ཅཱ་ཞིན་སློབ་གླིང་།སྔ་མའི་པར་གཞི་དེ ལྷ་དབང་རྡོ་རྗེ།  ནས 2020-09-15 17:38ལ་འགྲུབ།

ཅཱ་ཞིན་སློབ་གླིང་།

ཅཱ་ཞིན་སློབ་གླིང་།
ཅཱ་ཞིན་སློབ་གླིང་ནི་ཀྲེ་ཅང་ཞིང་ཆེན་ཅཱཞིན་གྲོང་ཁྱེར་དུ་གནས་ཡོད་ལ། སྤྱི་ལོ2000ལོའི་ཟླ3པར་རྒྱལ་ཁབ་སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད། དེ་སྔོན་གྱི་ཀྲེ་ཅང་དཔལ་འབྱོར་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་དང་ཅཱ་ཞིན་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་གཉིས་ཟླ་སྒྲིལ་བཏང་ནས་བཙུགས་པའི་དངོས་གཞིའི་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
嘉兴学院
དབྱིན་ཡིག་གི་མིང་།
Jiaxing University
བཙུགས་ལོ།
སྤྱི་ལོ1914ལོར་བཙུགས།
སློབ་གྲྭའི་རིགས་དབྱེ།
ཕྱོགས་བསྡུས་རིགས།
སློབ་སྒྲུབ་ངོ་བོ།
གཞུང་གཉེར་སློབ་ཆེན།
གཞུང་ཕྱོགས་དྲ་གནས།
http://www.zjxu.edu.cn
གཙོ་གཉེར་ཚན་པ།
ཀྲེ་ཅང་ཞིང་ཆེན།
སློབ་གྲྭའི་ཚབ་ཨང་།
10354
1 ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ1954ལོར་སློབ་གྲྭའི་མིང་ལ་ལྕི་བའི་བཟོ་ལས་པུའུ་ཉིང་པོ་བཟོ་ལས་རྩིས་གཉེར་སྡོམ་རྩིས་སློབ་གྲྭ་ཞེས་བསྒྱུར།

སྤྱི་ལོ1955ལོར་མིང་ལ་ལྕགས་བཞུ་བཟོ་ལས་པུའུ་ཉིང་པོ་བཟོ་ལས་དཔལ་འབྱོར་སློབ་གྲྭ་ཞེས་བསྒྱུར།

སྤྱི་ལོ1960ལོར་ཀྲེ་ཅང་ཞིང་ཆེན་ཅན་ཏེ་རྫོང་དུ་གནས་སྤར་ནས་སྔ་རྗེས་སུ་ཅན་ཏེ་ལྕགས་བཞུ་བཟོ་ལས་སློབ་གྲྭ་དང་ཀྲེ་ཅང་ལྕགས་བཞུ་བཟོ་ལས་སློབ་གྲྭ་ཞེས་མིང་བཏགས།

སྤྱི་ལོ1978ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་ཆེད་སྦྱོང་སློབ་གྲྭ་ཆེན་མོར་རོམ་སྤོར་བྱས། མིང་ལ་ཀྲེ་ཅང་ལྕགས་བཞུའི་དཔལ་འབྱོར་ཆེད་སྦྱོང་སློབ་གྲྭ་ཞེས་བཏགས། ལོ་དེར་སློབ་གྲྭ་ཅཱ་ཞིན་གྲོང་ཁྱེར་དུ་གནས་སྤོར་བྱས།

སྤྱི་ལོ1992ལོའི་ཟླ4བའི་བར། རྒྱལ་ཁབ་སློབ་གསོ་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་ཀྲེ་ཅང་དཔལ་འབྱོར་མཐོ་རིམ་ཆེད་སྦྱོང་སློབ་གྲྭར་བསྒྱུར།

