ཅང་སུའུ་བདེ་འཇགས་ལག་རྩལ་ལས་རིགས་སློབ་གླིང་།སྔ་མའི་པར་གཞི་དེ ལྷ་དབང་རྡོ་རྗེ།  ནས 2020-09-09 11:52ལ་འགྲུབ།

ཅང་སུའུ་བདེ་འཇགས་ལག་རྩལ་ལས་རིགས་སློབ་གླིང་།

ཅང་སུའུ་བདེ་འཇགས་ལག་རྩལ་ལས་རིགས་སློབ་གླིང་།
ཅང་སུའུ་བདེ་འཇགས་ལག་རྩལ་ལས་རིགས་སློབ་གླིང་ནི་ཅང་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་དང་ཅང་སུའུ་ཞིང་ཆེན་འཕྲལ་སྡོམ་དོ་དམ་ཐིང་གིས་མཉམ་དུ་བསྐྲུན་པའི་མཐོ་རིམ་སློབ་གྲྭ་ཞིག་ཡིན་ལ། ཧྭ་ཤར་ས་ཁུལ་གྱི་བདེ་འཇགས་རིགས་ཀྱི་ཁྱད་ལྡན་ཆེད་ལས་ཉག་གཅིག་དང་། ལག་རྩལ་རིགས་ཀྱི་ཆེད་ལས་གཙོར་འཛིན་པའི་གཙོ་གནད་ལས་རིགས་ལག་རྩལ་སློབ་གླིང་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
江苏安全技术职业学院
དབྱིན་ཡིག་གི་མིང་།
Jiangsu College Of Safety Technology
བཙུགས་ལོ།
སྤྱི་ལོ1978ལོའི་ཟླ9བའི་ནང་བཙུགས།
སློབ་གྲྭའི་རིགས་དབྱེ།
བཟོ་རིག་དང་རང་བྱུང་ཚན་རིག
སློབ་སྒྲུབ་ངོ་བོ།
གཞུང་གཉེར་མཐོ་སློབ།
རྣམ་པ།
ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་སློབ་དཀྱུས་མ།
གཙོ་གཉེར་ཚན་པ།
ཅང་སུའུ་ཞིང་ཆེན་མི་དམས་སྲིད་གཞུང་།
གཞུང་ཕྱོགས་དྲ་གནས།
http://www.jsvist.com
ལས་ཐོག་སློབ་གཙོ།
ཞུའུ་ཅན་ཁྲོན།
སློབ་ཁུལ།
ཅཱ་ཝང་སློབ་ཁུལ་དང་ཡུན་ལུང་སློ་ཁུལ།
གནས་ཡུལ།
ཅང་སུའུ་ཞིང་ཆེན་ཞུའུ་ཀྲོའུ་གྲོང་ཁྱེར་ཅཱ་ཝང་ཆུས་ཡུས་ཚའེ་ལམ1པོ།
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
བདེ་འཇགས་བཟོ་སྐྲུན་སྡེ་ཁག ཆ་འཕྲིན་བཟོ་སྐྲུན་སྡེ་ཁག རླངས་འཁོར་བཟོ་སྐྲུན་སྡེ་ཁག་སོགས་ཡོད།
1 ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ1978ལོར་སློབ་གླིང་བཙུགས་པ་དང་རྡོ་སོལ་བཟོ་ལས་པུའུ་ཡི་ཁོངས་སུ་གཏོགས།

སྤྱི་ལོ2003ལོའི་ཟླ11པར། ཅང་སུའུ་ཞིང་ཆེན་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། ཅང་སུའུ་ཞིང་ཆེན་ཞུས་ཀྲོའུ་འཕྲུལ་གློག་ལས་གྲྭའི་མཐོ་རིམ་ལས་རིགས་སློབ་གྲྭར་རིམ་སྤོར་བྱས་ནས་ཅང་སུའུ་མཉམ་འབྲེལ་ལས་རིགས་ལག་རྩལ་སློབ་གླིང་གི་ཡན་ལག་སློབ་གླིང་ཁག་དང་པོའི་གྲས་སུ་གྱུར།

སྤྱི་ལོ2009ལོའི་ཟླ6པར་ཞུས་ཀྲོའུ་འགྲིམ་འགྲུལ་སློབ་གྲྭ་དང་ཟླ་སྒྲིལ་བཏང་།

སྤྱི་ལོ2015ལོའི་ཟླ12པའི་ཚེས30ཉིན་ཅང་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་ཅང་སུའུ་བདེ་འཇགས་ལག་རྩལ་ལས་རིགས་སློབ་གླིང་དངོས་སུ་བཙུགས།

