དབྱི་ཁྲུན་བྱིས་སྐྱོང་དགེ་ཐོན་མཐོ་རིམ་ཆེད་སྦྱོང་སློབ་གྲྭ།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2020-09-27 08:56ལ་འགྲུབ།

དབྱི་ཁྲུན་བྱིས་སྐྱོང་དགེ་ཐོན་མཐོ་རིམ་ཆེད་སྦྱོང་སློབ་གྲྭ།

དབྱི་ཁྲུན་བྱིས་སྐྱོང་དགེ་ཐོན་མཐོ་རིམ་ཆེད་སྦྱོང་སློབ་གྲྭ།
དབྱི་ཁྲུན་བྱིས་སྐྱོང་དགེ་ཐོན་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་ནི་ཅང་ཞི་ཞིང་ཆེན་དབྱི་ཁྲུན་གྲོང་ཁྱེར་དུ་གནས་ཤིང་། སྤྱི་ལོ1906ལོར་བཙུགས་ཤིང་། སྔོན་ཆད་དབྱི་ཁྲུན་སློབ་གླིང་གི་ཀའོ་ཨན་སློབ་ཁུལ་ཡིན་པ་དང་། ཆེད་སྦྱོང་རིམ་པའི་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན་ལ། དབྱི་ཁྲུན་གྲོང་ཁྱེར་སྲིད་གཞུང་གིས་གཙོ་གཉེར་བྱས་ཏེ་ཅང་ཞི་ཞིང་ཆེན་ཀའོ་ཨན་གྲོང་ཁྱེར་དུ་གནས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
宜春幼儿师范高等专科学校
ཕྱི་ཡིག་གི་མིང་།
yichun early childhood teachers college
བཙུགས་ལོ།
སྤྱི་ལོ1906ལོ།
རིགས་དབྱེ།
བྱིས་སྐྱོང་དགེ་ཐོན་རིགས།
ངོ་བོ།
ཆེད་སྦྱོང་རིམ་པའི་མཐོ་རིམ་སློབ་གྲྭ་དཀྱུས་མ།
ཁོངས་གཏོགས་ས་ཁུལ།
ཅང་ཞི་ཞིང་ཆེན།
ལས་ཐོག་སློབ་གཙོ།
ཡའོ་ཧྲི་ཀུའེ།
གཙོ་གཉེར་སྡེ་ཁག
ཅང་ཞི་ཞིང་ཆེན།
སློབ་གླིང་དང་སྡེ་ཁག
སློབ་གསོ་སྡེ་ཁག སྒྱུ་རྩལ་སྡེ་ཁག
གནས་ཡུལ།
དབྱི་ཁྲུན་གྲོང་ཁྱེར་ཀའོ་ཨན་གྲོང་ཁྱེར་ཧྲི་ཁྲང་ལམ་ཆེན་ཨང66པ།
གཞུང་ཕྱོགས་དྲ་གནས།
http://www.gacycu.cn
1 ངོ་སྤྲོད།

དབྱི་ཁྲུན་བྱིས་སྐྱོང་དགེ་ཐོན་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་ནི་ཅང་ཞི་ཞིང་ཆེན་དབྱི་ཁྲུན་གྲོང་ཁྱེར་དུ་གནས་ཤིང་། སྤྱི་ལོ1906ལོར་བཙུགས་ཤིང་། སྔོན་ཆད་དབྱི་ཁྲུན་སློབ་གླིང་གི་ཀའོ་ཨན་སློབ་ཁུལ་ཡིན་པ་དང་། ཆེད་སྦྱོང་རིམ་པའི་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན། དབྱི་ཁྲུན་གྲོང་ཁྱེར་སྲིད་གཞུང་གིས་གཙོ་གཉེར་བྱས་ཏེ་ཅང་ཞི་ཞིང་ཆེན་ཀའོ་ཨན་གྲོང་ཁྱེར་དུ་གནས་ཡོད།

སྤྱི་ལོ2017ལོའི་སློབ་གྲྭའི་དྲ་བའི་ཐོག་ནས་མངོན་པར་གཞིགས་ན། སློབ་གླིང་དུ་སློབ་ཁྲིད་སྒྲིག་ཆས1902.23དང་དཔེ་དེབ་ཁྲི25.18ཡོད་པ་དང་། གློག་རྡུལ་དཔེ་དེབ་ཁྲི140བཅས་ཡོད།

