ཏ་ལེན་བཟོ་ལས་སློབ་ཆེན།སྔ་མའི་པར་གཞི་དེ མིང་གསང་UBGv93881  ནས 2020-09-28 14:24ལ་འགྲུབ།

ཏ་ལེན་བཟོ་ལས་སློབ་ཆེན།

ཏ་ལེན་བཟོ་ལས་སློབ་ཆེན།
ཏ་ལེན་བཟོ་ལས་སློབ་ཆེན་ནི1958ལོར་བཙུགས་པ་དང་དེ་སྔའི་མིང་ལ་ཏ་ལེན་ཡང་བའི་བཟོ་ལས་སློབ་གླིང་ཟེར། དེ་སྔའི་ཁོངས་གཏོགས་ཡང་བའི་བཟོ་ལས་པུའུ་དང་སྤྱི་ལོ1998ལོར་ལེའོ་ཉིང་ཞིང་ཆེན་གྱིས་དོ་དམ་བྱས། སྤྱི་ལོ2007ལོའི་ཟླ3པར་སློབ་གསོ་པུའུ་ཡིས་ཆོག་མཆན་བཀོད་པ་དང་། སློབ་གྲྭ་ནི་ཏ་ལེན་ཡང་བའི་བཟོ་ལས་སློབ་གླིང་གི་མིང་དེ་ཏ་ལེན་བཟོ་ལས་སློབ་ཆེན་ལ་བསྒྱུར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
大连工业大学
ཕྱི་ཡིག་གི་མིང་།
Dalian Polytechnic University
བཙུགས་ལོ།
སྤྱི་ལོ1958ལོར།
སློབ་གཉེར་ངོ་བོ།
གཞུང་གཉེར་སློབ་ཆེན།
སློབ་གྲྭའི་རིགས་དབྱེ།
རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ།
གཙོ་གཉེར་ཚན་པ།
ལིའོ་ཉིང་ཞིང་ཆེན།
འགོ་ཁྲིད།
སློབ་གཙོ། པིན་ཞའོ་མེའོ་དང་ཏང་ཨུའི་ཧྲུའུ་ཅི། ཀོ་ཅི་ཕིང་།
ཆེད་བསྐོས་ཡོན་ཧྲི་གྲངས།
ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི1ཡོད།
དངོས་གཞིའི་ཆེད་ལས།
50ཡོད།
རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས།
རིག་གཞུང་བསླབ་གནས་ཀྱི་དབང་ཆ་གནང་བའི་རིམ་པ་དང་པོའི་རིག་ཚན14དང་།    རིག་གཞུང་བསླབ་གནས་ཀྱི་དབང་ཆ་གནང་བའི་རིམ་པ་གཉིས་པའི་རིག་ཚན57ཡོད།    ཆེད་ལས་བསླབ་གནས་དབང་ཆ་གནང་བའི་རིགས8ཡོད།
འབུམ་རམས་པའི་ཐོབ་ཐང་སྤྲོད་གནས།
རིག་གཞུང་བསླབ་གནས་ཀྱི་དབང་ཆ་གནང་བའི་རིམ་པ་དང་པོའི་རིག་ཚན3ཡོད།
འབུམ་རམས་ཕྱི་ཚར།
ཚན་རིག་ཞིབ་འཇུག་གི་འཁོར་སྐྱོད་ས་ཚིགས2ཡོད།
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
ཡང་བའི་བཟོ་ལས་དང་རྫས་འགྱུར་བཟོ་སྐྲུན་སློབ་གླིང་། སྐྱེ་དངོས་བཟོ་སྐྲུན་སློབ་གླིང་། གྱོན་ཆས་སློབ་གླིང་སོགས15ཡོད།
གནས་ཡུལ།
ཏ་ལེན་གྲོང་ཁྱེར་ཀན་ཅིན་ཙི་ཁུལ་ཡང་བའི་བཟོ་ལས་གླིང་ཨང་དང་པོ།
སློབ་གླིང་ཚབ་ཨང་།
10152
གཞུང་ཕྱོགས་དྲ་གནས།
http://www.dlpu.edu.cn
1 སློབ་སྒྲུབ་ཆ་རྐྱེན།
1_1 དགེ་རྒན་གྱི་དཔུང་སྡེ།     

