ཅང་སུའུ་ཡུལ་སྐོར་ལས་རིགས་སློབ་གླིང་།སྔ་མའི་པར་གཞི་དེ ལྷ་དབང་རྡོ་རྗེ།  ནས 2020-09-09 15:49ལ་འགྲུབ།

ཅང་སུའུ་ཡུལ་སྐོར་ལས་རིགས་སློབ་གླིང་།

ཅང་སུའུ་ཡུལ་སྐོར་ལས་རིགས་སློབ་གླིང་།
ཅང་སུའུ་ཡུལ་སྐོར་ལས་རིགས་སློབ་གླིང་ནི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་གཞུང་གཉེར་མཐོ་རིམ་དཀྱུས་མའི་ཆེད་སྦྱོང་སློབ་གྲྭ་ཞིག་ཡིན། སློབ་གླིང་ནི་དེ་སྔོན་གྱི་སྤྱི་ལོ1959ལོར་བཙུགས་པའི་དབྱང་ཀྲོའུ་གྲོང་ཁྱེར་གཡོས་སྦྱོར་སློབ་གྲྭ་ཡིན་པ་དང་སྤྱི་ལོ2017ལོར་མིང་ལ་ཅང་སུའུ་ཡུལ་སྐོར་ལས་རིགས་སློབ་གླིང་ཞེས་བཏགས། སློབ་གླིང་ནི་ཀྲུང་གོའི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་ཅང་སུའུ་ཞིང་ཆེན་དབྱང་ཀྲོའུ་གྲོང་ཁྱེར་དུ་གནས་ཡོད་ལ། སློབ་གླིང་གི་སྤྱིའི་རྒྱ་ཁྱོན་ལ་མུའུ845ཟིན་པ་དང་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི27ཟིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
江苏旅游职业学院
དབྱིན་ཡིག་གི་མིང་།
Jiangsu College Of Tourism
བཙུགས་ལོ།
སྤྱི་ལོ1959ལོར་བཙུགས།
སློབ་གྲྭའི་རིགས་དབྱེ།
ཡུལ་སྐོར།
སློབ་སྒྲུབ་ངོ་བོ།
གཞུང་གཉེར་མཐོ་སློབ།
རྣམ་པ།
ཞིང་ཆེན་གྱི་ཁོངས་གཏོགས་ཆེད་སྦྱོང་སློབ་གླིང་།
གཙོ་གཉེར་ཚན་པ།
ཅང་སུའུ་ཞིང་ཆེན་སློ་གསོ་ཐིང་།
ལས་ཐོག་སློབ་གཙོ།
ཀྲོའུ་ཁྲུན་ཀོང་།
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
ཚན་རྩལ་སློབ་གླིང་། ཡུལ་སྐོར་དོ་དམ་སློབ་གླིང་། བཟོ་རྩལ་མཛེས་རྩལ་སློབ་གླིང་། རྒྱལ་སྤྱིའི་ཚོང་དོན་དོ་དམ་སློབ་གླིང་། དཔལ་འབྱོར་དོ་དམ་སློབ་གླིང་སོགས་ཡོད།
1 སློབ་གླིང་གི་ལོ་རྒྱུས་མདོར་བསྡུས།

ཅང་སུའུ་ཡུལ་སྐོར་ལས་རིགས་སློབ་གླིང་ནི་ཅང་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་ནས་ཅང་སུའུ་ཞིང་ཆེན་སློབ་གསོ་ཐིང་དང་དབྱང་ཀྲོའུ་གྲོང་ཁྱེར་སྲིད་གཞུང་གཉིས་ཀྱིས་མཉམ་སྐྲུན་བྱས་པའི་ཞིང་ཆེན་ཁོངས་གཏོགས་ཀྱི་ཆེད་སྦྱོང་སློབ་གླིང་ཞིག་ཡིན། སློབ་གླིང་ནི་དབྱང་ཀྲོའུ་ཚོང་དོན་མཐོ་རིམ་ལས་རིགས་སློབ་གྲྭ་རྨང་གཞིར་བྱས་ནས་བསྐྲུན་པ་དང་། སློབ་གླིང་གི་འཆར་འགོད་རྒྱ་ཁྱོན་ལ་མུའུ850དང་། འཆར་འགོད་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི24ཟིན་ཡོད། དུས་རིམ་དང་པོའི་འཛུགས་སྐྲུན་ལས་གྲྭའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི18ཡོད་པ་དང་། དེའི་ནང་ལྟེ་གནས་ལྔ་དང་སློབ་གླིང་ལྔ་ཚུད་ཡོད། དུས་རིམ་གཉིས་པའི་འཛུགས་སྐྲུན་ལས་གྲྭའི་རྒྱ་ཁྱོནསྨི་གྲུ་བཞི་མ་ཁྲི6ཡོད་པ་དང་། དེའི་ནང་སློབ་གླིང་གཉིས་དང་ཞིབ་འཇུག་སློབ་མའི་སློབ་གསོའི་འཛུགས་སྐྲུན། དེ་བཞིན་དངོས་སྦྱོང་མགྲོན་ཁང་སྨི་གྲུ་བཞི་མ་ཁྲི40000ཟིན་ཡོད།