2 སློབ་སྒྲུབ་ཆ་རྐྱེན།
2_1 སློབ་གླིང་དང་སྡེ་ཁག

སློབ་གླིང་དུ་སློབ་ན་མ་སོན་གོང་གི་སློབ་གསོའི་སློབ་གླིང་དང་། དམའ་རིམ་སློབ་གསོའི་སློབ་གླིང་། མཛེས་རྩལ་དང་ཇུས་འགོད་སློབ་གླིང་། ཕྱི་རྒྱལ་སྐད་ཡིག་སློབ་གླིང་བཅས་ཡོད།

2_2 དགེ་རྒན་གྱི་དཔུང་སྡེ།

སློབ་གྲྭར་ཆེད་བསྐོས་དགེ་རྒན364ཡོད་པའི་ནང་དགེ་རྒན་ཆེན་མོ4དང་། དགེ་རྒན་ཆེན་མོ་གཞོན་པ36 འཆད་ཁྲིད་དགེ་རྒན155བཅས་ཡོད་པ་དང་། རབ་འབྱམས་པའི་སློབ་གཉེར་བརྒྱུད་རིམ་ལྡན་པའི་དགེ་རྒན28དང་དངོས་གཞིའི་ཚན་ཁག་གི་དགེ་རྒན138ཡོད། ཞིང་ཆེན་མཐོ་རིམ་སློབ་གྲྭའི་ན་གཞོན་རྐང་འཛིན་དགེ་རྒན3བཅས་ཡོད།

2_3 སློབ་ཁྲིད་འཛུགས་སྐྲུན།    

སློབ་ན་མ་སོན་གོང་གི་སློབ་གསོ། དམའ་རིམ་སློབ་གསོ། སྤྱི་ཚོགས་ལུས་རྩལ། ལུས་རྩལ་སློབ་གསོ། རོལ་དབྱངས་སློབ་གསོ། མཛེས་རྩལ་སློབ་གསོ། མཐོང་ཚོར་བརྒྱུད་བསྒྲགས་སྒྱུ་རྩལ་ཇུས་འགོད། སྒྱུ་རྩལ་སློབ་གསོ། དབྱིན་ཡིག་སློབ་གསོ། ཉེར་སྤྱོད་དབྱིན་ཡིག ཚོང་དོན་དབྱིན་ཡིག དངོས་ཟོག་འགྲེམས་སྐྱེལ། རྒྱལ་སྤྱིའི་ཉོ་ཚོང་དོ་དམ། ཁྲོམ་ར་གསར་སྤེལ་དང་ཚོང་གཉེར། རྩིས་འཁོར་དྲ་རྒྱའི་ལག་རྩལ། རྩིས་འཁོར་ཉེར་སྤྱོད་ལག་རྩལ། དེང་རབས་སློབ་གསོའི་ལག་རྩལ། གཟུགས་དཔེ་ཇུས་འགོད་དང་བཟོ་སྐྲུན། གྲངས་འཛིན་ལག་རྩལ། རྩིས་འཁོར་རམ་འདེགས་ཇུས་འགོད་དང་བཟོ་སྐྲུན་བཅས་ཁྱོན་བསྡོམས་ཆེད་ལས21ཡོད།

3 གཟི་བརྗིད་མཚན་སྙན།

སློབ་གྲྭར་རྒྱལ་ཡོངས་ཀྱི་ལས་རིགས་ལག་རྩལ་སློབ་གསོའི་ཁོངས་གཏོགས་ཀྱི་ལུས་རྩལ་ལས་དོན་གྱི་སྔོན་ཐོན་སློབ་གྲྭ་དང་། ཞིང་ཆེན་གྱི་དཔལ་ཡོན་ཚན་པ། ཞིང་ཆེན་གྱི་ཀུན་སྤྱོད་སློབ་གསོའི་སྔོན་ཐོན་སློབ་གྲྭ་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐེངས་མང་ཐོབ་ཡོད།

སྤྱི་ལོ2019ལོའི་ཟླ3པར“ཅང་ཞི་ཞིང་ཆེན་གྱི་སྐབས་བཅོ་ལྔ་པའི་དཔལ་ཡོན་ཚན་པའི”གཟི་བརྗིད་མཚན་སྙན4ཐོབ།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

སློབ་གླིང་། སྡེ་ཁག འགོ་ཁྲིད།