ཅང་ཞི་ཀྲུང་ལུགས་གསོ་རིག་སློབ་ཆེན་ཚན་རྩལ་སློབ་གླིང་།སྔ་མའི་པར་གཞི་དེ གདོང་བསོད་ནམས  ནས 2020-09-15 16:02ལ་འགྲུབ།

ཅང་ཞི་ཀྲུང་ལུགས་གསོ་རིག་སློབ་ཆེན་ཚན་རྩལ་སློབ་གླིང་།

ཅང་ཞི་ཀྲུང་ལུགས་གསོ་རིག་སློབ་ཆེན་ཚན་རྩལ་སློབ་གླིང་།
ཅང་ཞི་ཀྲུང་ལུགས་གསོ་རིག་སློབ་ཆེན་ཚན་རྩལ་སློབ་གླིང་ནི་རྒྱལ་ཁབ་སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད་བཙུགས་པའི་དམངས་གཉེར་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་དངོས་གཞིའི་སློབ་གླིང་ཞིག་ཡིན་ལ། སློབ་གླིང་ནི་ཅང་ཞི་ཞིང་ཆེན་ནན་ཁྲང་གྲོང་ཁྱེར་དུ་གནས་ཤིང་མཚོ་ཁུག་དང་ཧྥུ་ཧྲེང་སློབ་ཁུལ་གཉིས་ཡོད་པ་དེས་རྒྱ་ཁྱོན་མུའུ606.7ཟིན། དེའི་ནང་ཝན་ལི་སློབ་ཁུལ་གསར་པ(སློབ་ཁུལ་གཙོ་བོ)ནི་ཡུལ་ལྗོངས་མིང་གྲགས་ཅན་མེ་ལིན་རི་བོའི་འདབས་སུ་གནས་ཤིང་རྒྱ་ཁྱོན་མུའུ470.77ཟིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
江西中医药大学科技学院
གཙོ་གཉེར་སྡེ་ཁག
ཅང་ཞི་ཞིང་ཆེན་སློབ་གསོ་ཐིང་།
དབྱིན་ཡིག་གི་མིང་།
jiangxi university of traditional chinese medicine
གནས་ཡུལ།
ནན་ཁྲང་གྲོང་ཁྱེར་ཞི་ཧོ་ཁུལ་གྱི་ཧྥུ་ཧྲིན་ལམ་ཨང666
བཙུགས་ལོ།
སྤྱི་ལོ2001ལོར།
སློབ་སྒྲུབ་ངོ་བོ།
དམངས་བཙུགས་སློབ་ཆེན།
སློབ་གྲྭའི་རིགས་དབྱེ།
སྨན་གྱི་སྐོར།
སློབ་གྲྭའི་ཁྱད་ཆོས།
རང་ཚུགས་སློབ་གླིང་།
བྱ་དགའ་གཙོ་བོ།
རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་སྔོན་སློབ་གསོའི་སྔོན་ཐོན་ཚན་པ། ཅང་ཞི་ཞིང་ཆེན་མཐོ་རིམ་སློབ་གྲྭའི་བསམ་བློ་ཆབ་སྲིད་སྔོན་ཐོན་ཚན་པ། ཅང་ཞི་ཞིང་ཆེན་སེམས་ཁམས་སློབ་གསོ་དང་བློ་འདྲིའི་ལས་དོན་གྱི་ཕུལ་བྱུང་སློབ་གྲྭ་སོགས།
1 ​སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
1_1 ནད་ཐོག་གསོ་རིག་སྡེ་ཁག 

