སུའུ་ཀྲོའུ་ཀའོ་པཱོ་མཉེན་ཆས་ལག་རྩལ་སློབ་གླིང་།སྔ་མའི་པར་གཞི་དེ ལྷ་དབང་རྡོ་རྗེ།  ནས 2020-09-07 14:51ལ་འགྲུབ།

སུའུ་ཀྲོའུ་ཀའོ་པཱོ་མཉེན་ཆས་ལག་རྩལ་སློབ་གླིང་།

སུའུ་ཀྲོའུ་ཀའོ་པཱོ་མཉེན་ཆས་ལག་རྩལ་སློབ་གླིང་།
སུའུ་ཀྲོའུ་ཀའོ་པཱོ་མཉེན་ཆས་ལག་རྩལ་སློབ་གླིང་ནི་ཅང་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་དང་སློབ་གསོ་པུའུ་ཡིས་ཐོ་འགོད་བྱས་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་སློབ་གླིང་དཀྱུས་མ་ཞིག་ཡིན། སྤྱི་ལོ2007ལོའི་ཟླ3པར། ཝེ་རོན(ཀྲུང་གོ)ཚད་ཡོད་ཀུང་སི་དང་། སུའུ་ཀྲོའུ་ཀའོ་ཞིན་ཆུས་མི་དམངས་སྲིད་གཞུང་། ཀའོ་པཱོ་སློབ་གསོ་དོ་དམ(སུའུ་ཀྲོའུ)ཚད་ཡོད་ཀུང་སི་གསུམ་གྱིས་མཉམ་ལས་བྱས་ནས་བཙུགས་པའི་མཐོ་རིམ་སློབ་གླིང་དཀྱུས་མ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
苏州高博软件技术职业学院
དབྱིན་ཡིག་གི་མིང་།
Global Institute of Software Technology
བཙུགས་ལོ།
སྤྱི་ལོ2007ལོར་བཙུགས།
སློབ་གྲྭའི་རིགས་དབྱེ།
དམས་གཉེར་མཐོ་སློབ།
སློབ་སྒྲུབ་ངོ་བོ།
ཞིང་ཆེན་ཁོངས་གཏོགས་ཆེད་སྦྱོང་མཐོ་སློབ།
རྣམ་པ།
རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ།
གཙོ་གཉེར་ཚན་པ།
ཅང་སུའུ་ཞིང་ཆེན།
ལས་ཐོག་སློབ་གཙོ།
ཀྲུའུ་ཞིའུ་ལིན།
སྦྲག་སྲིད་ཨང་རྟགས།
215163
གནས་ཡུལ།
སུའུ་ཀྲོའུ་ཀའོ་ཞིན་ཆུས་ཆིང་ཧྲན་ལམ་གྱི་ཨང་རྟགས5བ།
1 སློབ་གླིང་ངོ་སྤྲོད།

སློབ་གླིང་ནི་ཐའེ་ཧུའུ་མཚེའུ་འགྲམ་གྱི་སུའུ་ཀྲོའུ་ཚན་རྩལ་གྲོང་དུ་གནས་ཡོད་ལ་ཐའེ་ཧུའུ་མཚེའུ་དང་བར་ཐག་སྤྱི་ལེ3མ་གཏོགས་མེད། བདག་གིར་བཟུང་བའི་སའི་རྒྱ་ཁྱོན་ལ་མུའུ400དང་། སློབ་གླིང་གི་སྤྱིའི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི12.6ཟིན་ཡོད། སྔོན་ཐོན་དང་འཐུས་སྒོ་ཚང་བའི་སློབ་ཁྲིད་དང་འཚོ་བའི་སྒྲིག་ཆས་ཕུན་སུམ་ཚོགས་པོ་ཡོད།

2 སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།

སློབ་གླིང་གི་མངའ་འོག་ཏུ་མཉེན་ཆས་བཟོ་སྐྲུན་སྡེ་ཁག་དང་། དྲ་རྒྱའི་བཟོ་སྐྲུན་སྡེ་ཁག རྒྱལ་སྤྱིའི་ཚོང་དོན་སྡེ་ཁག གྲངས་འཛིན་སྒྱུ་རྩལ་སྡེ་ཁག མཁའ་འགྲུལ་ལག་རྩལ་སྡེ་ཁག་བཅས་བཙུགས་ཡོད། སྤྱི་ལོ2007ལོར་མཉེན་ཆས་ལག་རྩལ་དང་། རྩིས་འཁོར་གྱི་ཆ་འཕྲིན་དོ་དམ། རྩིས་འཁོར་གྱི་དྲ་རྒྱའི་ལག་རྩལ། དྲ་རྒྱའི་མ་ལག་དོ་དམ། རྩིས་འཁོར་གྱི་སྨྱན་སྦྱོར་ལག་རྩལ་བཅས་ཁྱོན་བསྡོམས་ཆེད་ལས5བཙུགས་ཡོད། Webཉེར་སྤྱོད་གསར་སྤེལ་དང་། ཆ་འཕྲིན་ལས་གྲྭའི་ལྟ་སྐུལ་དོ་དམ་སོགས་ཆེད་ལས་ཀྱི་ཁ་ཕྱོགས12སུ་དབྱེ་ཡོད། 

