ཝན་ནན་གསོ་རིག་སློབ་གླིང་།སྔ་མའི་པར་གཞི་དེ བླ་མ་གཡང་སངས།  ནས 2020-10-16 08:43ལ་འགྲུབ།

ཝན་ནན་གསོ་རིག་སློབ་གླིང་།

ཝན་ནན་གསོ་རིག་སློབ་གླིང་།
ཝན་ནན་གསོ་རིག་སློབ་གླིང་ནི(WannanMedicalCollege)ཨན་ཧུའེ་ཞིང་ཆེན་ཝུའུ་ཧུའུ་གྲོང་ཁྱེར་དུ་གནས་ཡོད་པ་དང་། སློབ་གླིང་དེ་ནི་གསོ་རིག་གཙོ་བོར་བཟུང་ནས་རིག་གཞུང་ཚན་ཁག་མང་པོ་འཕེལ་རྒྱས་གཏོང་བཞིན་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་དང་། ཨན་ཧུའེ་ཞིང་ཆེན་གྱི་འབུམ་རམས་པའི་བསླབ་གནས་སྤྲོད་དབང་སྤྲད་དེ་རྣམ་གྲངས་འཛུགས་པའི་སྡེ་ཚན། ཨན་ཧུའེ་ཞིང་ཆེན་གྱི“གསུམ་འཛོམས་འཇོན་མི་གསོ་སྐྱོང”གི་ཕྱོགས་བསྡུས་བསྒྱུར་བཅོས་རྣམ་གྲངས་འཛུགས་པའི་ཚོད་ལྟའི་མཐོ་རིམ་སློབ་གྲྭ་བཅས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
皖南医学院
ཕྱི་ཡིག་གི་མིང་།
Wannan Medical College
བཙུགས་ལོ།
སྤྱི་ལོ1958ལོར་བཙུགས།
གཙོ་གཉེར་སྡེ་ཁག
ཨན་ཧུའེ་ཞིང་ཆེན།
སློབ་སྒྲུབ་ངོ་བོ།
གཞུང་སྒྲུབ་མཐོ་རིམ་སློབ་ཆེན།
ལས་ཐོག་འགོ་ཁྲིད།
ཏང་ཨུའི་ཧྲུའུ་ཅི། ཀྲང་ཡའོ། གླིང་གཙོ། ལིའོ་ཧྲེང་པའོ།
སློབ་གྲྭའི་རིགས་དབྱེ།
གསོ་རིག
མཐོ་རིམ་ལས་རིགས་ཆེད་ལས།
2ཡོད།
སློབ་གྲྭའི་ཁྱད་ཆོས།
ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མ། སྤྱི་ལོ2019ལོར་ཨན་ཧུའེ་ཞིང་ཆེན་གྱི“གསུམ་འཛོམས་འཇོན་མི་གསོ་སྐྱོང”གི་ཕྱོགས་བསྡུས་སྒྱུར་བཅོས་རྣམ་གྲངས་འཛུགས་པའི་ཚོད་ལྟའི་མཐོ་སློབ།
གནས་ཡུལ།
པིན་ཅང་སློབ་ཁུལ་ནི་ཨན་ཧུའེ་ཞིང་ཆེན་ཝུའུ་ཧུའུ་གྲོང་ཁྱེར་དབྱི་ཅང་ཆུས་ཝུན་ཁྲང་ནུབ་ལམ་གྱི་ཨང་རྟགས22པར་གནས་ཡོད། ཀྲེ་ལུའུ་སློབ་ཁུལ་དང་དབྱིན་ཧུའུ་སློབ་ཁུལ་ནི་ཨན་ཧུའེ་ཞིང་ཆེན་ཝུའུ་ཧུའུ་གྲོང་ཁྱེར་ཅིང་ཧུའུ་ཆུས་དབྱིན་ཧུའུ་ལྷོ་ལམ་གྱི་ཨང་རྟགས34པར་གནས་ཡོད།
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
ནད་ཐོག་གསོ་རིག་སློབ་གླིང་དང་། སྦྲིད་སྨན་སློབ་གླིང་། གསོ་རིག་བརྙན་པར་སློབ་གླིང་། ཁྲིམས་ལུགས་གསོ་རིག་སློབ་གླིང་། ཁ་སྦུག་གསོ་རིག་སློབ་གླིང་། ནད་སྐྱོང་སློབ་གླིང་། སྨན་རྫས་སློབ་གླིང་སོགས་རིམ་པ་གཉིས་པའི་སློབ་གླིང16ཡོད།
རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས།
རིམ་པ་དང་པོའི་རིག་ཚན5དང་རིམ་པ་གཉིས་པའི་རིག་ཚན2 ཆེད་ལས་བསླབ་གནས་ཀྱི་དབང་ཡོད་རིགས5བཅས་ཡོད།
དངོས་གཞིའི་ཆེད་ལས།
28ཡོད།
སློབ་བཙུགས་ཉིན་མོ།
ཟླ8པའི་ཚེས9ཉིན།
སློབ་གྲྭའི་ཚབ་ཨང་།
10368
མི་སྣ་གྲགས་ཅན།
ཐུང་ཞའོ་ལིན། ཆིན་མིང་།
གཞུང་ཕྱོགས་དྲ་གནས།
http://www.wnmc.edu.cn
1 ​ངོ་སྤྲོད་མདོར་བསྡུས།