སློབ་གྲྭའི་སྤྱི་ལོ2020ལོའི་ཟླ་དང་པོར་གཞུང་ཕྱོགས་དྲ་གནས་ལས་མངོན་པ་ལྟར་ན། སློབ་གྲྭར་ད་ལྟ་ཆེད་བསྐོས་དགེ་རྒན840ལྷག་ཙམ་ཡོད་པའི་ནང་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི1ཡོད་པ་དང་། དགེ་རྒན་ཆེན་མོ་དང་དགེ་རྒན་ཆེན་མོ་གཞོན་པ400ལྷག་དང་འབུམ་རམས་པ་དང་རབ་འབྱམས་པའི་མཛུབ་སྟོན་དགེ་རྒན430ལྷག་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་ལོངས་སྤྱོད་བྱེད་མཁན་ཆེད་མཁས་པ27ཡོད། རྒྱལ་ཁབ་ཀྱི“བརྒྱ་སྟོང་ཁྲིའི་འཇོན་མ་ལས་གྲྭར”བདམས་པ་མ་ཟད“རྒྱལ་ཁབ་ལ་བྱས་རྗེས་མངོན་གསལ་བཞག་པའི་ན་གཞོན་རིགས་ཆེད་མཁས་པ”1ཐོབ་པ་དང་། སློབ་གསོ་པུའུ་ཡི་དུས་རབས་གསར་པའི་ཕུལ་བྱུང་ཤེས་ལྡན་མི་སྣ2ཡོད། ལེའོ་ཉིང་ཞིང་ཆེན་མཐོ་སློབ་ཀྱི“ཕན་ཏིན་མཁས་པ”2ཡོད། ལེའོ་ཉིང་ཞིང་ཆེན་གྱི་སྣེ་ཁྲིད་ཤེས་ལྡན་མི་སྣ1དང་ལེའོ་ཉིང་ཞིང་ཆེན་གྱི་ཕུལ་བྱུང་ཆེད་མཁས་པ6བཅས་ཡོད་པ་རེད། ལེའོ་ཉིང་ཞིང་ཆེན་གྱི་དམིགས་བསལ་གདན་ཞུས་དགེ་རྒན་ཆེན་མོ14ཡོད། ལིའོ་ཉིང་ཞིང་ཆེན་གྱི“ཞིན་ལིའོ་མཁས་མཛངས་ལྡན་པའི་འཆར་གཞིའི”ན་གཞོན་ཤེས་ལྡན་པ་རྩེ་གྲ3དང་། ལིའོ་ཉིན་ཞིང་ཆེན་གྱི་མཐོ་རིམ་སློབ་གྲྭ་དཀྱུས་མའི་ཆེད་ལས་སྣེ་ཁྲིད་པ5བཅས་ཡོད། ལེའོ་ཉིང་ཞིང་ཆེན་གྱི་སློབ་ཁྲིད་དགེ་རྒན13ཡོད།

1_2 སློབ་ཁྲིད་འཛུགས་སྐྲུན།     

སློབ་གྲྭའི་སྤྱི་ལོ2014ལོའི་ཟླ7པར་གཞུང་ཕྱོགས་དྲ་གནས་ལས་མངོན་པ་ལྟར་ན། སློབ་གྲྭས་རྒྱལ་ཁབ་ཀྱི་ཁྱད་ཆོས་ལྡན་པའི་ཆེད་ལས་འཛུགས་སྐྲུན་བྱེད་ས4བཙུགས་པ་དང་། རྒྱལ་ཁབ་རིམ་པའི“དངོས་གཞིའི་ཚན་ཁག་གི་སློབ་ཁྲིད་ལས་གཞིའི”ས་གནས་མཐོ་སློབ1གི་དངོས་གཞིའི་ཚན་ཁག་གི་ཆེད་ལས་ཁག་དང་པོའི་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟའི་ཆེད་ལས་བཙུགས་ཡོད། ཆེད་ལས1གིས་སློབ་གསོ་པུའུ་ཡི་ལས་གྲྭའི་སློབ་གསོའི་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་བྱས་པ་རེད། སློབ་གསོ་པུའུ་ཡི“ཕུལ་བྱུང་འཆར་གཞི”ཡི་ཚོད་ལྟའི་ཆེད་ལས6དང་། རྒྱལ་ཁབ་རིམ་པའི་ལས་གྲྭའི་ལག་ལེན་སློབ་གསོའི་ལྟེ་གནས3བཅས་ཡོད། རྒྱལ་ཁབ་རིམ་པའི་ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས1བཅས་བཙུགས་ཡོད། ལེའོ་ཉིང་ཞིང་ཆེན་གྱི་ཁྱད་ལྡན་ཆེད་ལས7དང་ལེའོ་ཉིང་ཞིང་ཆེན་གྱི་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟའི་ཆེད་ལས3བཅས་ཡོད་པ་རེད། ལིའོ་ཉིང་ཞིང་ཆེན་གྱི་ལས་གྲྭའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་བསྒྱུར་བཅོས་ཚོད་ལྟ་བྱེད་གནས་ཀྱི་ཆེད་ལས5 ལེའོ་ཉིང་ཞིང་ཆེན་གྱི་སློབ་ཆེན་སློབ་མའི་ལག་ལེན་སློབ་གསོའི་རྟེན་གཞི5དང་ཞིང་ཆེན་རིམ་པའི་ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས6ཡོད་པ་རེད།

