ཅི་ཨན་ལས་རིགས་ལག་རྩལ་སློབ་གླིང་ནི་ཅི་ཨན་གྲོང་ཁྱེར་ཅི་ཀྲོའུ་ཆུས་ཅི་ཨན་ནན་ལམ་ཆེན་དུ་གནས་ཤིང་། ཅང་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་ཅིང་རྒྱལ་ཁབ་སློབ་གསོ་པུས་ཐོ་འགོད་བྱས་ནས་བཙུགས་པའི་བཟོ་ལས་དང་། ཞིང་ལས། ཚོང་ལས། སྨན་བཅོས། སྒྱུ་རྩལ། དགེ་ཐོན་སློབ་གསོ་བཅས་གཞི་གཅིག་ཏུ་འདུས་པའི་ཆེད་སྦྱོང་རིམ་པའི་གཞུང་བཙུགས་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན། སྤྱི་ལོ2014ལོའི་ཟླ9བར་སློབ་མ་དངོས་སུ་བསྡུས་ནས་སློབ་གཉེར་བྱས། རྒྱ་ཁྱོན་ལ་མུའུ1098ཡོད་པ་དང་། ཨར་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི40ཙམ་ཟིན་པ། མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར13ཙམ་ཟིན་ཡོད། མིག་སྔར་གློག་རྡུལ་ཆ་འཕྲིན་ལས་གྲྭའི་ལག་རྩལ་དང་། སྐྱེད་ཚལ་ལག་རྩལ། ཡུལ་སྐོར་དོ་དམ་སོགས་ཆེད་ལས29བཙུགས་ཡོད། ད་ལྟ་སློབ་གྲྭར་ཡོད་པའི་སློབ14700ལྷག(འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་མ་ཚུད)ཡོད།
སྤྱི་ལོ2019ལོའི་ཟླ3པའི་བར་སློབ་གྲྭས་འཕྲུལ་ཆས་དང་གློག་རྡུལ་བཟོ་སྐྲུན་སློབ་གླིང་དང་། དེང་རབས་ཞིང་ནགས་བཟོ་སྐྲུན་སློབ་གླིང་། ཨར་ལས་དང་ཁོར་ཡུག་བཟོ་སྐྲུན་སློབ་གླིང་། དཔལ་འབྱོར་དང་དོ་དམ་སློབ་གླིང་། ཡུལ་སྐོར་སློབ་གླིང་། སྨན་བཅོས་འཕྲོད་བསྟེན་སློབ་གླིང་། དགེ་འོས་སློབ་གླིང་། མར་ཁེ་སི་རིང་ལུགས་སློབ་གླིང་། གསར་གཏོད་ལས་གཏོད་སློབ་གླིང་། སྒྱུ་རྩལ་སློབ་གླིང་སོགས་རིམ་པ་གཉིས་པའི་སློབ་གླིང10དང་ཆེད་ལས29བཙུགས་ཡོད།
སྤྱི་ལོ2016ལོའི་ཟླ4བར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གྲྭར་ཞིང་ཆེན་རིམ་པའི་གཙོ་གནད་རིག་ཚན1ཡོད།
སྤྱི་ལོ2019ལོའི་ཟླ3པའི་བར། ཅི་ཨན་ལས་རིགས་ལག་རྩལ་སློབ་གླིང་དུ་སྒྲིག་ཁོངས་སུ་ཡོད་པའི་དགེ་རྒན631ཡོད་པའི་ནང་མཐོ་རིམ་གོ་མིང་ཡོད་པའི་དགེ་རྒན173ཡོད་པ་དང་། རབ་འབྱམས་པ406ཡན་ཟིན་པ་དང་ཉིས་འཇོན་རྣམ་པའི་དགེ་རྒན་གྱིས35%ཟིན་ཡོད་པ་དང་། ཁེ་ལས་ཀྱི་མཐོ་རིམ་དོ་དམ་པ་དང་། ལག་རྩལ་རྐང་འཛིན་པ། བཟོ་རྩལ་མཁས་པ་སོགས་གཅིག་ལྕོགས་དགེ་རྒན130ལྷག་གདན་ཞུ་བྱས་ཡོད།
