ཀན་ཀྲོའུ་དགེ་ཐོན་མཐོ་རིམ་ཆེད་སྦྱོང་སློབ་གྲྭ།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2020-09-27 09:01ལ་འགྲུབ།

ཀན་ཀྲོའུ་དགེ་ཐོན་མཐོ་རིམ་ཆེད་སྦྱོང་སློབ་གྲྭ།

ཀན་ཀྲོའུ་དགེ་ཐོན་མཐོ་རིམ་ཆེད་སྦྱོང་སློབ་གྲྭ།
ཀན་ཀྲོའུ་དགེ་ཐོན་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་ནི་ཅང་ཞི་ཞིང་ཆེན་ཀན་ཀྲོའུ་གྲོང་ཁྱེར་དུ་གནས་ཤིང་། དགེ་རྒན་གྱི་སློབ་གསོ་གཙོ་བོར་བཟུང་སྟེ་རིག་གནས་དང་། རང་བྱུང་ཚན་རིག ལུས་རྩལ། སྒྱུ་རྩལ་སོགས་ཆེད་ལས་རིག་ཚན་གྱི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་ཆེད་སྦྱོང་སློབ་གྲྭ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
赣州师范高等专科学校
ཕྱི་ཡིག་གི་མིང་།
Ganzhou Teachers College
བཙུགས་ལོ།
སྤྱི་ལོ1903ལོ།
རིགས་དབྱེ།
གཞུང་བཙུགས་སློབ་ཆེན།
རྣམ་པ།
དགེ་ཐོན་སློབ་གྲྭ་ཆེན་མོ།
ངོ་བོ།
གྲོང་ཁྱེར་ཁོངས་གཏོགས་ཀྱི་མཐོ་རིམ་ལས་རིགས་སློབ་གླིང་། དགེ་ཐོན་མཐོ་རིམ་ཆེད་སྦྱོང་སློབ་གྲྭ།
གཙོ་གཉེར་སྡེ་ཁག
ཅང་ཞི་ཞིང་ཆེན།
ལས་ཐོག་འགོ་ཁྲིད།
སློབ་གཙོ། ཅང་ཙའེ་ཏུང་། ཏང་ཨུའི་ཧྲུའུ་ཅི། ལིའོ་ཝེ།
སློབ་གླིང་དང་སྡེ་ཁག
རྒྱ་ཡིག་སྡེ་ཁག རྩིས་རིག་སྡེ་ཁག ཕྱི་སྐད་སྡེ་ཁག རྩིས་འཁོར་དང་ཉེར་སྤྱོད་སྡེ་ཁག་སོགས།
གནས་ཡུལ།
ཅང་ཞི་ཞིང་ཆེན་ཀན་ཀྲོའུ་གྲོང་ཁྱེར་རོང་ཅང་ཁུལ་གསར་མཐོ་སློབ་གླིང་ཁུལ་གྱི་ཨང35བ།
སློབ་བཙུགས་ཉིན་མོ།
ཟླ5བའི་ཚེས15ཉིན།
སློབ་གྲྭའི་ཚབ་ཨང་།
14465
གཞུང་ཕྱོགས་དྲ་གནས།
http://www.ganzhsz.cn
1 ​ངོ་སྤྲོད།

ཀན་ཀྲོའུ་དགེ་ཐོན་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་ནི་ཅང་ཞི་ཞིང་ཆེན་ཀན་ཀྲོའུ་གྲོང་ཁྱེར་དུ་གནས་ཤིང་། དགེ་རྒན་གྱི་སློབ་གསོ་གཙོ་བོར་བཟུང་སྟེ་རིག་གནས་དང་། རང་བྱུང་ཚན་རིག ལུས་རྩལ། སྒྱུ་རྩལ་སོགས་ཆེད་ལས་རིག་ཚན་གྱི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་ཆེད་སྦྱོང་སློབ་གྲྭ་ཞིག་ཡིན།

སྤྱི་ལོ2018ལོའི་ཟླ10བའི་བར་སློབ་གྲྭས་ས་མུའུ1034བཟུང་ཡོད། འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི22.6ཡོད་པ་དང་སློབ་ཁྲིད་ཚན་ཞིབ་དཔྱད་ཆས་སྒྲིག་ཆས་ཀྱི་རིན་གོང་བསྡོམས་འབོར་སྒོར་ཁྲི5992ཟིན་ཡོད། དགེ་རྒན་དང་ལས་བཟོ་བ480(ཆེད་བསྐོས་དགེ་རྒན380)ཡོད། དེའི་ནང་དགེ་རྒན་ཆེན་མོ36དང་དགེ་རྒན་ཆེན་མོ་གཞོན་པ144ཡོད་པ་དང་། ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སློབ་གྲྭར་ཡོད་པའི་སློབ་མ11640ཡོད། དར་མའི་སློབ་གསོའི་སློབ་མ800ལྷག་ཡོད།