1_3 སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།     

སྤྱི་ལོ2014ལོའི་ཟླ7པའི་བར་སློབ་གྲྭར་དངོས་གཞིའི་ཚན་ཁག་གི་ཆེད་ལས་དཀྱུས་མ52དང་རྒྱལ་སྤྱིའི་མཉམ་ལས་སློབ་གཉེར་ཆེད་ལས2ཡོད་པ་རེད། སློབ་གླིང(པུའུ)15ཡོད།

2 རིག་ཚན་འཛུགས་སྐྲུན།     

སྤྱི་ལོ2020ལོའི་ཟླ6པའི་བར། སློབ་གྲྭར་འབུམ་རམས་པའི་བསླབ་གནས་ཀྱི་དབང་ཆ་གནང་བའི་རིམ་པ་དང་པོའི་རིག་ཚན3ཡོད་པ་དང་། འབུམ་རམས་པའི་ཚན་རིག་ཞིབ་འཇུག་འཁོར་སྐྱོད་ས་ཚིགས2རབ་འབྱམས་པའི་བསླབ་གནས་ཀྱི་དབང་ཆ་གནང་བའི་རིམ་པ་དང་པོའི་རིག་ཚན14 རབ་འབྱམས་པའི་ཆེད་ལས་བསླབ་གནས8 ལས་གྲྭའི་རབ་འབྱམས་པའི་སློབ་བསྡུའི་ཁྱབ་ཁོངས9དང་། སྒྱུ་རྩལ་གྱི་རབ་འབྱམས་པ1ཞིང་ལས་ཁྱབ་གདལ་གྱི་རབ་འབྱམས་པའི་ཆེད་ལས་བསླབ་གནས་ཀྱི་དབང་ཆ་གནང་ཁུལ1བཅས་ཡོད་པ་དང་། ལེའོ་ཉིང་ཞིང་ཆེན་གྱི་གཙོ་གནད་རིག་ཚན5 དེའི་ནང་རིག་ཚན4ལེའོ་ཉིང་ཞིང་ཆེན་གྱི“མཐོ་རིམ་སློབ་གྲྭའི་ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བའི་རིག་ཚན་འཛུགས་སྐྲུན་ལས་གྲྭའི”ཆུ་ཚད་མཐོ་བའི་གཙོ་གནད་རིག་ཚན་དང་རིག་ཚན་རྩེ་གྲ་ཅན་གྱི་འཆར་གཞིའི་ནང་བཅུག་པ་དང་རིག་ཚན1ལས་གྲྭ་དེའི་ལེགས་ཆ་དང་ཁྱད་ཆོས་ལྡན་པའི་རིག་ཚན་དང་ཁྱད་ཆོས་མངོན་གསལ་དོད་པའི་འཆར་གཞིའི་ནང་བཅུག་ཡོད། རིམ་པ་དང་པོའི་རིག་ཚན3ལེའོ་ཉིང་ཞིང་ཆེན་མཐོ་སློབ་ཀྱི་རིག་ཚན་རྩེ་གྲའི་གཙོ་གནད་འཛུགས་སྐྲུན་རིག་ཚན་ནང་ཚུད་ཡོད་པ་རེད།


དཔྱད་གཞིའི་ཡིག་ཆ།