སྤྱི་ལོ2016ལོའི་ཟླ4བའི་བར་ཞིང་ཆེན་རིམ་པའི་ཁྱད་ལྡན་ཆེད་ལས6དང་ཞིང་ཆེན་རིམ་པའི་དཔེ་སྟོན་ཆེད་ལས7ཡོད་པ་དང་། ཆེད་ལས་སོ་སོའི་འཛུགས་སྐྲུན་ཁྲོད། ཞིང་ཆེན་རིམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་གསར་གཏོད་ཚོད་ལྟ་ཁུལ2དང་། ཞིང་ཆེན་རིམ་པའི་སྤུས་དག(སྤུས་ལེགས)སློབ་ཚན12ཡོད། ཞིང་ཆེན་རིམ་པའི་སྤུས་ལེགས་ཐོན་ཁུངས་མཉམ་སྤྱོད་སློབ་ཚན5ཡོད་པ་དང་། སློབ་གསོ་པུའུ་དང་ནོར་སྲིད་པུས་རོགས་སྐྱོར་བྱས་པའི་མཐོ་རིམ་ལས་རིགས་སློབ་གྲྭས་ཆེད་ལས་ཞབས་ཞུའི་ཐོན་ལས་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་བའི་རྣམ་གྲངས2བཅས་ཡོད།
སྤྱི་ལོ2016ལོའི་བར་སློབ་གྲྭར་ཅང་ཞི་ཞིང་ཆེན་མཐོ་སློབ་ཀྱི་གཙོ་གནད་ཚོད་ལྟ་ཁང2དང་ཅང་ཞི་ཞིང་ཆེན་མཐོ་སློབ་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཆུ་ཚད་མཐོ་བའི་གསར་གཏོད་ཚོགས་པ1བཙུགས་ཡོད།
སྤྱི་ལོ2016ལོའི་བར་སློབ་གླིང་གི་དགེ་རྒན་གྱིས་ཞིང་ཆེན་རིམ་པ་ཡན་གྱི་ཚན་ཞིབ་ཞིབ་འཇུག་དཔྱད་གཞི70ལེགས་སྒྲུབ་བྱས་པའི་ནང་གཙོ་གནད་སློབ་གསོ་སྒྱུར་བཅོས་ཀྱི་ཞིབ་འཇུག་དཔྱད་གཞི42ཡོད་པ་དང་། ཞིང་ཆེན་རིམ་པ་ཡན་གྱི་ཡོངས་བསྒྲགས་དུས་དེབ་ཐོག་དཔྱད་རྩོམ1007སྤེལ་བའི་ནང་ལྟེ་བའི་དུས་དེབ160ཡོད།
སྤྱི་ལོ2015ལོར་སློབ་གྲྭ་དེའི་དཔེ་མཛོད་ཁང་གསར་པ་བསྐྲུན་ཟིན་པ་དང་འགྲེམས་ཁང་གི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ27000ལྷག་ཡོད། ཉར་ཚགས་བྱས་པའི་ཤོག་བུའི་དཔེ་དེབ་ཁྲི50ལྷག་ཡོད། གློག་རྡུལ་དཔེ་དེབ་ཁྲི20ལྷག་ཡོད་པ་དང་། དུས་དེབ500ལྷག་ཡོད་ཅིང་། ཀྲུང་གོའི་ཤེས་དྲའི་གྲངས་གཞིའི་མཛོད་དང་། སྐར་བརྒལ་གྲངས་གཞིའི་དཔེ་མཛོད་ཁང་། སྐར་བརྒལ་རིག་གཞུང་བརྙན་ལམ། མཛེས་རྩལ་གྱི་རིག་གཞུང་འཚོལ་ཞིབ། ལུང་ཡོན་གློག་རྡུལ་དུས་དེབ་སོགས་གློག་རྡུལ་ཚད་ལྡན་ཡིག་ཆའི་ཐོན་ཁུངས་སྣ་ཚོགས་ཉོ་སྒྲུབ་བྱས་ཡོད།
སྤྱི་ལོ2016ལོའི་བར་ཅི་ཨན་ལས་རིགས་ལག་རྩལ་སློབ་གླིང་གིས་རིག་གཞུང་དཔྱད་རྩོམ་དང་རྩོམ་ཡིག50ལྷག་རྩོམ་སྒྲིག་བྱས་ཡོད།