ཅང་སུའུ་མཁའ་བསྐྱོད་ལས་རིགས་ལག་རྩལ་སློབ་གླིང་།སྔ་མའི་པར་གཞི་དེ ལྷ་དབང་རྡོ་རྗེ།  ནས 2020-09-09 15:50ལ་འགྲུབ།

ཅང་སུའུ་མཁའ་བསྐྱོད་ལས་རིགས་ལག་རྩལ་སློབ་གླིང་།

ཅང་སུའུ་མཁའ་བསྐྱོད་ལས་རིགས་ལག་རྩལ་སློབ་གླིང་།
ཅང་སུའུ་མཁའ་བསྐྱོད་ལས་རིགས་ལག་རྩལ་སློབ་གླིང་ནི་ཅང་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་ནས་བཙུགས་པ་དང་། རྒྱལ་ཁབ་སློབ་གསོ་པུའུ་ཡིས་ཐོ་འགོད་བྱས་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་ཆེད་སྦྱོང་རིམ་པའི་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན་ལ། ཅང་སུའུ་ཞིང་ཆེན་གྱི་མཁའ་བསྐྱོད་ལས་རིགས་ཆེད་ལས་ཀྱི་མཐོ་རིམ་ལས་རིགས་སློབ་གྲྭ་ཐོག་མ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
江苏航空职业技术学院
དབྱིན་ཡིག་གི་མིང་།
Jiangsu Aviation Technical College
བཙུགས་ལོ།
སྤྱི་ལོ2016ལོར་བཙུགས།
སློབ་གྲྭའི་རིགས་དབྱེ།
རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་རིགས།
སློབ་སྒྲུབ་ངོ་བོ།
གཞུང་གཉེར་མཐོ་སློབ།
རྣམ་པ།
ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་ལས་རིགས་སློབ་གླིང་།
ལས་ཐོག་སློབ་གཙོ།
ཕུའུ་ཧོང་ཀྲུང་།
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
མཁའ་སྐྱོད་བཟོ་སྐྲུན་སློབ་གླིང་། མཁའ་འགྲུལ་འཕུར་བསྐྱོད་སློབ་གླིང་། རྒྱུན་མཐུད་སློབ་གསོའི་སློབ་གླིང་། རིག་གནས་དང་རང་བྱུང་ཚན་རིག་སློབ་གླིང་བཅས་ཡོད།
1 ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ2015ལོའི་ཟླ6པར་རྨང་གཞིའི་སྒྲིག་བཀོད་ཚང་མ་བསྐྲུན་ནས་རྩིས་སྤྲོད་ཀྱི་ཆ་རྐྱེན་འཛོམས་པ་དང་འབྲེལ་སྒྲིག་ཆས་དང་སྒྲིག་བཀོད་ཉོ་སྒྲུབ་བྱས།

སྤྱི་ལོ2015ལོའི་ཟླ8པར་སློབ་བསྡུའི་ཇུས་གཞི་ཞིང་ཆེན་སྲིད་གཞུང་ལ་སྙན་ཞུ་བྱས།

སྤྱི་ལོ2015ལོའི་ཟླ9པར་ཞིང་ཆེན་གྱི་རིགས་གཅིག་མཁས་ཅན་ཚོགས་པ་གྲོང་རྡལ་དུ་གདན་འདྲེན་ཞུས་ནས་སློབ་གྲྭར་ཞིབ་བཤེར་རྩིས་ལེན་བྱེད་དང་འབྲེལ་ལེགས་བཅོས་ཀྱི་བསམ་འཆར་བསྡུ་ལེན་བྱས།

སྤྱི་ལོ2016ལོའི་ཟླ2པར་ལོ་དེའི་ཞིང་ཆེན་སྲིད་གཞུང་གི་སློབ་བསྡུ་འཆར་གཞིའི་ནང་བཞག

སྤྱི་ལོ2016ལོའི་ཟླ3པར་སློབ་གསོ་པུའུ་ཡིས་ལོ་དེའི་སློབ་བསྡུའི་འཆར་གཞི་ཁྱབ་བསྒྲགས་བྱས།

སྤྱི་ལོ2016ལོའི་ཟླ5བའི་ཚེས11ཉིན་གྱི་ཕྱི་དྲོ་ཅང་སུའུ་མཁའ་བསྐྱོད་ལས་རིགས་ལག་རྩལ་སློབ་གླིང་གིས་འགོ་ཁྲིད་ཁག་གི་ཚོགས་ཆེན་འཚོགས་ཤིང་། གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཆོད་དོན་ཁྱབ་བསྒྲགས་བྱས་པ་སྟེ། ཅང་སུའུ་མཁའ་བསྐྱོད་ལས་རིགས་ལག་རྩལ་སློབ་གླིང་གི་ཏང་ཨུ་འཛུགས་རྒྱུའི་གྲོས་ཐག་བཅད།

