གུང་ཆིང་ཚན་རྩལ་ལས་རིགས་སློབ་གླིང་།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2020-09-27 09:04ལ་འགྲུབ།

གུང་ཆིང་ཚན་རྩལ་ལས་རིགས་སློབ་གླིང་།

གུང་ཆིང་ཚན་རྩལ་ལས་རིགས་སློབ་གླིང་།
གུང་ཆིང་ཚན་རྩལ་ལས་རིགས་སློབ་གླིང་ནི་རྒྱལ་ཁབ་སློབ་གསོ་པུས་ཆོག་མཆན་སྤྲད་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་གཙོ་གནད་མཐོ་སློབ་ཅིག་ཡིན། ཅང་ཞི་ཞིང་ཆེན་གུང་གཞོན་གྲོང་ཁྱེར་དུ་གནས་ཡོད་པ་དང་། རྒྱ་ཁྱོན་ལ་མུའུ1409ལྷག་ཡོད་པ་དང་དེང་རབས་ཅན་གྱི་འཛུགས་སྐྲུན་གྱི་སྨི་གྲུ་བཞི་མ་ཁྲི20ཟིན་ཡོད། ཆེད་ལས་ཚོད་ལྟ་ཁང168ཡོད། རང་བྱུང་རིག་པ་དང་། བཟོ་རིག ཨར་ལས་རིག་པ། ཚོང་ལས་རིག་པ། རྩོམ་རིག མཚོ་འགྲུལ་རིག་པ། དཔལ་འབྱོར་རིག་པ། དོ་དམ་རིག་པ། སྒྱུ་རྩལ་རིག་པ་སོགས་རིག་ཚན10ལྷག་གི་ཆེད་ལས་བཅུ་ཕྲག་ལྷག་བཙུགས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
共青科技职业学院
ཕྱི་ཡིག་གི་མིང་།
GongQing Institute Of Science And Technology
བཙུགས་ལོ།
སྤྱི་ལོ1999ལོ།
རྣམ་པ།
ཕྱོགས་བསྡུས་རང་བཞིན་གྱི་མཐོ་སློབ།
རིགས་དབྱེ།
རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སྐོར།
ངོ་བོ།
ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མ།
ཁོངས་གཏོགས་ས་ཁུལ།
ཀྲུང་གོ་གུང་ཆིང་གྲོང་ཁྱེར།
ལས་ཐོག་སློབ་གཙོ།
ཡའོ་ཏེན།
གཙོ་གཉེར་སྡེ་ཁག
ཅང་ཞི་ཞིང་ཆེན་སློབ་གསོ་ཐིང་།
སློབ་གླིང་དང་སྡེ་ཁག
མཚོ་འགྲུལ་སློབ་གླིང་། བཟོ་སྐྲུན་སློབ་གླིང་། དཔལ་འབྱོར་དོ་དམ་སློབ་གླིང་། སྒྱུ་རྩལ་སློབ་གླིང་། སློབ་གསོའི་སློབ་གླིང་། ནད་གཡོག་སློབ་གླིང་སོགས།
གནས་ཡུལ།
ཅང་ཞི་ཞིང་ཆེན་གུང་ཅིང་ཁྲེང་གྲོང་ཁྱེར་གྱི་གུང་ཆིང་ལམ་ཆེན་ཨང1པོ།
སློབ་གྲྭའི་ཚབ་ཨང་།
14403
གཞུང་ཕྱོགས་དྲ་གནས།
http://www.gqkj.com.cn
1 ​ངོ་སྤྲོད།