ཝན་ནན་གསོ་རིག་སློབ་གླིང་ནི(WannanMedicalCollege)ཨན་ཧུའེ་ཞིང་ཆེན་ཝུའུ་ཧུའུ་གྲོང་ཁྱེར་དུ་གནས་ཡོད་པ་དང་། སློབ་གླིང་དེ་ནི་གསོ་རིག་གཙོ་བོར་བཟུང་ནས་རིག་གཞུང་ཚན་ཁག་མང་པོ་འཕེལ་རྒྱས་གཏོང་བཞིན་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་དང་། ཨན་ཧུའེ་ཞིང་ཆེན་གྱི་འབུམ་རམས་པའི་བསླབ་གནས་སྤྲོད་དབང་སྤྲད་དེ་རྣམ་གྲངས་འཛུགས་པའི་སྡེ་ཚན། ཨན་ཧུའེ་ཞིང་ཆེན་གྱི“གསུམ་འཛོམས་འཇོན་མི་གསོ་སྐྱོང”གི་ཕྱོགས་བསྡུས་བསྒྱུར་བཅོས་རྣམ་གྲངས་འཛུགས་པའི་ཚོད་ལྟའི་མཐོ་རིམ་སློབ་གྲྭ་བཅས་ཡིན། སྤྱི་ལོ2020ལོའི་ཟླ5པའི་སློབ་གྲྭའི་དྲ་བའི་ཐོག་ནས་མངོན་པར་གཞིགས་ན། སློབ་གྲྭར་པིན་ཅང་དང་། ཀྲེ་ལུའོ། དབྱིན་ཧུའུ་བཅས་སློབ་ཁུལ་གསུམ་ཡོད་པ་དེས་ས་ཁྱོན་ལ་མུའུ700ལྷག་ཙམ་བཟུང་ཡོད། རིགས་ཁག་གི་བཟོ་སྐྲུན་གྱི་གཞི་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི40ལྷག་ཙམ་ཟིན་ཡོད། རིམ་པ་གཉིས་པའི་སློབ་གླིང16དང་དངོས་གཞིའི་སྡེ་ཁག་གི་ཆེད་ལས28དང་ཆེད་སྦྱོང་ཚན་ཁག་གི་ཆེད་ལས2གཉེར་ཡོད། རིམ་པ་དང་པོའི་རིག་ཚན་གྱི་རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས5དང་། རིམ་པ་དང་པོའི་རིག་ཚན་དང་རིམ་པ་གཉིས་པའི་རིག་ཚན་གྱི་རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས2 རབ་འབྱམས་པའི་ཆེད་ལས་བསླབ་གནས་རིགས5 སློབ་གྲྭར་སློབ་མ་ཁྲི2.6ལྷག་ཙམ་ཡོད། དེའི་ནང་དངོས་གཞིའི་སྡེ་ཁག་གི་སློབ་མ15790དང་ཆེད་སྦྱོང་ཚན་ཁག་གི་སློབ་མ352ཡོད། ཞིབ་འཇུག་སློབ་མ973དང་དར་མའི་སློབ་མ9000ལྷག་ཡོད། དགེ་རྒན་དང་ལས་བྱེད་སྨན་དོན་མི་སྣ4840ལྷག(ཐད་གཏོགས་ཞོར་གཏོགས་སྨན་ཁང་ཚུད)ཡོད། དེའི་ནང་ཆེད་བསྐོས་དགེ་རྒན1393ཡོད། སྤྱི་ལོ2019ལོའི་ཟླ9པའི་བར་སློབ་གྲྭའི་སློབ་ཁྲིད་ཚན་ཞིབ་དཔྱད་ཆས་སྒྲིག་ཆས་ཀྱི་རིན་ཐང་བསྡོམས་འབོར་སྒོར་ཁྲི34873.72ཟིན་ཡོད།