སྤྱི་ལོ2017ལོའི་ཟླ7པའི་ཚེས14ཉིན་ཁ་ན་ཏའི་གོང་མ་ཚང་ཚན་རིག་ཁང་གི་ཡོན་ཧྲི་དང་། བཟོ་སྐྲུན་ཁང་གི་ཡོན་ཧྲི། ཧྭ་ཐེ་ལུའུ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དབྱང་ཨེན་ཧུའེ། ཁ་ན་ཏའི་གོང་མ་ཚང་ཚན་རིག་ཁང་གི་ཡོན་ཧྲི་དང་། ཨའེ་པོ་ཐ་སློབ་ཆེན་གྱི་མཚན་འཛིན་དགེ་རྒན་ཆེན་མོ་ཝང་ཅ་ཧོང་བཅས་སློབ་གླིང་གི་མཚན་འཛིན་གླིང་གཙོ་ལ་གདན་ཞུ་བྱས།

2 སློབ་སྒྲུབ་ཆ་རྐྱེན།

ཅང་སུའུ་བདེ་འཇགས་ལག་རྩལ་ལས་རིགས་སློབ་གླིང(སྔར་ཅང་སུའུ་ཞིང་ཆེན་གྱི་ཞུས་ཀྲོའུ་འཕྲུལ་གློག་ལས་གྲྭའི་མཐོ་རིམ་ལས་རིགས་སློབ་གྲྭ)ནི་ཅང་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་སྤྲད་པའི་ཞིང་ཆེན་ཁོངས་གཏོགས་ཀྱི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་སློབ་དཀྱུས་མ་ཞིག་ཡིན། རྒྱལ་ཁབ་རིམ་པའི་གཙོ་གནད་དང་ཅང་སུའུ་ཞིང་ཆེན་གྱི་ཁྱད་ལྡན་གྲགས་ཅན་གྱི་སློབ་གླིང་དང་སློབ་གྲྭ་ཡིན། སྤྱི་ལོ1978ལོར་བཙུགས་པ་དང་། ཞུས་ཀྲོའུ་གྲོང་ཁྱེར་གྱི་ཤར་འདབས་སུ་ཡོད། སློབ་གྲྭར་ད་ལྟ་ཅ་ཝང་དང་ཡུན་ལུང་བཅས་སློབ་ཁུལ་གཉིས་ཡོད། སློབ་གླིང་གི་སྤྱིའི་རྒྱ་ཁྱོན་ས་མུའུ508ཟིན་པ་དང་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི21.5ལྷག་ཙམ་ཟིན་ཡོད། དེང་རབས་ཅན་གྱི་ཆེད་ལས་ཚོད་ལྟ་དང་དངོས་སྦྱོང་ཁང109ཡོད་པ་དང་། བདེ་འཇགས་རླངས་འཁོར་ཞིག་གསོ་བཟོ་གྲྭ་དང་ཧུང་ཏ་རིམ་པ་གཉིས་པའི་ཁ་ལོ་བའི་སློབ་གྲྭ་བཅས་བཙུགས་ཡོད། སློབ་གྲྭར་ཡོད་པའི་སློབ་མ5200ལྷག་ཡོད། རྩིས་འཁོར800ལྷག་ཙམ་ཡོད་པ་དང་། གྲངས་འཛིན་ལག་རྩལ་གྱི་སྒྲིག་ཆས་ལ་སྒོར་ཁྲི1500ལྷག་ཙམ་ཟིན་ཡོད། དེང་རབས་ཅན་གྱི་སློབ་གྲྭའི་དྲ་བ་དང་། རླངས་འཁོར་བཟོ་པ། གློག་ལས། གློག་རྡུལ། གྲུ་གློག་སོགས་ཚད་ལྡན་ཚོད་ལྟ་ཁང་དང་དངོས་སྦྱོང་ཁང20ལྷག་ཙམ་བསྐྲུན་ཡོད། སློབ་གྲྭར་རྒྱལ་ཁབ་རིམ་པའི་གྲངས་འཛིན་ལག་རྩལ་འཇོན་མི་གསོ་སྐྱོང་རྟེན་གཞི་བཙུགས་ཡོད་ལ། ཞིང་ཆེན་རིམ་པའི་དཔེ་སྟོན་ཆེད་ལས་ ནི་རྩིས་འཁོར་བཀོལ་སྤྱོད་དང་། གྲངས་འཛིན་ལག་རྩལ་བཀོལ་སྤྱོད་གཉིས་ཡོད། གྲོང་ཁྱེར་གྱི་དཔེ་སྟོན་ཆེད་ལས་ནི། ཚ་ལའི་ལག་རྩལ་དང་། འཕྲུལ་གློག་གཞི་གཅིག་ཅན། རྩིས་འཁོར་དྲ་བ། ཕྱོགས་བསྡུས་འཕྲུལ་ཆས་ཅན་གྱིས་རྡོ་སོལ་སྔོག་འདོན་བྱེད་པ་སོགས་ཡོད།

