ཉིང་པཱོ་བཟོ་སྐྲུན་སློབ་གླིང་།སྔ་མའི་པར་གཞི་དེ ལྷ་དབང་རྡོ་རྗེ།  ནས 2020-09-15 17:32ལ་འགྲུབ།

ཉིང་པཱོ་བཟོ་སྐྲུན་སློབ་གླིང་།

ཉིང་པཱོ་བཟོ་སྐྲུན་སློབ་གླིང་།
ཉིང་པཱོ་བཟོ་སྐྲུན་སློབ་གླིང་ནི་ཉིང་པཱོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཉེར་བའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་དངོས་གཞིའི་སློབ་གྲྭ་དཀྱུས་མ་ཞིག་ཡིན། ཉིང་པཱོ་བཟོ་སྐྲུན་སློབ་གླིང་ནི་དེ་སྔོན་གྱི་སྤྱི་ལོ1983ལོར་བཙུགས་པའི་ཉིང་པཱོ་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་ཡིན་ཞིང་། སྤྱི་ལོ2001ལོར་ཉིང་པོ་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་དང་ཟླ་སྒྲིལ་བཏང་ཞིང་། སྔར་བཞིན་ཉིང་པོ་མཐོ་རིམ་ཆེད་ཚན་སློབ་གྲྭ་ཟེར། སྤྱི་ལོ2008ལོར། ཆེད་སྦྱོང་སློབ་གྲྭ་ནས་དངོས་གཞི་སློབ་གྲྭར་རིམ་བསྒྱུར་བྱས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
宁波工程学院
དབྱིན་ཡིག་གི་མིང་།
NingBo University of Technology
བཙུགས་ལོ།
སྤྱི་ལོ1983ལོའི་ཟླ5བའི་ནང་བཙུགས།
སློབ་གྲྭའི་རིགས་དབྱེ།
རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ།
སློབ་སྒྲུབ་ངོ་བོ།
གཞུང་གཉེར་མཐོ་སློོབ།
གཞུང་ཕྱོགས་དྲ་གནས།
http://www.nbut.cn
ལས་ཐོག་སློབ་གཙོ།
ལུའེ་ཀྲོང་ཏཱ།
སློབ་གྲྭའི་ཚབ་ཨང་།
11058
གཙོ་གཉེར་ཚན་པ།
ཉིང་པཱོ་གྲོང་ཁྱེར་མི་དམངས་སྲིད་གཞུང་།
སློབ་གླིང་དང་སྡེ་ཁག་སྒྲིག་བཀོད།
དཔལ་འབྱོར་དོ་དམ་སློབ་གླིང་དང་། ཨར་ལས་བཟོ་སྐྲུན་སློབ་གླིང་། འཕྲུལ་ཆས་སློབ་གླིང་། མི་ཚུལ་སློབ་གླིང་སོགས་རིམ་པ་གཉིས་པའི་སློབ་གླིང12ཡོད།
1 ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ1983ལོར་ཉིང་པཱོ་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་གསར་འཛུགས་བྱས།  

སྤྱི་ལོ1988ལོར་ཀྲེ་ཅང་ཞིང་ཆེན་རླངས་འཁོར་ཁ་ལོ་བའི་ལག་རྩལ་བཟོ་པའི་སློབ་གྲྭ(ཉིང་པཱོ་ཡན་ལག་སློབ་གྲྭ)ཉིང་པཱོའི་འགྲིམ་འགྲུལ་ལག་རྩལ་བཟོ་པའི་སློབ་གྲྭར་བསྒྱུར།

སྤྱི་ལོ1995ལོར་ཉིང་པཱོ་འགྲིམ་འགྲུལ་སློབ་གྲྭ་བཙུགས། 

སྤྱི་ལོ1996ལོར་རྒྱལ་ཡོངས་ཀྱི་དཔེ་སྟོན་རང་བཞིན་གྱི་མཐོ་རིམ་དཀྱུས་མའི་ལས་གྲྭའི་ཆེད་སྦྱོང་གཙོ་གནད་འཛུགས་སྐྲུན་སློབ་གྲྭར་གྱུར། 