དེ་སྔ་ཅང་ཞི་ཀྲུང་ལུགས་གསོ་རིག་སློབ་གླིང་གི་ཚན་རྩལ་སློབ་གླིང་གི་གསོ་རིག་པུའུ་བཙུགས་པ་དང་ད་ལྟ་དགེ་རྒན་དང་ལས་བཟོ་བ29ཡོད་པའི་ནང་འབུམ་རམས་པ2(སློབ་སྦྱོང་བྱེད་བཞིན་ཡོ་)དང་རབ་འབྱམས་པ8ཡོད། ཚན་ཁག་འདིས་གསོ་སྐྱོང་བྱས་པའི་སློབ་མ་ཚང་མ་སློབ་ཆེན་གྱི་ལོ་ལྔའི་ལམ་ལུགས་ཀྱི་གསོ་རིག་རབ་འབྱམས་པ་ཡིན་ལ། ད་ཆ་ཀྲུང་ལུགས་གསོ་རིག་དང་། ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་གི་ནད་ཐོག་གསོ་རིག ཁབ་བཙའི་མཉེད་འཕུར་རིག་པ། ཀྲུང་ལུགས་གསོ་རིག(རུས་རྨས་ཁ་ཕྱོགས)བཅས་ཀྱི་ཆེད་ལས་གཙོ་བོ4ཡོད་པ་དང་། གཞན་ཡང་བཤང་ལམ་དང་པགས་ནད། ལུས་གསོའི་གསོ་རིག ནུ་རྨེན་ནད། ཕོ་ནད་ཚན་ཁག མོ་ནད་ཚན་ཁག པགས་པའི་མཛེས་བཟོའི་ཆེད་ལས་ཚན་ཁག་བཅས་དུས་མཇུག་གི་ནད་ཐོག་སྨན་བཅོས་ཆེད་ཚན་གྱི་གནས་གཏན་འཁེལ་གྱི་གསོ་སྐྱོང་ཆེད་ལས8ཡོད། གསེར་ཁབ་མཉེད་འཕུར་ཚོད་ལྟ་ཁང་དང་མཛེས་བཟོ་ཚོད་ལྟ་ཁང་ཡང་བཙུགས་ཤིང་། མིག་སྔར་ཚན་ཁག་དེ་རང་གི་དགེ་རྒན་གྱིས་ཞིང་ཆེན་དང་ཐིང་རིམ་པ་ཡན་གྱི་ཞིབ་འཇུག་བྱ་གཞི་ཁག10ལྷག་ཙམ་གཙོ་སྐྱོང་དང་དེའི་ནང་ཞུགས་ཡོད། སློབ་དེབ5རྩོམ་སྒྲིག་དཔེ་སྐྲུན་བྱས་ཡོད་ཅིང་ལྟེ་བའི་དུས་དེབ་ཐོག་དཔྱད་རྩོམ20ལྷག་ཙམ་སྤེལ་བ་དང་ཞིང་ཆེན་རིམ་པའི་དུས་དེབ་ཐོག་དཔྱད་རྩོམ60ལྷག་ཙམ་སྤེལ་ཡོད། 