སྤྱི་ལོ1998ལོར་རྒྱལ་ཁབ་ཀྱིས་ཀྲུང་དབྱང་པུའུ་ཨུ་ཁོངས་གཏོགས་ཀྱི་མཐོ་སློབ་ལ་དོ་དམ་སྒྲིག་སྲོལ་སྒྱུར་བཅོས་ལག་བསྟར་བྱེད་པའི་བརྒྱུད་རིམ་ནང་སློབ་གྲྭ་ཀྲེ་ཅང་ཞིང་ཆེན་ཁོངས་གཏོགས་དོ་དམ་བྱ་ཡུལ་དུ་གྱུར།

སྤྱི་ལོ2000ལོའི་ཟླ3པར། རྒྱལ་ཁབ་སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད། དེ་སྔོན་གྱི་ཀྲེ་ཅང་དཔལ་འབྱོར་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་དང་ཅཱ་ཞིན་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་གཉིས་ཟླ་སྒྲིལ་བཏང་ནས་ཅཱ་ཞིན་སློབ་གླིང་བཙུགས།

སྤྱི་ལོ2000ལོའི་རྗེས་སུ་ཕིན་ཧུའུ་དགེ་འོས་སློབ་གྲྭ་དང་། ཅ་ཞིན་འཕྲོད་བསྟེན་སློབ་གྲྭ། ཀྲེ་ཅང་རྩིས་གཉེར་སློབ་གྲྭ། ཅ་ཞིན་གྲོང་ཁྱེར་འབྲུ་རིགས་ལས་བྱེད་པའི་སློབ་གྲྭ་སོགས་སློབ་གྲྭ་བཞི་སྔ་རྗེས་སུ་ཟླ་སྒྲིལ་བཏང་།

2 སློབ་སྒྲུབ་ཆ་རྐྱེན།
2_1 སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།

སྤྱི་ལོ2020ལོའི་ཟླ4བར། སློབ་གྲྭར་ཚོང་ལས་སློབ་གླིང་དང་། རྩིས་ཚན་དང་ཆ་འཕྲིན་བཟོ་སྐྲུན་སློབ་གླིང་། རིག་གནས་ཁྲིམས་ལུགས་སློབ་གླིང་། ཕྱིའི་སྐད་ཡིག་སློབ་གླིང་། གསོ་རིག་སློབ་གླིང་། འཕྲུལ་གློག་བཟོ་སྐྲུན་སློབ་གླིང་། སྐྱེ་དངོས་དང་རྫས་འགྱུར་བཟོ་སྐྲུན་སློབ་གླིང་། རྒྱུ་ཆ་དང་འཁེལ་འཐག་བཟོ་སྐྲུན་སློབ་གླིང་། བཟོ་སྐྲུན་སློབ་གླིང་། དགེ་རྒན་སློབ་གསོའི་སློབ་གླིང་། ཅཱ་ཞིན་སློབ་གླིང་གི་ཕིང་ཧུའུ་སློབ་ཁུལ། བསམ་བློ་ཆབ་སྲིད་གཞུང་ལུགས་སློབ་ཁྲིད་ཚན་ཞིབ་པུའུ། ལུས་རྩལ་དང་དམག་སྦྱོང་སློབ་གླིང་སློབ་དཔྱོད་པུའུ། དར་མའི་སློབ་གསོའི་སློབ་གླིང་། རྒྱུན་མཐུད་སློབ་གསོའི་སློབ་གླིང་། རྒྱལ་སྤྱིའི་སློབ་གསོ་སློབ་གླིང་སོགས་སློབ་གླིང10དང་། སྒེར་ཚུགས་ཀྱི་སློབ་གླིང1བཅས་ཡོད། 