སྤྱི་ལོ2016ལོའི་ཟླ6པའི་ཚེས20ཉིན་ཅང་སུའུ་མཁའ་བསྐྱོད་ལས་རིགས་ལག་རྩལ་སློབ་གླིང་དངོས་སུ་སྒོ་བྱང་བཀལ་ནས་བཙུགས།

སྤྱི་ལོ2016ལོའི་ཟླ7པར་སློབ་མ་བསྡུ་འགོ་ཚུགས།

སྤྱི་ལོ2016ལོའི་ཟླ9བའི་ཚེས18ཉིན་སྐབས་དང་པོའི་སློབ་མ་གསར་པ450སློབ་ཞུགས་འབྱོར་ཐོ་བཀོད།

2 སློབ་སྒྲུབ་ཁ་ཕྱོགས།

ཞིང་ཆེན་དང་གྲོང་ཁྱེར་རིམ་པའི་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་ནུས་ཤུགས་ཡོད་རྒུས་འབྲེལ་ཡོད་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས“ཆེད་ལས་ཅན་དང་། ཐོན་ལས་ཅན། རྒྱལ་སྤྱི་ཅན”དུ་འགྱུར་བའི་འཕེལ་རྒྱས་བསམ་ཕྱོགས་ལ་གཞིགས་ནས་གཞུང་གཉེར་སློབ་གླིང་བསྐྲུན་པ་ཡིས། ཅང་སུའུ་ཞིང་ཆེན་གྱི་མཁའ་བསྐྱོད་རིགས་ཀྱི་མཐོ་རིམ་ལས་རིགས་སློབ་ཆེན་དང་ཆེད་སྦྱོང་སློབ་གླིང་ཐོག་མར་གྱུར་ཡོད། སྤྱི་ལོ2016ལོའི་རྒྱལ་ཡོངས་མཁའ་བསྐྱོད་ལས་རིགས་སློབ་གླིང་གི་མི་མེད་གནམ་གྲུ་བཀོལ་སྤྱོད་གསར་གཏོད་རྩལ་ནུས་འགྲན་བསྡུར་ཆེན་མོ་དང་། སྤྱི་ལོ2017ལོའི་རྒྱལ་ཡོངས་ལས་རིགས་སློབ་གླིང་གི་མི་མེད་གནམ་གྲུ་བཀོལ་སྤྱོད་གསར་གཏོད་རྩལ་ནུས་འགྲན་བསྡུར་ཆེན་མོ། སྤྱི་ལོ2017ལོའི་ཀྲུང་གོའི་རྒྱལ་སྤྱིའི་འཕུར་སྐྱོད་འཕྲུལ་ཆས་ཇུས་འགོད་འགྲན་སློང་འགྲན་བསྡུར་སོགས་འགྲན་བསྡུར་ཆེ་གྲས་བསྟུད་མར་གཉེར་བ་དང་། ས་ཁོངས་མཁའ་བསྐྱོད་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་དང་རྒྱལ་ནང་དུ་ཤུགས་རྐྱེན་ཐེབས་ཚད་དང་སྐད་གྲགས་ཅུང་ཆེ་བའི་མཁའ་བསྐྱོད་ལས་རིགས་རིགས་ཀྱི་ལག་རྩལ་སློབ་གླིང་ཞིག་ཏུ་གྱུར་ཡོད།