1_2 སྨན་རྫས་རིག་པའི་སྡེ་ཁག

སྤྱི་ལོ2003ལོར་སྨན་རྫས་རིག་པའི་ཚན་ཁག་བཙུགས་པ་ནས་བཟུང་། ལོ་འགའི་རིང་འབད་བརྩོན་གྱིས་འཛུགས་སྐྲུན་བྱས་པ་བརྒྱུད་འཕེལ་རྒྱས་ཀྱི་རྨང་གཞི་ཅུང་ལེགས་པོ་བཏིང་ཡོད་ལ། མིག་སྔར་དགེ་རྒན་དང་ལས་བྱེད་པ12ཡོད་པའི་ནང་ཏང་ཡོན11ཡོད། དགེ་རྒན་ཆེན་མོ་གཞོན་པ1དང་འཆད་ཁྲིད་དགེ་རྒན4 ལས་རོགས་དགེ་རྒན7ལ་རབ་འབྱམས་པའི་སློབ་གཉེར་བརྒྱུད་རིམ7ཡོད་པ་རེད། དངོས་གཞིའི་ཚན་ཁག་གི་སློབ་མ5ཡོད་པའི་ནང་འབུམ་རམས་པའི་བསླབ་གནས3 སློབ་སྦྱོང་བྱེད་བཞིན་ཡོད་པ་དང་རབ་འབྱམས་པའི་བསླབ་གནས3སློབ་སྦྱོང་བྱེད་བཞིན་ཡོད་ལ། དགེ་རྒན་གྱིས་སྔ་རྗེས་སུ་རྒྱལ་ཁབ་རིམ་པའི་ཞིབ་འཇུག་བྱ་གཞི4ལ་གཙོ་སྐྱོང་དང་དེའི་ནང་ཞུགས་ཤིང་། ཞིང་ཆེན་རིམ་པའི་ཚན་རྩལ་རྣམ་གྲངས16དང་སློབ་གྲྭ་རིམ་པའི་ཞིབ་འཇུག་བྱ་གཞི1བཅས་ཡོད་པ་རེད། ཞིང་ཆེན་རིམ་པའི་སློབ་གསོ་སྒྱུར་བཅོས་ཀྱི་ཞིབ་འཇུག་བྱ་གཞི10ཡོད་པ་དང་སྔ་རྗེས་སུ་དཔྱད་རྩོམ48སྤེལ་བ་དང་། དེའི་ནངSCIདཔྱད་རྩོམ2ཡོད་པ་དང་། གཙོ་སྒྲིག་པ་དང་རྩོམ་ཞུགས་གསུང་རྩོམ3ཡོད། སྔ་རྗེས་སུ་གྲོང་ཁྱེར་གྱི་ཐིང་རིམ་པ་ཡན་གྱི་མཚན་སྙན་ཁག6ཐོབ། 

1_3 ནད་སྐྱོང་སྡེ་ཁག

ད་ལྟ་སློབ་ཁྲིད་དང་སློབ་མའི་དོ་དམ་ལས་བྱེད་པ13ཡོད་པ་དང་། ཕྱི་ནས་དགེ་རྒན38གདན་ཞུ་བྱས་ཡོད་ལ། དེའི་ནང་དགེ་རྒན་ཆེན་མོ་དང་ཀྲུའུ་རེན་ནད་གཡོག་པ9ཡོད་པ་དང་། དགེ་རྒན་གཞོན་པ་དང་ཀྲུའུ་རེན་གཞོན་པ14ཡོད། འབྲིང་རིམ་མི18ཡོད་པ་དང་དམའ་རིམ་མི7ཡོད། ནད་སྐྱོང་ཚན་ཁག་གི་ད་ཡོད་ཀྱི་རྨང་གཞིའི་ནད་གཡོག་དང་། ལད་ཟློས་ནད་ཁང་། ཕྱི་ནད་ཚན་ཁག་གི་འདྲ་བཟོའི་གཤག་བཅོས་ཁང་། བུད་མེད་དང་ཕྲུ་གུ་དམར་འབྱར་གྱི་ཕྱོགས་བསྡུས་ཚོད་ལྟ་ཁང་། ཚན་ཁག་གི་ཉན་རེག་ནད་དཔྱད་ཚོད་ལྟ་ཁང་། ལད་ཟློས་ནད་གཡོག་ས་ཚིགས་སོགས་ཚོད་ལྟ་ཁང9ཡོད་ཅིངཚོད་ལྟའི་ཁང་པའི་རྒྱ་ཁྱོན་སྨི་ངོས་གྲུ688ཟིན་ཡོད། སྤྱིལོ2003ལོའི་རྗེས་སུ་སྒོར་ཁྲི350ཡི་ཆེད་ལས་སྒྲིག་ཆས་ཉོས་ཤིང་། སྤྱིར་བཏང་གི་དངོས་བཤེར་ལ་བཀོལ་བའི་དངོས་པོ་ལས་གཞན། KAF/CPR300ཅན་གྱི་མཐོ་རིམ་གློ་སྙིང་བརྟག་དཔྱད་ཆས། བྱིས་པའི་མགོ་ལ་ཁབ་རྒྱག་པའི་དཔེ་དབྱིབས། DFX-WAདབྱིབས་ཀྱི་རང་འགུལ་ཕོ་འཁྲུད་འཕྲུལ་ཆས། DFX-23Cགློག་སྒུལ་འཇིབ་འདྲེན་འཕྲུལ་ཆས་སོགས་སྤྱད་དེ་ཚོད་ལྟ་སྦྱོང་བརྡར་བྱེད་པར་ཁག་ཐེག་བྱེད་ཐུབ་ལ། སློབ་གླིང་གི་ནད་གཡོག་ཆེད་ལས་དཔེ་དེབ་ལ་ཆེད་ལས་དཔེ་དེབ3000ལྷག་ཙམ་ཡོད་པ་དང་། མ་དངུལ་སྒོར་ཁྲི60ལྷག་ཙམ་བཏང་ཡོད།

