ཅང་ཞི་ཆུ་བེད་ལས་རིགས་སློབ་གླིང་།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2020-09-27 08:59ལ་འགྲུབ།

ཅང་ཞི་ཆུ་བེད་ལས་རིགས་སློབ་གླིང་།

ཅང་ཞི་ཆུ་བེད་ལས་རིགས་སློབ་གླིང་།
ཅང་ཞི་ཆུ་བེད་ལས་རིགས་སློབ་གླིང་ནི་ཅང་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་ཅིང་རྒྱལ་ཁབ་སློབ་གསོ་པུས་ཐོ་འགོད་བྱས་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་གཞུང་བཙུགས་སྤྱིར་བཏང་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་ཞིག་ཡིན། སྤྱི་ལོ1956ལོར་བཙུགས་པ་དང་། ཅང་ཞི་ཞིང་ཆེན་ཆུ་བེད་ཐིང་གི་ཁོངས་སུ་གཏོགས་ཤིང་། ཅང་ཞི་ཞིང་ཆེན་གྱི་ཆུ་བེད་ཆུ་གློག་རིགས་ཀྱི་མཐོ་རིམ་ལས་རིགས་སློབ་གྲྭ་གཅིག་པུ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
江西水利职业学院
ཕྱི་ཡིག་གི་མིང་།
JIANGXI WATER RESOURCES INSTITUTE
བཙུགས་ལོ།
སྤྱི་ལོ1956ལོ།
རིགས་དབྱེ།
གཞུང་བཙུགས་སློབ་ཆེན།
ལས་ཐོག་སློབ་གཙོ།
ལིའུ་མིང་ཧྭ།
ཁོངས་གཏོགས་ས་ཁུལ།
ཀྲུང་གོ་ནན་ཁྲང་།
སློབ་གླིང་དང་སྡེ་ཁག
ཆུ་བེད་ལས་གྲྭ་སྡེ་ཁག་དང་། ཨར་ལས་ལས་གྲྭ་སྡེ་ཁག ཆ་འཕྲིན་ལས་གྲྭ་སྡེ་ཁག འཕྲུལ་གློག་ལས་གྲྭ་སྡེ་ཁག་སོགས།
གཙོ་གཉེར་སྡེ་ཁག
ཅང་ཞི་ཞིང་ཆེན།
གཞུང་ཕྱོགས་དྲ་གནས།
http://www.jxslsd.com
1 ངོ་སྤྲོད།

ཅང་ཞི་ཆུ་བེད་ལས་རིགས་སློབ་གླིང་ནི་ཅང་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་ཅིང་རྒྱལ་ཁབ་སློབ་གསོ་པུས་ཐོ་འགོད་བྱས་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་གཞུང་བཙུགས་སྤྱིར་བཏང་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་ཞིག་ཡིན། སྤྱི་ལོ1956ལོར་བཙུགས་པ་དང་། ཅང་ཞི་ཞིང་ཆེན་ཆུ་བེད་ཐིང་གི་ཁོངས་སུ་གཏོགས་ཤིང་། ཅང་ཞི་ཞིང་ཆེན་གྱི་ཆུ་བེད་ཆུ་གློག་རིགས་ཀྱི་མཐོ་རིམ་ལས་རིགས་སློབ་གྲྭ་གཅིག་པུ་ཡིན།

2 ལོ་རྒྱུས་འཕེལ་རིམ།

ཅང་ཞི་ཆུ་བེད་ལས་རིགས་སློབ་གླིང་ནི་སྤྱི་ལོ1956ལོར་བཙུགས་ཤིང་། ཅང་ཞི་ཞིང་ཆེན་ཆུ་བེད་ཐིང་གི་ཁོངས་སུ་གཏོགས།    

སྔོན་མར་ཅང་ཞི་ཞིང་ཆེན་ཆུ་བེད་ལག་རྩལ་བཟོ་བའི་སློབ་གྲྭ་ཡིན་པ་དང་། སྤྱི་ལོ2002ལོར་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཅང་ཞི་ཞིང་ཆེན་གྱི་ཚོད་ལྟའི་ལག་རྩལ་བཟོ་བའི་སློབ་གྲྭར་མིང་བསྒྱུར།