2 ལོ་རྒྱུས་འཕེལ་རིམ།

སློབ་གྲྭ་དེ་ནི་སྔོན་མར་ཆིང་ཀོང་ཞུས་ཁྲི་ལོ་ཉེར་དགུར(སྤྱི་ལོ1903ལོ)“ཀུང་ནན་དགེ་ཐོན་སློབ་གྲྭ”ཞེས་པ་དེ་ཡིན།

སྤྱི་ལོ2013ལོར་སློབ་གྲྭ་དེ“ཀན་ཀྲོའུ་དགེ་ཐོན་མཐོ་རིམ་ཆེད་སྦྱོང་སློབ་གྲྭར”བསྒྱུར།

3 སློབ་སྒྲུབ་ཆ་རྐྱེན།
3_1 སློབ་གླིང་དང་སྡེ་ཁག

སློབ་གླིང་དུ་རྒྱ་ཡིག་སྡེ་ཁག རྩིས་རིག་སྡེ་ཁག ཕྱི་སྐད་སྡེ་ཁག རྩིས་འཁོར་དང་ཉེར་སྤྱོད་སྡེ་ཁག་བཅས་ཡོད།

3_2 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2018ལོའི་ཟླ10བར། སློབ་གྲྭར་དགེ་རྒན་དང་ལས་བཟོ་བ480(ཆེད་བསྐོས་དགེ་རྒན380)ཡོད་པ་དང་། དེའི་ནང་དགེ་རྒན་ཆེན་མོ36དང་། དགེ་རྒན་ཆེ་མོ་གཞོན་པ144ཡོད།

4 རིག་གཞུང་ཞིབ་འཇུག    
4_1 ཚན་ཞིབ་གྲུབ་འབྲས།    

སྤྱི་ལོ2017ལོའི་ཟླ10བའི་བར་སློབ་གླིང་གིས་ཅང་ཞི་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་གི《སློབ་གྲྭ་འབྲིང་ཆུང་གི་ཡིག་གཟུགས་ཤེས་ལྡན་མི་སྣ་གསོ་སྐྱོང་ཞིབ་འཇུག》གི་ཞིབ་འཇུག་དཔྱད་གཞིའི་ལས་འགན་གྱི་འགན་འཁུར།    

5 རིག་གཞུང་ཐོན་ཁུངས།    

སྤྱི་ལོ2017ལོའི་ཟླ10བའི་བར། སློབ་གྲྭའི་ཉར་ཚགས་བྱས་པའི་ཤོག་བུའི་དཔེ་དེབ་ཁྲི51.7དང་གློག་རྡུལ་དཔེ་དེབ་ཁྲི12.3ཡོད་པ་དང་དེང་རབས་གློག་རྡུལ་དཔེ་དེབ་མ་ལག་དང་རྩིས་འཁོར་དྲ་རྒྱའི་ཞབས་ཞུའི་མ་ལག་བཙུགས་ཡོད།

6 གཟི་བརྗིད་མཚན་སྙན།

སྤྱི་ལོ2017ལོའི་ཟླ10བའི་བར། སློབ་གྲྭ་ཞིང་ཆེན་དང་གྲོང་ཁྱེར་རིམ་པའི“དཔལ་ཡོན་ཚན་པར”བདམས་པ་དང་། སྔ་རྗེས་སུ་ཅང་ཞི་ཞིང་ཆེན་སློབ་གསོ་ཐིང་གི“སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་མུ་མཐུད་སློབ་གསོའི་སྔོན་ཐོན་ཚན་པ”དང་། ཅང་ཞི་ཞིང་ཆེན་སློབ་ཆེན་སློབ་མའི་ཁྲིམས་ལུགས་དང་བདེ་འཇགས་དྲིལ་བསྒྲགས་སློབ་གསོའི་སྔོན་ཐོན་ཚོགས་པ། ཅང་ཞི་ཞིང་ཆེན་མཐོ་སློབ་ཀྱི“སློབ་མའི་སྡོད་ཁང(ཉལ་ཁང)དོ་དམ་སྔོན་ཐོན་ཚན་པ”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ།    

སྤྱི་ལོ2008ལོར་ཅང་ཞི་ཞིང་ཆེན་སློབ་གསོ་ཐིང་གིས“ཚད་ལྡན་དོ་དམ་ལོའི་སྔོན་ཐོན་ཚན་པར”སྤྲད།    

སྤྱི་ལོ2010ལོར་ཞིང་ཨུ་སློབ་གསོ་ལས་དོན་ཨུ་ལྷན་དང་ཞིང་ཆེན་སློབ་གསོ་ཐིང་གིས་སློབ་གསོའི་ཁོངས་གཏོགས་ཀྱི“གསར་གཏོད་འཕེལ་རྒྱས་ཀྱི་སྔོན་ཐོན་ཚན་པར”བདམས།


དཔྱད་གཞིའི་ཡིག་ཆ།