སྤྱི་ལོ2015ལོའི་ཟླ9བའི་ཚེས19ཉིན། ཅང་སུའུ་ཞིང་ཆེན་སློབ་གསོ་ཐིང་དང་དབྱང་ཀྲོའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་མིང་རྟགས་འགོད་པའི་མཛད་སྒོ་ཚོགས་པ་དང་། དབྱང་ཀྲོའུ་ཚོང་དོན་མཐོ་རིམ་ལས་རིགས་སློབ་གྲྭའི་རྨང་གཞིའི་ཐོག་ཅང་སུའུ་ཡུལ་སྐོར་ལས་རིགས་སློབ་གླིང་འཛུགས་པར་གྲ་སྒྲིག་བྱས།

སྤྱི་ལོ2017ལོའི་ཟླ2པའི་ཚེས22ཉིན་ཅང་སུའུ་ཞིང་ཆེན་སྲིད་གཞུང་གིས་ཅང་སུའུ་ཡུལ་སྐོར་ལས་རིགས་སློབ་གླིང་འཛུགས་པའི་ཆོག་མཆན་གནང་།

སྤྱི་ལོ2019ལོའི་ཟླ11ཚེས16ཉིན་ཅང་སུའུ་ཡུལ་སྐོར་ལས་རིགས་སློབ་གླིང་གིས་སློབ་ཁུལ་གསར་པའི་ལུས་རྩལ་ཁང་དུ་སློབ་གྲྭ་བཙུགས་ནས་ལོ་འཁོར60ལོན་པའི་འཕེལ་རྒྱས་ཚོགས་ཆེན་གཟབ་རྒྱས་ངང་འཚོགས།

2 སློབ་སྒྲུབ་ཆ་རྐྱེན།
2_1 སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།

ཡུལ་སྐོར་ལས་རིགས་སློབ་གླིང་ནི་ཁྱད་ཆོས་མངོན་གསལ་དོད་པའི་ཡུལ་སྐོར་རིགས་ཀྱི་མཐོ་རིམ་ལས་རིགས་སློབ་གླིང་ཞིག་ཡིན། ད་ལྟ་སློབ་གྲྭར་ སློབ་མ6000ལྷག་ཙམ་ཡོད་པ་དང་གཡོས་སྦྱོར་བཟོ་རྩལ་དང་འཚོ་བཅུད་སློབ་གླིང་དང་། ཡུལ་སྐོར་དོ་དམ་སློབ་གླིང་། ཡུལ་སྐོར་ཆ་འཕྲིན་སློབ་གླིང་། ཡུལ་སྐོར་ཚོང་དོན་སློབ་གླིང་། བཟོ་རྩལ་མཛེས་རྩལ་སློབ་གླིང་། ཡུལ་སྐོར་དཔལ་འབྱོར་སློབ་གླིང་། ལུས་རྩལ་པུའུ་སོགས་རིམ་པ་གཉིས་པའི་སློབ་གླིང་དང་སྡེ་ཁག7ཡོད། ཡུལ་སྐོར་དོ་དམ་དང་། ཨར་ཁང་དོ་དམ། གཡོས་སྦྱོར་བཟོ་རྩལ་དང་འཚོ་བཅུད། མཁའ་འགྲུལ་ཞབས་ཞུ་སོགས་ཡུལ་སྐོར་ལས་རིགས་དང་འབྲེལ་བ་དམ་ཟབ་ཡོད་པའི་ཆེད་ལས18བཙུགས་ཡོད།