སྤྱི་ལོ2004ལོར་རྒྱལ་ཁབ་ཀྱི་གཙོ་གནད་ལག་རྩལ་བཟོ་བའི་སློབ་གྲྭར་རིམ་སྤོར་བྱས་པ་དང་སྤྱི་ལོ2008ལོའི་ཟླ3པར་ཅང་ཞི་ཞིང་ཆེན་གྱི་ཚོད་ལྟའི་མཐོ་རིམ་ལག་རྩལ་བཟོ་བའི་སློབ་གྲྭར་རིམ་སྤོར་བྱས།    

སྤྱི་ལོ2009ལོའི་ཟླ6པར་ཅང་ཞི་ཞིང་ཆེན་ཆུ་བེད་ལས་གྲྭའི་ལག་རྩལ་པའི་སློབ་གླིང་དུ་རིམ་སྤོར་བྱས།    

སྤྱི་ལོ2013ལོའི་ཟླ5བར་སློབ་གསོ་པུའི་ཐོ་འགོད་སྙན་སེང་ཞུས་ཤིང་། ཅང་ཞི་ཆུ་བེད་ལས་རིགས་སློབ་གླིང་དུ་རིམ་སྤོར་བྱས་པ་ཡིན། གཞུང་བཙུགས་མཐོ་རིམ་ལས་རིགས་སློབ་གླིང་དཀྱུས་མ་ཞིག་ཏུ་གྱུར་ཡོད།

3 སློབ་གླིང་དང་སྡེ་ཁག

སློབ་གླིང་དུ་ཆུ་བེད་ལས་གྲྭ་སྡེ་ཁག་དང་། ཨར་ལས་ལས་གྲྭ་སྡེ་ཁག ཆ་འཕྲིན་ལས་གྲྭ་སྡེ་ཁག འཕྲུལ་གློག་ལས་གྲྭ་སྡེ་ཁག་བཅས་ཡོད།

4 དགེ་རྒན་གྱི་དཔུང་སྡེ།

ད་ལྟ་སྒྲིག་ཁོངས་སུ་དགེ་རྒན187ཡོད་པའི་ནང་མཐོ་རིམ་གོ་མིང་མི31ཡོད་པ་དང་། འབྲིང་རིམ་གོ་མིང48དང་དམའ་རིམ་གོ་མིང45བཅས་ཡོད།

5 རིག་གཞུང་ཞིབ་འཇུག    
5_1 ཚན་ཞིབ་གྲུབ་འབྲས།    

སྤྱི་ལོ2014ལོའི་ཟླ9བར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གྲྭ་དེས་ཉེ་བའི་ལོ་ཤས་རིང་ཞིང་ཆེན་རིམ་པ་ཡན་གྱི་ཞིབ་འཇུག་དཔྱང་གཞི16འགན་འཁུར་བ་དང་དཔྱད་རྩོམ60ལྷག་ཡོངས་བསྒྲགས་ངང་སྤེལ་ཡོད། དཔེ་སྐྲུན་ཆེད་རྩོམ་དང་སློབ་དེབ50ལྷག་ཡོད།    

5_2 རིག་གཞུང་དུས་དེབ།    

《ཅང་ཞི་ཆུ་བེད་ལས་རིགས་སློབ་གསོ》ཞེས་པ་སྤྱི་ལོ2011ལོར་གཉེར་ཞིང་། དེ་ནི་ཅང་ཞི་ཆུ་བེད་ལས་རིགས་སློབ་གླིང་གིས་གཙོ་གཉེར་བྱས་པའི་ཕྱོགས་བསྡུས་རང་བཞིན་གྱི་རིག་གཞུང་དུས་དེབ་ཅིག་ཡིན། གཙོ་བོ་མཐོ་རིམ་ལས་རིགས་སློབ་གསོའི་སློབ་ཁྲིད་བསྒྱུར་བཅོས་ཞིབ་འཇུག་དང་སྤྱི་ཚོགས་ཚན་རིག་ཞིབ་འཇུག རང་བྱུང་ཚན་རིག་ཞིབ་འཇུག་སྐོར་གྱི་རིག་གཞུང་དཔྱད་རྩོམ་འགྲེམས་སྤེལ་བྱས་ཡོད།