གུང་ཆིང་ཚན་རྩལ་ལས་རིགས་སློབ་གླིང་ནི་རྒྱལ་ཁབ་སློབ་གསོ་པུས་ཆོག་མཆན་སྤྲད་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་གཙོ་གནད་མཐོ་སློབ་ཅིག་ཡིན། ཅང་ཞི་ཞིང་ཆེན་གུང་གཞོན་གྲོང་ཁྱེར་དུ་གནས་ཡོད་པ་དང་། རྒྱ་ཁྱོན་ལ་མུའུ1409ལྷག་ཡོད་པ་དང་དེང་རབས་ཅན་གྱི་འཛུགས་སྐྲུན་གྱི་སྨི་གྲུ་བཞི་མ་ཁྲི20ཟིན་ཡོད། ཆེད་ལས་ཚོད་ལྟ་ཁང168ཡོད། རང་བྱུང་རིག་པ་དང་། བཟོ་རིག ཨར་ལས་རིག་པ། ཚོང་ལས་རིག་པ། རྩོམ་རིག མཚོ་འགྲུལ་རིག་པ། དཔལ་འབྱོར་རིག་པ། དོ་དམ་རིག་པ། སྒྱུ་རྩལ་རིག་པ་སོགས་རིག་ཚན10ལྷག་གི་ཆེད་ལས་བཅུ་ཕྲག་ལྷག་བཙུགས་ཡོད།

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1999ལོའི་ཟླ5བར་ཅང་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་ཅང་ཞི་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ལས་རིགས་སློབ་གླིང་དངོས་སུ་སྒོ་བྱང་བཀལ་ནས་བཙུགས།    

སྤྱི་ལོ2006ལོའི་ཟླ5བར་རྒྱལ་ཡོངས་ཀྱི་སློབ་གསོ་སློབ་ཁྲིད་དོ་དམ་དཔེ་སྟོན་མཐོ་རིམ་སློབ་གྲྭར་བདམས།

སྤྱི་ལོ2008ལོའི་ཟླ12པར་ཀྲུང་གོའི་ལས་ཞུགས་འགྲན་རྩོད་ནུས་པ་ཆེ་ཤོས་ལྡན་པའི་སློབ་གླིང་དུ་བདམས།

སྤྱི་ལོ2009ལོའི་ཟླ4བར་ཅང་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་བསླབ་གནས་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་ཐོབ་རྗེས་ཤེས་རམས་པའི་ཡོན་གནས་སྤྲོད་དབང་ཡོད་པའི་ཚན་པར་གྱུར།

2010ལོའི་ཟླ8པར་རྒྱལ་ཡོངས་ཀྱི་གློག་རྡུལ་གློག་ཀླད་འགྲན་བསྡུར་ཆེན་མོའི་བྱ་དགའ་རིམ་པ་དང་པོ་ཐོབ།    

སྤྱི་ལོ2011ལོའི་ཟླ་དང་པོར་ཅང་ཞི་ཞིང་ཆེན་གྱི་སྐྱེད་ཚལ་སྔོ་འགྱུར་གྱི་སྔོན་ཐོན་ཚན་པར་བདམས།  

སྤྱི་ལོ2011ལོའི་ཟླ12པར་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་སྔོན་ཐོན་ཚོགས་པའི་མཚན་སྙན་ཐོབ།

སྤྱི་ལོ2015ལོའི་ཟླ3པར“ཅང་ཞི་ཞིང་ཆེན་ས་གཤིས་བརྟག་དཔྱད་ཇུས་འགོད་ཁང་གི་ལས་གཏོད་ཤེས་ལྡན་པའི་གསོ་སྦྱོང་རྟེན་གཞིའི”སྒོ་བྱང་དངོས་སུ་བཀལ།

3 དགེ་རྒན་གྱི་དཔུང་སྡེ།

སློབ་གླིང་དུ་ཆེད་བསྐོས་དགེ་རྒན326ཡོད་པ་དང་། འབུམ་རམས་པའི་སློབ་གཉེར་བརྒྱུད་རིམ་ལྡན་པའི་དགེ་རྒན36དང་རབ་འབྱམས་པའི་སློབ་གཉེར་བརྒྱུད་རིམ་ལྡན་པའི་དགེ་རྒན181ཡོད། དེའི་ནང་དགེ་རྒན་གཞོན་པ106དང་ཉིས་འཇོན་རྣམ་པའི་དགེ་རྒན169ཡོད།