2_1 དགེ་རྒན་གྱི་དཔུང་སྡེ།

སློབ་གླིང་ལ་ཆེད་བསྐོས་དགེ་རྒན335ཡོད། དེའི་ནང་དགེ་རྒན་ཆེན་མོ་བ་དང་དགེ་རྒན་ཆེན་མོ་གཞོན་པའི་གོ་མིང་ཡོད་པ་དང་། འབུམ་རམས་པ་དང་རབ་འབྱམས་པའི་བསླབ་གནས་ཡོད་པའི་དགེ་རྒན180དང་། “ཉིས་འཇོན་རྣམ་པའི་དགེ་རྒན”129 རྒྱལ་ཡོངས་ཀྱི་ལག་རྩལ་མཁས་པ2 ཞིང་ཆེན་གྱི་ལག་རྩལ་མཁས་པ5 རྒྱལ་ཡོངས་ཀྱི་རྩལ་ནུས་འགྲན་བསྡུར་ཆེན་མོའི་ཕུལ་བྱུང་མཛུབ་ཁྲིད་དགེ་རྒན6 ཅང་སུའུ་ཞིང་ཆེན་གྱི་ལས་རིགས་སློབ་གསོའི་སྣེ་ཁྲིད་འཇོན་མི1  ཅང་སུའུ་ཞིང་ཆེན་གྱི“333”རིམ་པ་མཐོ་བའི་འཇོན་མི་གསོ་སྐྱོང་འདུ་འགོད་ནང་བདམས་པའི་མི1 ལས་རིགས་དང་ཁེ་ལས་ཀྱི་འགན་གཅིག་ལྕོགས་སུ་བཞེས་པའི་གདན་ཞུས་དགེ་རྒན85 དམིགས་བསལ་གདན་ཞུས་དགེ་རྒན་ཆེན་མོ12བཅས་ཡོད། 

3 གཟི་བརྗིད་མཚན་སྙན།

རྒྱལ་ཡོངས་ལས་རིགས་ལག་རྩལ་ལས་རིགས་མཛུབ་ཁྲིད་ལས་དོན་གྱི་སྔོན་ཐོན་སློབ་གྲྭ།

རྒྱལ་ཡོངས་གཞོན་ནུ་ལོ་ཆུང་ཁྲིམས་ལུགས་ཁྱབ་གདལ་སློབ་གསོའི་སྔོན་ཐོན་སློབ་གྲྭ།

ཞིང་ཆེན་རིམ་པའི་མཐོ་རིམ་རྩལ་ནུས་འཇོན་མི་གསོ་སྐྱོང་དཔེ་སྟོན་རྟེན་གཞི།

ཅང་སུ་ཞིང་ཆེན་ཆུ་ཚད་མཐོ་བའི་དཔེ་སྟོན་ལས་རིགས་སློབ་གྲྭ།

ཅང་སུ་ཞིང་ཆེན་ལས་རིགས་སློབ་གསོའི་སྔོན་ཐོན་ལས་ཁུངས།

ཅང་སུ་ཞིང་ཆེན་ལས་རིགས་སློབ་གསོའི་སློབ་ཚན་བསྒྱུར་བཅོས་ཚོད་ལྟའི་སློབ་གྲྭ།

ཅང་སུ་ཞིང་ཆེན་ལས་རིགས་སློབ་གསོའི་རྩལ་ནུས་སློབ་ཁྲིད་ཞིབ་འཇུག་རྟེན་གཞི།

ཅང་སུ་ཞིང་ཆེན་ལས་རིགས་སློབ་གླིང་གི་རྩལ་ནུས་འགྲན་སྡུར་སྔོན་ཐོན་ལས་ཁུངས།

ཅང་སུ་ཞིང་ཆེན་ལས་རིགས་སློབ་གླིང་གི་རྩལ་ནུས་འགྲན་སྡུར་གྱི་ཕུལ་བྱུང་ལས་ཁུངས།

ལས་རིགས་སློབ་གླིང་གི་རྩལ་ནུས་འགྲན་བསྡུར་ཆེ་མོའི་སྔོན་ཐོན་ཚན་པའི(རྒྱལ་ཁབ་ཀྱི་འགྲན་བསྡུར་དང་ཞིང་ཆེན་གྱི་འགྲན་བསྡུར)དམིགས་བསལ་བྱ་དགའ་ཐོབ།

ཅང་སུ་ཞིང་ཆེན་ལས་རིགས་སློབ་གསོའི་སྤྱོད་བཟང་སློབ་གྲྭ།

ཅང་སུ་ཞིང་ཆེན་དཔལ་ཡོན་ལས་ཁུངས་སོགས་ཀྱི་གཟི་བརྗིད་མཚན་སྙན་སྔ་རྗེས་སུ་ཐོབ།

དཔྱད་གཞིའི་ཡིག་ཆ།