3 དགེ་རྒན་གྱི་དཔུང་སྡེ།

དགེ་རྒན་གྱི་དཔུང་སྡེ་ནི་ཆིང་ཧྭ་སློབ་ཆེན་གྱི་མིང་གྲགས་ཆེ་བའི་དགེ་རྒན་ཆེན་མོ་དང་། ཝེ་རོན་རྒྱལ་སྤྱིའི་དཔང་དངོས་ཡོད་པའི་དགེ་རྒན། ཕྱི་རྒྱལ་གྱི་ཆེད་ལས་དགེ་རྒན་སོགས་དགེ་རྒན་སོགས་རིགས་ཆེན་པོ་བཞི་ལས་གྲུབ་པ་ཞིག་རེད། དེའི་ནང་དགེ་རྒན་ཆེན་མོ་གཞོན་པ་ཡན་གྱི་གོ་མིང་ངམ་ཞིབ་འཇུག་སློབ་མ་ཡན་གྱི་བསླབ་གནས་ཡོད་པའི་དགེ་རྒན་གྱིས་བརྒྱ་ཆ90ཟིན། ད་ལྟ་ཝེ་རོན་རྒྱལ་སྤྱིའི་དཔང་དངོས་ཡོད་པའི་དགེ་རྒན་དགེ་རྒན18དང་། ཡོ་རོབ་དང་ཨ་རིའི་ཕྱི་རྒྱལ་གྱི་དགེ་རྒན13ཡོད། ཕྱི་རྒྱལ་གྱི་རིགས་གཅིག་མཁས་པ་དང་ཕྱི་རྒྱལ་དུ་སློབ་སྦྱོང་བྱས་ནས་རྒྱལ་ནང་དུ་ལོག་པའི་མི་སྣས་བརྒྱ་ཆ11ཟིན་ཡོད། 

4 ཐོབ་ཐང་དཔང་ཡིག

སློབ་མས་སློབ་གྲྭའི་གཏན་འབེབས་བྱས་པའི་སློབ་སྐར་ལོན་རྗེས་སློབ་གསོ་པུའུ་ཡིས་ཐོ་འགོད་བྱས་པའི་རྒྱལ་ཁབ་ཀྱི་སློབ་གྲྭ་ཆེན་མོའི་ཆེད་སྦྱོང་ཚན་ཁག་གི་སློབ་ཐོན་ལག་ཁྱེར་བླངས་ཆོག བབ་མཚུངས་ཀྱི་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་རྒྱུགས་ལེན་བྱས་པ་བརྒྱུད། གོ་ལ་ཧྲིལ་བོར་སྤྱོད་པའི་ཝེ་རོན་རིགས་གཅིག་མཁས་ཅན་གྱི་ལག་ཁྱེར་རམ་ཡང་ནAdobeརིགས་གཅིག་མཁས་ཅན་གྱི་ལག་ཁྱེར་སྤྲོད་རྒྱུ་དང་ཆེད་ལས་སློབ་མ་ཁག་གཅིག་ལ་རྒྱལ་ཁབ་ཆ་འཕྲིན་ལྟ་སྐུལ་དོ་དམ་གྱི་ཐོབ་ཐང་དཔང་ཡིག་སྤྲོད་ངེས། དེའི་ནང་གི་ཕུལ་བྱུང་སློབ་མར་སུའུ་ཀྲོའུ་གྲོང་ཁྱེར་གྱི་འཇོན་མིའི་ཐོབ་ཐང་དཔང་ཡིག་སྤྲད་ཆོག

5 སློབ་ཁྲིད་འཛུགས་སྐྲུན།

སློབ་གླིང་དུ་གནས་གོང་ཆེ་བའི་གློག་ཀླད1,000ལྷག་ཙམ་ཡོད་མ་ཟད་སྨྱན་མང་སློབ་ཁང་དང་། ཆ་འཕྲིན་དོ་དམ་ཚོད་ལྟ་ཁང་། རྩིས་འཁོར་དྲ་རྒྱའི་ཚོད་ལྟ་ཁང་། འགུལ་རིས་ཚོད་ལྟ་ཁང་། ནང་འཇུག་མཉེན་ཆས་ཚོད་ལྟ་ཁང་། སྐད་གདངས་ཁང་སོགས་བཙུགས་ཡོད། སློབ་གླིང་གིས་ཝེ་རོན་དངCISCOAdobeསོགས་རྒྱལ་སྤྱིའི་ཁེ་ལས་གྲགས་ཅན་དང་མཉམ་ལས་བྱས་ནས། ཚད་གཞི་མཐོ་བའི་ལག་རྩལ་ཚོད་ལྟ་ཁང་སོགས་བཙུགས་ཡོད།

6 སློབ་གྲྭའི་འགོ་ཁྲིད།

ཏང་ཨུའི་ཧྲུའུ་ཅི་དང་གླིང་གཙོ། ཀྲུའུ་ཞིའུ་ལིན།

གླིང་གཙོ་གཞོན་པ། ཁྲེན་ཅ་དབྱི།

གླིང་གཙོ་གཞོན་པ། ལི་ཧྲི་མིང་།


དཔྱད་གཞིའི་ཡིག་ཆ།