སྤྱི་ལོ1999ལོར་ཉིང་པཱོ་འགྲིམ་འགྲུལ་ལག་རྩལ་བཟོ་པའི་སློབ་གྲྭའི་མིང་ལ་ཉིང་པཱོ་འགྲིམ་འགྲུལ་མཐོ་རིམ་ལག་རྩལ་བཟོ་པའི་སློབ་གྲྭ་ཞེས་བསྒྱུར། 

སྤྱི་ལོ2000ལོར་ཉིང་པཱོ་འགྲིམ་འགྲུལ་སློབ་གྲྭ་དང་ཉིང་པཱོ་འགྲིམ་འགྲུལ་མཐོ་རིམ་ལག་རྩལ་བཟོ་པའི་སློབ་གྲྭ་ཟླ་སྒྲིལ་བཏང་ནས་ཉིང་པོ་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་བཙུགས། 

སྤྱི་ལོ2001ལོར་ཉིང་པཱོ་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་དང་ཟླ་སྒྲིལ་བཏང་ནས་སྔར་བཞིན་ཉིང་པཱོ་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་ཞེས་པའི་མིང་སོར་འཇོག་བྱས།

སྤྱི་ལོ2004ལོའི་ཟླ5བའི་ཚེས19ཉིན། སློབ་གསོ་པུའུ་ཡིས་བརྡ་སྦྱོར་བཏང་ནས། ཉིང་པཱོའི་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་ཉིང་པཱོ་བཟོ་སྐྲུན་སློབ་གླིང་དུ་རིམ་འཕར་བྱེད་བར་འཐད་པ་བྱུང་།

སྤྱི་ལོ 2010ལོར་སློབ་གསོ་པུའུ་ཡིས“ཕུལ་བྱུང་བཟོ་བཀོད་པའི་སློབ་གསོ་གསོ་སྐྱོང་འཆར་གཞི”ནང་བཞག་ནས་ལག་ཏུ་བསྟར་བའི་མཐོ་སློབ་ཁག་དང་པོར་གྱུར།

སྤྱི་ལོ2012ལོའི་ཟླ3ཚེས29ཉིན། ཉིང་པཱོ་བཟོ་སྐྲུན་སློབ་གླིང་དང་ཐུང་ཅི་སློབ་ཆེན་གྱིས་ཧང་ཀྲོའུ་ཝན་ཞིན་ཆུས་རླངས་འཁོར་སློབ་གླིང་མཉམ་དུ་བསྐྲུན་རྒྱུའི་གན་རྒྱ་དངོས་སུ་བཞག་པ་དང་། ལོ་དེའི་ཟླ་དགུ་པར་རླངས་འཁོར་སློབ་གླིང་གིས་སློབ་མ་བསྡུ་འགོ་ཚུགས།

སྤྱི་ལོ2018ལོའི་ཟླ3པར་སློབ་གསོ་པུའུ་ཡི་རྒྱལ་ཁབ་རིམ་པའི“བཟོ་རིག་ཚན་ཁག་གསར་པའི“ཞིབ་འཇུག་དང་ལག་ལེན་ལས་གཞི་ཁག་དང་པོའི་ནང་བདམས།

2 སློབ་སྒྲུབ་ཆ་རྐྱེན། 
2_1 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2020ལོའི་ཟླ9བའི་བར་སློབ་གླིང་ལ་ཆེད་བསྐོས་དགེ་རྒན772ཡོད་པའི་ནང་མཐོ་རིམ་རྒན་པའི་གོ་མིང་ཡོད་པའི་དགེ་རྒན71དང་། མཐོ་རིམ་གཞོན་པའི་གོ་མིང་ཡོད་པའི་དགེ་རྒན246ཡོད། འབུམ་རམས་པའི་བསླབ་གནས་ཡོད་པའི་དགེ་རྒན293བཅས་ཡོད། 

2_2 སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།

སྤྱི་ལོ2020ལོའི་ཟླ9བའི་བར། ཉིང་པཱོ་བཟོ་སྐྲུན་སློབ་གླིང་དུ་སློབ་གླིང(པུའུ)10དང་དངོས་གཞིའི་ཆེད་ལས40བཙུགས་ཡོད།

2_3 རིག་ཚན་འཛུགས་སྐྲུན།

སྤྱི་ལོ2020ལོའི་ཟླ9བའི་བར་ཉིང་པཱོ་བཟོ་སྐྲུན་སློབ་གླིང་ལ་ཞིང་ཆེན་མཐོ་སློབ་ཀྱི་གཙོ་གནད་རིག་ཚན6ཡོད།