3 འགོ་ཁྲིད་ཚན་པ།

ཏང་ཨུའི་ཧྲུའུ་ཅི། ལུའུ་ཡུའེ་ཀྲུང་།

གླིང་གཙོ་དང་ཧྲུའུ་ཅི་གཞོན་པ། ཕུའུ་ཧོང་ཀྲུང་།

ཧྲུའུ་ཅི་གཞོན་པ། ཕན་གོ་ཧྭ།

གླིང་གཙོ་གཞོན་པ་དང་ཏང་ཨུའི་ཨུ་ཡོན། སུན་ཁྱིམ་སྲིད།

གླིང་གཙོ་གཞོན་པ་དང་ཏང་ཨུའི་ཨུ་ཡོན། ཅང་ཞིན་རྨིན།

གླིང་གཙོ་གཞོན་པ་དང་ཏང་ཨུའི་ཨུ་ཡོན། ཏའེ་ཅིན་ཡུའེ།

གླིང་གཙོ་གཞོན་པ་དང་ཏང་ཨུའི་ཨུ་ཡོན། ལུའུ་ཅི་རུང་།

སྒྲིག་ཨུའི་ཧྲུའུ་ཅི་དང་ཏང་ཨུའི་ཀྱི་ཨུ་ཡོན། ལིའུ་ཡུང་ཤིས།

4 སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།

སློབ་གླིང་དུ་མཁའ་བསྐྱོད་བཟོ་སྐྲུན་སློབ་གླིང་དང་། མཁའ་བསྐྱོད་འཕུར་སྐྱོད་སློབ་གླིང་། རྒྱུན་མཐུད་སློབ་གསོའི་སློབ་གླིང་། རིག་གནས་དང་རང་བྱུང་རིག་པའི་སློབ་གླིང་། (རྨང་གཞིའི་སློབ་ཁྲིད་པུའུ) བཅས་རིམ་པ་གཉིས་པའི་ཡན་ལག་སློབ་གླིང4བཙུགས་ཡོད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་འབྲེལ་བ་དམ་ཟབ་ཡོད་པའི་ཆེད་ལས12བཙུགས་ཡོད་ལ་སློབ་ཡུན་ལོ3ཡིན།

4_1 མཁའ་བསྐྱོད་ལས་གྲྭའི་སློབ་གླིང་།

འཕུར་སྐྱོད་འཕྲུལ་ཆས་བཟོ་སྐྲུན་ལག་རྩལ་དང་། འཕུར་སྐྱོད་འཕྲུལ་ཆས་ཉམས་བཟོའི་ལག་རྩལ། མཁའ་བསྐྱོད་གློག་རྡུལ་གློག་ཤུགས་ལག་རྩལ། མི་མེད་གནམ་གྲུའི་ཉེར་སྤྱོད་ལག་རྩལ། གནམ་གྲུའི་འཕྲུལ་གློག་སྒྲིག་ཆས་ཉམས་བཟོ། གནམ་གྲུའི་གློག་རྡུལ་སྒྲིག་ཆས་ཉམས་བཟོ། ཀུན་སྤྱོད་མཁའ་བསྐྱོད་ཡོ་བྱད་ཉམས་གསོ་སོགས་ཆེད་ལས8བཙུགས་ཡོད།

4_2 མཁའ་བསྐྱོད་འཕུར་སྐྱོད་སློབ་གླིང་།

མཁའ་བསྐྱོད་འཕུར་སྐྱོད་སློབ་གླིང་གིས་བར་སྣང་གི་སྐྱེལ་འདྲེན་ལས་དོན་དང་། དམངས་སྤྱོད་མཁའ་བསྐྱོད་གྱི་བདེ་འཇགས་ལག་རྩལ་དོ་དམ། གནམ་ཐང་གི་འཁོར་སྐྱོད། མཁའ་བསྐྱོད་དངོས་ཟོག་སྐྱེལ་འདྲེན་སོགས་ཆེད་ལས4བཙུགས་ཡོད།

4_3 རྒྱུན་མཐུད་སློབ་གསའོ་སླིབ་གླིང་།

རྒྱུན་མཐུད་སློབ་གསོའི་སློབ་གླིང་གིས་གཙོ་བོ་ལས་རིགས་ཐོབ་ཐང་གསལ་འབྱེད་དང་། སློབ་གྲྭར་ཡོད་པའི་སློབ་མའི་བསླབ་གནས་མཐོར་གཏོང་། ཕྱི་ཕྱོགས་ལས་རིགས་གསོ་སྦྱོང་སོགས་ཀྱི་སློབ་ཁྲིད་ལས་དོན་གཙོར་སྤེལ་བཞིན་ཡོད།

4_4 རིག་གནས་དང་རང་བྱུང་ཚན་རིག་སློབ་གླིང་།

རིག་གནས་དང་རང་བྱུང་ཚན་རིག་སློབ་གླིང་གིས་རྨང་གཞིའི་རིག་ཚན་དང་སྤྱི་པའི་རིགས་ཀྱི་སློབ་ཚན་སོགས་སློབ་ཁྲིད་ཀྱི་ལས་ཀ་གཙོར་གཉེར་བཞིན་ཡོད།


དཔྱད་གཞིའི་ཡིག་ཆ།