2 དགེ་རྒན་གྱི་དཔུང་སྡེ།

སློབ་གླིང་ལ་ད་ལྟ་ཆེད་བསྐོས་དགེ་རྒན274ཡོད་པ་དེའི་ནང་ཚུད་ཡོད། མཐོ་རིམ་གཞོན་པ་ཡན་གྱི་དགེ་རྒན་གྱིས་བཟུང་བའི་བསྡུར་ཚད58%དང་འབུམ་རམས་པ18ཡོད། རབ་འབྱམས་པའི་ཡོན་གནས་ཡན་གྱི་དགེ་རྒན113ཡོད། དགེ་རྒན་བསྡོམས་གྲངས་ཀྱི་བརྒྱ་ཆ41.2ཟིན་པ་དང་། ཞིང་ཆེན་རིམ་པའི་སློབ་ཁྲིད་དགེ་རྒན་གྲགས་ཅན5ཡོད། ཞིང་ཆེན་རིག་ཚན་གྱི་སྣེ་ཁྲིད་པ་དང་ཞིང་ཆེན་རྐང་འཛིན་དགེ་རྒན8ཡོད་པ་དང་། འཛམ་གླིང་ལུས་སྦྱོང་གི་ཨང་དང་པོ་ཐོབ་མཁན་བྱིས་པ་མིན་པ་སོགས་ཀྱི་དགེ་རྒན་ཆེན་མོ12ཡོད། གཞན་ཡང་སློབ་ཐོན་དངོས་སྦྱོང་སློབ་ཁྲིད་དགེ་རྒན་འབོར་ཆེན་ཞིག་རྒྱལ་ཡོངས་ཀྱི་ལག་ལེན་སློབ་ཁྲིད་རྟེན་གཞི200ལྷག་ཙམ་དུ་ལས་ཀ་བྱེད་ཀྱིན་ཡོད། སློབ་གླིང་དུ་ད་ལྟ་གསོ་རིག་དང་སྨན་རིག དཔལ་འབྱོར་དང་དོ་དམ། ཆ་འཕྲིན་ལས་གྲྭ། བདག་སྐྱོང་བཅས་སྡེ་ཁག་ལྔ་བཙུགས་ཡོད། དངོས་གཞིའི་ཚན་ཁག་གི་ཆེད་ལས20དང་ཆེད་ལས་ཁ་ཕྱོགས། ཆེད་ལས་གཙོ་བོ་སྨན་བཅོས་ལས་རིགས་ལ་ཁ་ཕྱོགས་པ་དང་། སྤྱི་ཚོགས་ཀྱི་དགོས་མཁོ་ཅུང་ཆེ་བ་དང་ལས་ཞུགས་ཀྱི་མདུན་ལམ་ཅུང་ལེགས་ཤིང་ལྷག་པར་དུ་རང་ལས་སྐྲུན་ལ་འཚམ་པོ་ཡོད། 