3 རིག་གཞུང་ཞིབ་འཇུག
3_1 ཚན་རིག་ཞིབ་འཇུག་ལས་ཁུངས།

ཉིང་པཱོ་བཟོ་ལས་སློབ་གླིང་དུ་མཐོ་རིམ་སློབ་གསོ་ཞིབ་འཇུག་སུའོ་དང་། བཀོལ་སྤྱོད་རྫས་འགྱུར་ཞིབ་འཇུག་སུའོ། སློབ་གྲྭ་རིམ་པའི་ཞིབ་འཇུག་སུའོ། རྒྱུ་ཆ་བཟོ་སྐྲུན་ཞིབ་འཇུག་སུའོ། ཐོན་རྫས་ཇུས་འགོད་ཞིབ་འཇུག་སུའོ། འགྲིམ་འགྲུལ་སྐྱེལ་འདྲེན་ཞིབ་འཇུག་སུའོ། ཕྱིའི་སྐད་ཡིག་རྩོམ་རིག་ཞིབ་འཇུག་སུའོ། གྲོང་ཁྱེར་རིག་གནས་ཞིབ་འཇུག་སུའོ། སྡོམ་རྩིས་དང་ཆ་འཕྲིན་ལག་རྩལ་ཞིབ་འཇུག་སུའོ། ས་གནས་རིག་གནས་ཞིབ་འཇུག་སུའོ། དོ་དམ་བཟོ་སྐྲུན་ཞིབ་འཇུག་སུའོ་སོགས་ཞིབ་འཇུག་སུའོ17དང་། བཟོ་སྐྲུན་སློབ་གསོ་ཞིབ་འཇུག་ལྟེ་གནས་དང་རྒྱལ་སྤྱིའི་གྲུ་ཁ་དང་དངོས་ཟོག་སྐྱེལ་འདྲེན་ཞིབ་འཇུག་ལྟེ་གནས། དེང་རབས་དངོས་ཟོག་སྐྱེལ་འདྲེན་ཞིབ་འཇུག་ལྟེ་གནས། གྲུ་ཁའི་གྲོང་ཁྱེར་འཕེལ་རྒྱས་དང་ཁོར་ཡུག་ཞིབ་འཇུག་ལྟེ་གནས་སོགས་ཞིབ་འཇུག་ལྟེ་གནས5ཡོད། 

3_2 ཚན་རིག་ཞིབ་འཇུག་གི་གྲུབ་འབྲས།

སྤྱི་ལོ2020ལོའི་ཟླ9བའི་བར། ཉིང་པཱོ་བཟོ་སྐྲུན་སློབ་གླིང་གིས་རྒྱལ་ཁབ་རིམ་པའི་ལས་གཞི13དང་ཞིང་ཆེན་རིམ་པའི་ལས་གཞི47འགན་ཁུར་ཡོད། ཚན་རིག་ཞིབ་འཇུག་གི་གྲོན་དངུལ་སྒོར་དུང་ཕྱུར1.79བཏང་། ཞིང་ཆེན་རིམ་པའི་ཚན་རྩལ་ཡར་ཐོན་བྱ་དགའ5ཐོབ། དཔྱད་རྩོམ1721ཡོངས་བསྒྲགས་སུ་སྤེལ། རིག་གཞུང་ཆེད་རྩོམ་དང་སློབ་དེབ148དཔེ་སྐྲུན་བྱས།

3_3 རིག་གཞུང་ཐོན་ཁུངས།

སྤྱི་ལོ2020ལོའི་ཟླ9བའི་བར། སློབ་གླིང་གི་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་ཡོད་པའི་ཤོག་བུའི་དཔེ་དེབ་ཁྲི132.9ལྷག་ཙམ་དང་རྒྱ་ཡིག་གློག་རྡུལ་དཔེ་དེབ་ཁྲི་89.2ཡོད། ཀྲུང་གོ་དང་ཕྱི་རྒྱལ་གྱི་ཡི་གེའི་དུས་དེབ་རིགས1200ལྷག་ཙམ་དང་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཡི་གེའི་གློག་རྡུལ་དུས་དེབ་རིགས23600ལྷག་ཙམ་ཡོད།


དཔྱད་གཞིའི་ཡིག་ཆ།