2_2 ཆེད་ལས་སྒྲིག་བཀོད།

སློབ་གླིང་རྒྱལ་ཡོངས་ཀྱི་ལས་རིགས་སློབ་གྲྭའི་མི་རིགས་རིག་གནས་རྒྱུན་འཛིན་དང་གསར་གཏོད་དཔེ་སྟོན་ས་ཚིགས1དང་། ཞིང་ཆེན་རིམ་པའི་སྤུས་རྟགས་ཆེད་ལས5 ཞིང་ཆེན་རིམ་པའི་ཁྱད་ལྡན་ཆེད་ལས3བཅས་ཡོད། ཞིང་ཆེན་རིམ་པའི་དེང་རབས་ཅན་གྱི་ཆེད་ལས་ཚོགས་པ2དང་རྒྱལ་ཁབ་རིམ་པའི་རྩལ་ནུས་གསོ་སྦྱོང་རྟེན་གཞི1 ཞིང་ཆེན་གྱི་ཆུ་ཚད་མཐོ་བའི་དཔེ་སྟོན་རང་བཞིན་གྱི་དངོས་སྦྱོང་རྟེན་གཞི3 དབྱང་ཀྲོའུ་གྲོང་ཁྱེར་གྱི་སྤྱི་པའི་དངོས་སྦྱོང་རྟེན་གཞི1བཅས་ཡོད། གྲོང་ཁྱེར་རིམ་པ་དང་། ཞིང་ཆེན་རིམ་པ། རྒྱལ་ཁབ་རིམ་པ་བཅས་ཀྱི་འགྲན་བསྡུར་ཆེ་གྲས་ཀྱི་འགན་ཐེངས་མང་འཁུར།

2_3 དགེ་རྒན་གྱི་དཔུང་སྡེ།

ད་ལྟ་སློབ་གླིང་ལ་ཆེད་བསྐོས་དགེ་རྒན315ཡོད་པ་དང་དེའི་ནང་མཐོ་རིམ་གོ་མིང་ཡོད་པའི་དགེ་རྒན114ཡོད། རབ་འབྱམས་པ་དང་དེ་ཡན་གྱི་བསླབ་གནས་ཡོད་པའི་དགེ་རྒན245དང་། “ཉིས་འཇོན་རྣམ་པའི་དགེ་རྒན”174ཡོད། རྒྱལ་ཁབ་རིམ་པའི་རྩལ་ནུས་གྲགས་ཅན་དགེ་རྒན22དང་ཞིང་ཆེན་རིམ་པའི་རྩལ་ནུས་གྲགས་ཅན་དགེ་རྒན28ཡོད།

3 རིག་གཞུང་གྲུབ་འབྲས།

ཉེ་བའི་ལོ་ཤས་རིང་སློབ་གླིང་གིས་རྒྱལ་ཁབ་རིམ་པའི་ཞིབ་འཇུག་དཔྱད་གཞི12དང་། ཞིང་ཆེན་རིམ་པའི་ཞིབ་འཇུག་དཔྱད་གཞི45 གྲོང་ཁྱེར་རིམ་པ་ཡན་གྱི་ཞིབ་འཇུག་དཔྱད་གཞི102བཅས་ཀྱི་འགན་ཁུར་ཡོད། དགེ་རྒན་གྱིས་དཔྱད་རྩོམ་དང་སློབ་དེབ41ཡོངས་བསྒྲགས་ཀྱིས་པར་སྐྲུན་བྱས་ཡོད། 

4 གཟི་བརྗིད་མཚན་སྙན།

སློབ་གླིང་ལ་སྔ་རྗེས་སུ་རྒྱལ་ཡོངས་སློབ་གསོའི་ཁོངས་གཏོགས་ཀྱི་སྔོན་ཐོན་ཚན་པ་དང་། རྒྱལ་ཡོངས་ཀྱི་ཀུན་སྤྱོད་སློབ་གསོའི་ལས་དོན་གྱི་སྔོན་ཐོན་ཚན་པ། རྒྱལ་ཁབ་སྒྱུར་བཅོས་འཕེལ་རྒྱས་ཀྱི་དཔེ་སྟོན་སློབ་གྲྭ་ཁག་དང་པོ། ཅང་སུའུ་ཞིང་ཆེན་ལས་རིགས་སློབ་གསོའི་སྔོན་ཐོན་ཚན་པ། ཅང་སུའུ་ཞིང་ཆེན་གྱི“འཆམ་མཐུན་སློབ་གྲྭ”འི་མཚན་སྙན་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད།

དཔྱད་གཞིའི་ཡིག་ཆ།