3 སློབ་ཁྲིད་སྒྲིག་བཀོད།

སློབ་གྲྭའི་ནང་གི་སློབ་ཁྲིད་དང་འཚོ་བའི་སྒྲིག་བཀོད་ཆ་ཚང་ཞིང་གསར་དུ་བསྐྲུན་པའི་ཐོག་སོ12ཀྱི་དཔེ་མཛོད་ཁང་དང་སློབ་ཁྲིད་ཚོད་ལྟའི་ཕྱོགས་བསྡུས་ཐོག་བརྩེགས་ཁང་ཆེན་བེད་སྤྱོད་བཏང་ནས་དེའི་སློབ་གཉེར་ཆ་རྐྱེན་ལེགས་སུ་ཤུགས་ཆེན་གཏོང་རྒྱུ་དང་། གསར་དུ་བསྐྲུན་པའི་སློབ་མའི་ལས་ཤག་གསུམ། མི4ཅན་དང6ཅན། 8ཅན་གྱི་ཚད་གཞི་གསུམ་ཡོད་པ་ཚང་མར་བརྙན་འཕྲིན་དང་། ཁ་པར་བཅས་སྒྲིག་སྦྱོར་བྱས་ཡོད་ལ། དེའི་ནང་མི4ཅན་དང6ཅན་ལ་རང་ཚུགས་ཀྱི་གསང་སྤྱོད་བཀོད་སྒྲིག་བྱས། སློབ་ཁྲིད་ཐོག་ཁང་དུ་སློབ་ཁྲིད་ཀྱི་ཆ་འཕྲིན་འདྲི་རྩད་སྟེགས་བུ་དང་སློབ་ཁྲིད་ལྟ་སྐུལ་ཚོད་འཛིན་མ་ལག་སྒྲིག་སྦྱོར་བྱས་ཡོད། སློབ་ཁང་དུ་སྨྱན་མང་གཟུགས་ཀྱི་གློག་ཀླད་དང་། གཤེར་ཤེལ་བརྙན་ཕབ་འཕྲུལ་འཁོར། གསལ་ཚད་མཐོ་བའི་བརྙན་ལམ་འགྲེམས་སྟེགས་སོགས་དེང་རབས་ཅན་གྱི་སློབ་ཁྲིད་སྒྲིག་ཆས་སྒྲིག་སྦྱོར་བྱས་ཡོད་ལ། དེང་རབས་ཅན་གྱི་སྐད་བརྡའི་སློབ་ཁང་དང་གློག་ཀླད་ཁང་ཆུང་སོགས་སྤྱི་པའི་སློབ་ཁྲིད་སྒྲིག་བཀོད་བཙུགས་ཤིང་སློབ་གྲྭའི་ནང་ལན་ཆིའུ་སྤོ་ལོ་ཐང་དང་། བྱ་སྒྲོའི་སྤོ་ལོ་ཐང་། ཕིང་ཕང་སྤོ་ལོ་ཁང་སོགས་ལུས་རྩལ་སྒྲིག་བཀོད་དང་རིག་གནས་ཐང་ཆེན་བསྐྲུན་ཡོད། སློབ་མའི་ཟ་ཁང་དུ་དབྱི་སི་ལམ་གྱི་ཟ་ཁང་བཙུགས་ནས་གྲངས་ཉུང་མི་རིགས་ཀྱི་སློབ་མའི་དགོས་མཁོ་སྐོང་བ་དང་། ལྡུམ་རའི་ནང་གྲོན་དངུལ་སྤྲོད་པ་དང་། ཟ་མ་ཟ་བ། ཁྲུས་རྒྱག་པ། དངོས་ཟོག་ཉོ་བ་སོགས་ཀྱི་འཛད་སྤྱོད་དང་དཔེ་དེབ་གཡར་གནང་དོ་དམ་ལག་བསྟར་བྱས་ཡོད། 

དཔྱད་གཞིའི་ཡིག་ཆ།