2_2 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2020ལོའི་ཟླ4པར་སློབ་གྲྭར་ཁྱོན་བསྡོམས་དགེ་རྒན་དང་ལས་བཟོ་བ1600ཡོད་པ་དང་། དེའི་ནང་ཆེད་བསྐོས་དགེ་རྒན1100དང་མཐོ་རིམ་གོ་མིང་ཡོད་པའི་དགེ་རྒན500ལྷག་ཙམ་དང་འབུམ་རམས་པའི་བསླབ་གནས་ཡོད་པའི་དགེ་རྒན260 ཀྲེ་ཅང་ཞིང་ཆེན་གྱི་བྱས་རྗེས་མངོན་གསལ་བཞག་པའི་ན་གཞོན་རིགས་གཅིག་མཁས་ཅན1 དམིགས་བསལ་གདན་ཞུས་དགེ་རྒན་ཆེན་མོ3 ཞིང་ཆེན་རིམ་པའི་གཙོ་གནད་གསར་གཏོད་ཚོགས་པ2 ཞིང་ཆེན་རིམ་པའི་སློབ་ཁྲིད་ཚོགས་པ4 ཞིང་ཆེན་རིམ་པའི་སློབ་ཁྲིད་དགེ་རྒན་གྲགས་ཅན5བཅས་ཡོད།

2_3 སློབ་ཁྲིད་འཛུགས་སྐྲུན།

སྤྱི་ལོ2020ལོའི་ཟླ4བའི་བར། སློབ་གྲྭར་རྒྱལ་ཁབ་རིམ་པའི་ཁྱད་ལྡན་ཆེད་ལས2དང་ཞིང་ཆེན་རིམ་པའི་གཙོ་གནད(འཛུགས་སྐྲུན)ཆེད་ལས10 དཔལ་འབྱོར་དོ་དམ་ཚོད་ལྟའི་ལྟེ་གནས་དང་འཕྲུལ་གློག་ལས་གྲྭའི་ཚོད་ལྟའི་ལྟེ་གནས་སོགས་ཚོད་ལྟའི་ལྟེ་གནས8 རིམ་པ་གཉིས་པའི་ཚོད་ལྟ་ཁང4 རྒྱལ་ཁབ་རིམ་པའི་ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས1 ཞིང་ཆེན་རིམ་པའི་ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས5བཅས་ཡོད།

3 རིག་གཞུང་ཞིབ་འཇུག
3_1 ཚན་རིག་ཞིབ་འཇུག་སྟེགས་བུ།

སྤྱི་ལོ2020ལོའི་ཟླ4བའི་བར། སློབ་གྲྭར་སློབ་གསོ་པུའུ་ཡི་མི་ཚུལ་སྤྱི་ཚོགས་ཚན་རིག་གི་གཙོ་གནད་ཞིབ་འཇུག་རྟེན་གཞི1དང་ཞིང་ཆེན་རིམ་པའི་གཙོ་གནད་ཚོད་ལྟ་ཁང1 ཞིང་ཆེན་རིམ་པའི་ལས་གྲྭའི་ལག་རྩལ་ཞིབ་འཇུག་ལྟེ་གནས1ཅཱ་ཞིན་གྲོང་ཁྱེར་གྱི་གཙོ་གནད་ཚོད་ལྟ་ཁང་5བཅས་བཙུགས་ཡོད་པ་མ་ཟད། ད་དུང་སྐད་ཡིག་ཚད་ལེན་ཚོད་ལྟ་ཞིབ་འཇུག་སུའོ། རྩོམ་རིག་དང་ཡིག་སྒྱུར་ཞིབ་འཇུག་སུའོ། དབྱིན་སྐད་དང་རིག་གནས་ཞིབ་འཇུག་སུའོ། ཤར་ཕྱོགས་སྐད་ཡིག་དང་རིག་གནས་ཞིབ་འཇུག་སུའོ། གསོ་རིག་རྣམ་པ་ཞིབ་འཇུག་སུའོ། གསོ་རིག་དབང་པོའི་ནུས་པ་ཞིབ་འཇུག་སུའོ། སྨན་རྫས་རིག་པའི་ཞིབ་འཇུག་སུའོ། ནད་ཐོག་སྨན་བཅོས་རྨང་གཞི་ཞིབ་འཇུག་སུའོ། དེང་རབས་འཕྲུལ་ཆས་ཇུས་འགོད་ལག་རྩལ་ཞིབ་འཇུག་སུའོ། སྔོན་ཐོན་བཟོ་སྐྲུན་ལག་རྩལ་ཞིབ་འཇུག་སུའོ། གློག་རྡུལ་ཆ་འཕྲིན་དང་འཕྲིན་གཏོང་བཟོ་སྐྲུན་ཞིབ་འཇུག་སུའོ། ཞིབ་ཕྲ་རྫས་འགྱུར་བཟོ་ལས་ཞིབ་འཇུག་སུའོ། བེད་སྤྱོད་རྫས་འགྱུར་ཞིབ་འཇུག་སུའོ། སྐྱེ་དངོས་བཟོ་སྐྲུན་ཞིབ་འཇུག་སུའི། ཁོར་ཡུག་དང་ཐོན་ཁུངས་ལག་རྩལ་ཞིབ་འཇུག་སུའོ། འཁལ་འཐག་བཟོ་སྐྲུན་ཞིབ་འཇུག་སུའོ་སོགས་བཙུགས་ཡོད།