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1958ལོར་ཝུའུ་ཧུའུ་གསོ་རིག་ཆེད་སྦྱོང་སློབ་གྲྭར་བཙུགས་པ་དང་། སྤྱི་ལོ1970ལོར་ཨན་ཧུའེ་གསོ་རིག་སློབ་གླིང་དུ་ཟླ་སྒྲིལ་བཏང་། སྤྱི་ལོ1971ལོར་ཨན་ཧུའེ་གསོ་རིག་སློབ་གླིང་གི་ཝན་ནན་ཡན་ལག་སློབ་གླིང་དུ་མིང་བསྒྱུར། སྤྱི་ལོ1974ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་གནང་ནས་སྒེར་ཚུགས་ཀྱིས་སློབ་གྲྭ་བཙུགས་ཏེ་མིང་ལ་ཝན་ནན་གསོ་རིག་སློབ་གླིང་ཞེས་བཏགས། སྤྱི་ལོ1981ལོ་དང་སྤྱི་ལོ1982ལོར་སློབ་གྲྭ་སྔ་རྗེས་སུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རབ་འབྱམས་པའི་བསླབ་གནས་དང་ཤེས་རམས་པའི་བསླབ་གནས་སྤྲོད་དབང་ཡོད་པའི་ཚན་པར་གྱུར་ཡོད། སྤྱི་ལོ1963ལོ་དང་སྤྱི་ལོ2012ལོར་ཅེ་ཧྲན་སྨན་ཁང་དང་ཞོན་ཁྲེང་ས་ཁུལ་མི་དམངས་སྨན་ཁང་གཉིས་སྔ་རྗེས་སུ་སློབ་གྲྭའི་ཞོར་གཏོགས་སྨན་ཁང་དུ་གྱུར།

3 སློབ་སྒྲུབ་ཆ་རྐྱེན།
3_1 སློབ་གླིང་དང་སྡེ་ཁག་གི་ཆེད་ལས།

སྤྱི་ལོ2020ལོའི་ཟླ5པའི་སློབ་གྲྭའི་དྲ་བའི་ཐོག་ནས་མངོན་པར་གཞིགས་ན། སློབ་གྲྭར་རིམ་པ་གཉིས་པའི་སློབ་གླིང16ཡོད་པ་དང་དངོས་གཞིའི་སྡེ་ཁག་གི་ཆེད་ལས28དང་ཆེད་སྦྱོང་ཚན་ཁག་གི་ཆེད་ལས2བཙུགས་ཡོད། གསོ་རིག་དང་རང་བྱུང་ཚན་རིག བཟོ་ལས། དོ་དམ། དཔལ་འབྱོར། ཁྲིམས་ལུགས་བཅས་རིག་ཚན6ཚུད་ཡོད།

