལས་སྒྲུབ་ཁང་གིས“ཅང་སུའུ་ཞིང་ཆེན་འགྲོ་ལམ་འགྲིམ་འགྲུལ་གྱི་ནུས་རྒྱུ་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་ལས་གྲྭའི་ལག་རྩལ་ཞིབ་འཇུག་གསར་སྤེལ་ལྟེ་གནས”སོགས་ཞིང་ཆེན་དང་པུའུ། ས་གནས་ཀྱི་ཚན་རྩལ་ཞིབ་འཇུག་གསར་སྤེལ་ལྟེ་གནས6 “ཅང་སུའུ་ཞིང་ཆེན་གྱི་ཁེ་ལས་ཆུང་འབྲིང་གི་འགྲིམ་འགྲུལ་སྐྱེལ་འདྲེན་ཐོན་ལས་ཀྱི་སྤྱི་པའི་ལག་རྩལ་ཞབས་ཞུའི་སྟེགས་བུ”སོགས་སློབ་གྲྭ་དང་ཁེ་ལས་ཀྱི་མཐུན་སྦྱོར་གསར་གཏོད་ལས་སྟེགས3  “ནན་ཅིང་ཡུས་ཐུང་ལྟ་སྐུལ་དོ་དམ་ལས་གྲྭ་ཚད་ཡོད་ཀུང་སི”སོགས་སློབ་གྲྭས་སྒྲུབ་པའི་ལག་རྩལ་ཞབས་ཞུའི་སྒྲིག་གཞི3  སློབ་གྲྭ་དང་ཁེ་ལས་ཀྱི་མཉམ་བསྲེས་ཚན་རྩལ་ཞབས་ཞུའི་ཚོགས་པ6བཅས་བཙུགས་ཡོད།

8  འགོ་ཁྲིད།

ཏང་ཨུའི་ཧྲུའུ་ཅི། ཅ་ལི་ལི།

ཡོན་ཀྲང་དང་ཏང་ཨུའི་ཧྲུའུ་ཅི་གཞོན་པ།  ཀྲང་དབྱི།

ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞུས་ཀྲེང་ལིན།

ཏང་ཨུའི་ཨུ་ཡོན་དང་སྒྲིག་ཨུའི་ཧྲུའུ་ཅི།  ཀའོ་ཅིན་ཅོན།

ཏང་ཨུའི་ཨུ་ཡོན་དང་གླིང་གཙོ་གཞོན་པ། དབྱང་ཉིང་།


དཔྱད་གཞིའི་ཡིག་ཆ།