3_2 རིག་གཞུང་གྲུབ་འབྲས།

སྤྱི་ལོ2020ལོའི་ཟླ4བའི་བར། སློབ་གྲྭས་རྒྱལ་ཁབ་རིམ་པའི་ཚན་ཞིབ་ལས་གཞི14དང་ཞིང་ཆེན་དང་པུའུ་རིམ་པའི་ཚན་ཞིབ་ལས་གཞི179འགན་ཁུར་ཡོད། ཞིང་ཆེན་དང་པུའུ་རིམ་པ་ཡན་གྱི་ཚན་ཞིབ་བྱ་དགའ8ཐོབ་པ་དང་། རིམ་པ་དང་པོའི་རིག་གཞུང་དུས་དེབ་ཐོག་དཔྱད་རྩོམ600ལྷག་ཙམ་སྤེལ་ཡོད།

3_3 རིག་གཞུང་དུས་དེབ།

《ཅཱ་ཞིན་སློབ་གླིང་གི་རིག་གཞུང་ཚགས་པར》ནི་ཀྲེ་ཅང་ཞིང་ཆེན་སློབ་གསོ་ཐིང་གི་གཙོ་གཉེར་དང་ཅཱ་ཞིན་སློབ་གླིང་གིས་དཔར་སྐྲུན་བྱེད་པའི་ཕྱོགས་བསྡུས་རང་བཞིན་གྱི་རིག་གཞུང་དུས་དེབ་ཅིག་ཡིན། སྤྱི་ལོ1985ལོར་དུས་དེབ་གསར་དུ་བཏོན་ཞིང་། དེའི་སྔ་མ་ནི《ཀྲེ་ཅང་དཔལ་འབྱོར་མཐོ་རིམ་ཆེད་སྦྱོང་སློབ་གྲྭའི་རིག་གཞུང་ཚགས་པར》ཡིན་པ་དང་། སྤྱི་ལོ2001ལོར་སློབ་གྲྭ་མཉམ་འབྲེལ་གྱིས་ཕྱོགས་བསྡུས་རང་བཞིན་གྱི་དངོས་གཞིའི་སློབ་གྲྭར་འཕར་བས་མིང་ལ《ཅ་ཞིན་སློབ་གླིང་གི་རིག་གཞུང་ཚགས་པར》དུ་བསྒྱུར། ལེ་ཚན་གཙོ་བོ། ཅཱ་ཞིན་གྱི་མི་སྣ་གྲགས་ཅན་དང་རིག་གནས། འབྲི་ཆུ་ཟུར་གསུམ་གླིང་འཕེལ་རྒྱས་ཞིབ་འཇུག ནན་ཧུའུ་གླེང་སྟེགས། དཔལ་འབྱོར་རིག་པ། དོ་དམ་རིག་པ། ཚན་རིག་ཞིབ་འཇུག སློབ་གསོ་སློབ་ཁྲིད་བཅས་དང་དེ་བཞིན་ཆེད་དོན་རང་བཞིན་གྱི་ལེ་ཚན་གཞན་དག་ཀྱང་ཡོད།

དཔྱད་གཞིའི་ཡིག་ཆ།