3_2 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2020ལོའི་ཟླ5པའི་སློབ་གྲྭའི་དྲ་བའི་ཐོག་ནས་མངོན་པར་གཞིགས་ན། སློབ་གྲྭར་དགེ་རྒན་དང་ལས་བཟོ་བ4840(ཐད་གཏོགས་ཞོར་གཏོགས་སྨན་ཁང་ཚུད་ཡོད)ཡོད་པའི་ནང་ཆེད་བསྐོས་དགེ་རྒན1393ཡོད་པ་དང་། མཐོ་རིམ་གོ་མིང་ཡོད་མཁན798ཡོད། དགེ་རྒན7ལ་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་དགེ་རྒན་གྱི་གཟི་བརྗིད་མཚན་སྙན་ཐོབ། དགེ་རྒན11ལ་ཞིང་ཆེན་རིམ་པའི་སློབ་ཁྲིད་དགེ་རྒན་གྲགས་ཅན་གྱི་གཟི་བརྗིད་མཚན་སྙན་ཐོབ་པ་དང་། མི13ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་སྣོན་ཐོབ་ཡོད་པ་དང་། མི2ལ་ཞིང་ཆེན་སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་ལོངས་སུ་སྤྱོད་རྒྱུ་ཡོད། ཞིང་ཆེན་གྱི་རིག་གཞུང་དང་ལག་རྩལ་གྱི་སྣེ་ཁྲིད་མི་སྣ4དང་རྗེས་གྲབས་འོས་མི11ཡོད་པ་དང་ཞིང་ཆེན་རིམ་པའི་སློབ་ཁྲིད་ཚོགས་པ14ཡོད།

4 རིག་གཞུང་གྲུབ་འབྲས།

སྤྱི་ལོ2018ལོར། ལོ་ཧྲིལ་པོར་སློབ་གྲྭ་དེར་སློབ་གྲྭ་ཕྱིའི་རིམ་པ་ཁག་དང་རིགས་ཁག་གི་གཞུང་ཕྱོགས་ཚན་ཞིབ་རྣམ་གྲངས91ཆོག་མཆན་ཐོབ་པའི་ནང་རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩ10དང་སློབ་གསོ་པུའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་སྤྱི་ཚོགས་ཚན་རིག་ཞིབ་འཇུག་རྣམ་གྲངས1ཡོད། ལོ་འཁོར་གྱི་ཆོག་མཆན་ཐོབ་ནས་གཞུང་ཕྱོགས་ཀྱི་ཚན་ཞིབ་འགྲོ་གྲོན་སྒོར་ཁྲི1000ལས་ཡོད། འཕྲེད་ཕྱོགས་ནས་མཉམ་ལས་བྱས་ཏེ་རྣམ་པ་གསར་པ་བཏོད་ནས། གསར་དུ་འཕྲེད་ཕྱོགས་ཚན་ཞིབ་རྣམ་གྲངས་ཀྱི་མཉམ་ལས་གྲོས་མཐུན་ཁག4བཙུགས་པ་དང་། གྲོས་མཐུན་འགྲོ་གྲོན་སྒོར་ཁྲི635.9བཏང་། སྤྱི་ལོ2018ལོའི་ལོ་འཁོར་གྱི་ཨན་ཧུའེ་ཞིང་ཆེན་གྱི་ཚན་རྩལ་ཡར་ཐོན་བྱ་དགའི་བྱ་དགའ་རིམ་པ་གཉིས་པ་ཁག3ཐོབ་ཡོད།


དཔྱད་གཞིའི་ཡིག་ཆ།