6 གཟི་བརྗིད་མཚན་སྙན།

སྤྱི་ལོ2003ལོར་ཞིང་ཆེན་སློབ་གསོ་ཐིང་དང་། ཞིང་ཆེན་ངལ་རྩོལ་ཐིང་། སྤྱི་ཚོགས་འགན་སྲུང་ཐིང་། ཞིང་ཆེན་དཔལ་འབྱོར་ཉོ་ཚོང་ཨུ་ཡོན་ལྷན་ཁང་བཅས་ཀྱིས“ཅང་ཞི་ཞིང་ཆེན་གྱི་ལས་རིགས་སློབ་གསོའི་སྔོན་ཐོན་ཚན་པར”བདམས།

སྤྱི་ལོ2003ལོ་ནས་སྤྱི་ལོ2005ལོའི་བར་ཅང་ཞི་ཞིང་ཆེན་ཆུ་བེད་ཐིང་གིས“ཞིང་ཆེན་ཡོངས་ཀྱི་ཆུ་བེད་ཁོངས་གཏོགས་ཀྱི་ལོ་འཁོར་དཔལ་ཡོན་ཚན་པར”བདམས།    

སྤྱི་ལོ2007ལོར“ཅང་ཞི་ཞིང་ཆེན་ལག་རྩལ་སློབ་གླིང་དང་སློབ་གླིང་སྐབས་གཉིས་པའི་ལས་རིགས་རྩལ་ནུས་འགྲན་བསྡུར་ཕུལ་བྱུང་ཨུ་ལྷན་གྱི་རྩ་འཛུགས་བྱ་དགའ”ཐོབ།    

སྤྱི་ལོ2003ལོ་ནས་སྤྱི་ལོ2007ལོའི་བར་བསྟུད་མར་ལོ་ལྔའི་རིང་ཅང་ཞི་ཞིང་ཆེན་གྱི་ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་ཐིང་གིས“ལག་རྩལ་བཟོ་བའི་སློབ་གྲྭའི་སྔོན་ཐོན་སྡེ་ཚན”ལ་བདམས།    

སྤྱི་ལོ2009ལོར་ཞིང་ཆེན་སློབ་གསོ་ཐིང་གིས་ཅང་ཞི་ཞིང་ཆེན་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་ཐོན་སློབ་མའི་ལས་ཞུགས་སྔོན་ཐོན་ཚན་པར་བདམས།    

སྤྱི་ལོ2009ལོར་ཆུ་བེད་པུས“རྒྱལ་ཡོངས་ཀྱི་ཆུ་བེད་ལས་རིགས་སློབ་གསོའི་དཔེ་སྟོན་སློབ་གླིང་འཛུགས་སྐྲུན་ཚན་པར”གཏན་འཁེལ་བྱས།    

སྤྱི་ལོ2009ལོར་ཞིང་ཆེན་སློབ་གསོ་ཐིང་གིས་ཞིང་ཆེན་ཡོངས་ཀྱི་སྤྱི་ལོ2009ལོའི་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་བསྡུའི་ལས་དོན་གྱི་སྔོན་ཐོན་ཚན་པ་དང་ཞིང་ཆེན་ཡོངས་ཀྱི་རོགས་དངུལ་ལས་དོན་གྱི་སྔོན་ཐོན་ཚོགས་པར་བདམས།    

སྤྱི་ལོ2009ལོར་རྒྱལ་ཡོངས་ཆུ་བེད་ལས་རིགས་སློབ་གླིང་གི་རྩལ་ནུས་འགྲན་བསྡུར་གྱི་བྱ་དགའ་རིམ་པ་དང་པོའི་གཟི་བརྗིད་མཚན་སྙན་ཐོབ།    

སྤྱི་ལོ2018ལོའི་ཟླ12པའི་ཚེས18ཉིན་ཀྲུང་གུང་ནན་ཁྲང་གྲོང་ཨུ་དང་ནན་ཁྲང་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་སྤྲད་པའི“ནན་ཁྲང་གྲོང་ཁྱེར་གྱི་སྐབས་བཅུ་བདུན་པའི་དཔལ་ཡོན་ཚན་པའི”མཚན་སྙན་ཐོབ།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

སློབ་གླིང་། སྡེ་ཁག འགོ་ཁྲིད།