4 ཆེད་ལས།

སློབ་གླིང་དུ་གློག་གཞི་གཅིག་ཅན་དང་ལུགས་ཆས་ཇུས་འགོད་བཟོ་སྐྲུན། གློག་རྡུལ་ཆ་འཕྲིན་ལས་གྲྭའི་ལག་རྩལ། མཚོ་འགྲུལ་ལག་རྩལ། འཁོར་སྐྱོད་འཕྲུལ་འཁོར་ལས་གྲྭའི་ལག་རྩལ། ཨར་ལས་ལས་གྲྭའི་ལག་རྩལ། བཟོ་ཚོང་ཁེ་ལས་དོ་དམ། ཁོར་ཡུག་སྒྱུ་རྩལ་ཇུས་འགོད། གྱོན་ཆས་ཇུས་འགོད་འཁྲབ་སྟོན། རླངས་འཁོར་ཉམས་གསོ་དང་ཞིབ་དཔྱད། གྲངས་འཛིན་ལག་རྩལ། མཉེན་ཆས་ལས་གྲྭ། འགུལ་རིས་ཇུས་འགོད། འཇར་པན་གྱི་སྐད། ཡུལ་སྐོར་དོ་དམ། སྒྱུ་རྩལ་ཇུས་འགོད། རོལ་དབྱངས་སློབ་གསོ། ཁྲོམ་རའི་ཚོང་གཉེར། རྩིས་འཁོར་དྲ་རྒྱའི་ལག་རྩལ། རྒྱལ་སྤྱིའི་ཚོང་དོན། སློབ་གསོ་དོ་དམ། སློབ་ཞུགས་སྔོན་གྱི་སློབ་གསོ། སྲིད་འཛིན་དོ་དམ། བཟའ་བཏུང་དོ་དམ། བཅའ་ཁྲིམས་གསར་འགྱུར་རིག་པ། མཛེས་རྩལ་སློབ་གསོ། དངུལ་རྩ་སོགས་ཀྱི་ཆེད་ལས་ཡོད།

5 སློབ་གླིང་དང་སྡེ་ཁག

སློབ་གླིང་དུ་མཚོ་འགྲུལ་སློབ་གླིང་། བཟོ་སྐྲུན་སློབ་གླིང་། དཔལ་འབྱོར་དོ་དམ་སློབ་གླིང་། སྒྱུ་རྩལ་སློབ་གླིང་། སློབ་གསོའི་སློབ་གླིང་། ནད་གཡོག་སློབ་གླིང་བཅས་ཡོད།

6 སློབ་གྲྭའི་ཁོར་ཡུག

སློབ་གླིང་ནང་དུ་འཇིག་རྟེན་འཕུར་སྐྱོད་ཁང་ཆེན་དང་། སློབ་ཁྲིད་སྲིད་འཛིན་ཐོག་བརྩེགས་ཁང་ཆེན། མཐོ་རིམ་དངོས་སྦྱོང་ལྟེ་གནས། མཚོ་འགྲུལ་དངོས་སྦྱོང་ལྟེ་གནས། ཆུ་ཐོག་དངོས་སྦྱོང་རྟེན་གཞི། མཐོ་རིམ་སློབ་མའི་ལས་ཤག་དང་། དཔེ་མཛོད་ཁང་། མི་ཁྲི་ལུས་རྩལ་ཐང་། ཁང་པའི་ནང་གི་དྲོད་གཏན་ཆུ་རྐྱལ་ཁང་། རིག་གནས་བར་ཁྱམས་སོགས་འཛུགས་སྐྲུན་སྒྲིག་བཀོད་ཁག་ཆ་ཚང་ཡོད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

སློབ་གླིང་། སྡེ་ཁག འགོ་ཁྲིད།