ནན་ཁྲང་གློག་བརྙན་འཕྲིན་ཁྱབ་སྤེལ་ལས་རིགས་སློབ་གླིང་ནི་ཅང་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་ཅིང་རྒྱལ་ཁབ་སློབ་གསོ་པུའུ་ཡིས་ཐོ་འགོད་བྱས་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན། ཅང་ཞི་ཞིང་ཆེན་གྱི་གློག་བརྙན་འཕྲིན་སྨྱན་སྦྱོར་རིགས་ཀྱི་ཆེད་ལས་ཁྱད་ཆོས་ལྡན་པའི་མཐོ་རིམ་ལས་རིགས་སློབ་གླིང་དང་པོ་ཡིན།
སློབ་གླིང་དེ་ནི་སྔོན་མར་སྤྱི་ལོ1991ལོར་བཙུགས་པའི་ཅང་ཞི་མཛེས་བཟོའི་སྒྱུ་རྩལ་སློབ་གླིང་ཡིན།
སློབ་སྤེལ་ཐིང་གི་འཕྲིན་ཡིག[2015]ཨང25པར་སློབ་གྲྭ་འདི་འཛུགས་རྒྱུའི་ཆོག་མཆན་སྤྲད་ཡོད།
སློབ་གླིང་དུ་གློག་བརྙན་འཕྲིན་སློབ་གླིང་། སྒྱུ་རྩལ་ཇུས་འགོད་སློབ་གླིང་། གྲངས་འཛིན་སྨྱན་སྦྱོར་སློབ་གླིང་། དཔལ་འབྱོར་དོ་དམ་སློབ་གླིང་བཅས་ཡོད།
སློབ་གླིང་གི་སྤྱིའི་རྒྱ་ཁྱོན་ལ་མུའུ339.5ཡོད་པ་དང་འཆར་འགོད་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི12ཟིན་ཡོད། སློབ་གླིང་དེའི་མངའ་འོག་ཏུ་གྲངས་འཛིན་སྨྱན་སྦྱོར་སློབ་གླིང་དང་། གློག་བརྙན་འཕྲིན་འགུལ་རིས་སློབ་གླིང་། སྒྱུ་རྩལ་ཇུས་འགོད་སློབ་གླིང་། འཁྲབ་སྟོན་སྒྱུ་རྩལ་སློབ་གླིང་། ལས་གཏོད་སློབ་གླིང་། སྒྱུ་རྩལ་འབྲིང་རིམ་ཆེད་ལས་སློབ་གླིང་། གསོ་སྦྱོང་སློབ་གླིང་སོགས་སློབ་ཁྲིད་ཚན་པ་བདུན་བཙུགས་ཡོད། སློབ་གྲྭའི་ནང་གྲངས་འཛིན་སྨྱན་སྦྱོར་དང་། གློག་བརྙན་དང་བརྙན་འཕྲིན་འགུལ་རིས། གློག་བརྙན་དང་བརྙན་འཕྲིན་འཁྲབ་སྟོན། སྒྱུ་རྩལ་ཇུས་འགོད། གློག་རྡུལ་ཚོང་དོན་སོགས་དངོས་སྦྱོང་རྟེན་གཞི་ཆེན་པོ་ལྔ་དང་ཚོད་ལྟའི་དངོས་སྦྱོང་ཁང25ཡོད་པ། སློབ་གྲྭའི་ཕྱི་རོལ་དུ་ཀྲུང་ཧྭ་སྲུང་སྐར་བརྙན་འཕྲིན་ལས་ཁུངས་དང་། ཅང་ཞི་བརྙན་འཕྲིན་ལས་ཁུངས། ཅང་ཞི་སློབ་གསོ་བརྙན་འཕྲིན་ལས་ཁུངས། ནན་ཁྲང་བརྙན་འཕྲིན་ལས་ཁུངས། ཐེང་ཤུན་ཚན་རྩལ་སོགས་སློབ་གྲྭའི་ཕྱིའི་དངོས་སྦྱོང་རྟེན་གཞི་བརྒྱ་ཕྲག་ཁ་ཤས་ཡོད།