ཅང་སུའུ་འཕྲོད་བསྟེན་བདེ་ཐང་ལས་རིགས་སློབ་གླིང་།སྔ་མའི་པར་གཞི་དེ ལྷ་དབང་རྡོ་རྗེ།  ནས 2020-09-07 14:49ལ་འགྲུབ།

ཅང་སུའུ་འཕྲོད་བསྟེན་བདེ་ཐང་ལས་རིགས་སློབ་གླིང་།

ཅང་སུའུ་འཕྲོད་བསྟེན་བདེ་ཐང་ལས་རིགས་སློབ་གླིང་།
ཅང་སུའུ་འཕྲོད་བསྟེན་བདེ་ཐང་ལས་རིགས་སློབ་གླིང་ནི་ཅང་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཉེར་བའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་ཞིང་ཆེན་ཁོངས་གཏོགས་ཀྱི་གཞུང་གཉེར་སྨན་བཅོས་འཕྲོད་བསྟེན་རིགས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན། སྤྱི་ལོ2009ལོའི་ཟླ3པར་ཅང་སུའུ་བདེ་ཐང་ལས་རིགས་སློབ་གླིང་དངོས་སུ་བཙུགས་པ་དང་། སྤྱི་ལོ2017ལོའི་ཟླ3པར་མིང་ལ་ཅང་སུའུ་འཕྲོད་བསྟེན་བདེ་ཐང་ལས་རིགས་སློབ་གླིང་ཞེས་བསྒྱུར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
江苏卫生健康职业学院
དབྱིན་ཡིག་གི་མིང་།
Jiangsu Health Vocational College
བཙུགས་ལོ།
སྤྱི་ལོ1933ལོར་བཙུགས།
སློབ་གྲྭའི་རིགས་དབྱེ།
གཞུང་གཉེར་མཐོ་སློབ།
སློབ་སྒྲུབ་ངོ་བོ།
ཞིང་ཆེན་གྱི་ཁོངས་གཏོགས་མཐོ་རིམ་ལས་རིགས་སློབ་གྲྭ་དཀྱུས་མ།
རྣམ་པ།
གསོ་རིག
གཙོ་གཉེར་ཚན་པ།
ཅང་སུའུ་ཞིང་ཆེན།
སློབ་གྲྭའི་ཚབ་ཨང་།
14255
ལས་ཐོག་སློབ་གཙོ།
ཧྲི་ཡུའུ་ཅིན།
སློབ་གླིང་དང་སྡེ་ཁག་སྒྲིག་བཀོད།
ནད་ཐོག་དང་ནད་གཡོག་སློབ་གླིང་། འཕྲོད་བསྟེན་དང་རྨང་གཞིའི་སློབ་གླིང་། སྨན་རྫས་སློབ་གླིང་། ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་སློང་གླིང་སོགས་ཡོད།
1 ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ1933ལོའི་སྟོན་ཁར། ཀྲུང་དབྱང་སྐྱེ་གཡོག་སློབ་གྲྭ་བཙུགས། ཀྲུང་དབྱང་འཕྲོད་བསྟེན་པུའུ་དང་སློབ་གསོ་པུའུ་ནི་དབྱང་ཁྲུང་རུའེ་ཡིས་སློབ་གྲྭའི་སློབ་གཙོ་དང་པོའི་འགན་བཞེས། སློབ་གྲྭ་བཙུགས་པའི་དུས་འགོར། སློབ་གྲྭས་ཀྲུང་དབྱང་སྨན་ཁང་གི་སྒྲིག་ཆས་གཡར་ནས་སློབ་གཉེར་བྱས།

སྤྱི་ལོ1934ལོར། ནན་ཅིན་ཧྲི་ཀུའུ་ལམ་ཨང87(ད་ལྟའི་ནན་ཅིན་གྲོང་ཁྱེར་གྱི་བུད་མེད་སྨན་ཁང)ནས་སློབ་གྲྭའི་ཉལ་ཁང་འཛུགས་བསྐྲུན་བྱས། ཟུར་དུ་བུ་བཙའི་ཚན་ཁག་གི་སྨན་ཁང་བཙུགས།

སྤྱི་ལོ1935ལོར་མིང་ལ་གཞུང་བཙུགས་ཀྲུང་དབྱང་གི་མཐོ་རིམ་སྐྱེ་གཡོག་ལས་རིགས་སློབ་གྲྭ་ཞེས་བསྒྱུར།

སྤྱི་ལོ1946ལོར་སློབ་གྲྭ་ནན་ཅིན་དུ་སྤོས།

1950ལོར་མིང་ལ་ཧྭ་ཏུང་སྐྱེ་གཡོག་སློབ་གྲྭ་ཞེས་བསྒྱུར།

སྤྱི་ལོ1952ལོར་ནན་ཅིང་གྲོང་ཁྱེར་འཕྲོད་བསྟེན་ཅུས་ཀྱི་ཁོངས་སུ་བཅུག་ནས་མིང་ལ་ནན་ཅིང་སྐྱེ་གཡོག་སློབ་གྲྭ་དང་པོ་ཞེས་བསྒྱུར།

སྤྱི་ལོ1953ལོའི་ཟླ7པར་ཅང་སུའུ་ཞིང་ཆེན་འཕྲོད་བསྟེན་ཐིང་གི་ཁོངས་སུ་བཅུག་ནས་མིང་ལ་ཅང་སུའུ་ཞིང་ཆེན་ནན་ཅིང་སྐྱེ་གཡོག་སློབ་གྲྭར་བསྒྱུར།

སྤྱི་ལོ1963ལོར་མིང་ལ་ནན་ཅིང་འཕྲོད་བསྟེན་སློབ་གྲྭ་ཞེས་བསྒྱུར།

སྤྱི་ལོ1981ལོར་ཅང་སུའུ་ཞིང་ཆེན་འཕྲོད་བསྟེན་ཁོངས་གཏོགས་ཀྱི་ལས་བཟོ་པའི་གསོ་རིག་སློབ་ཆེན་དང་ནན་ཅིང་འཕྲོད་བསྟེན་སློབ་གྲྭ་གཉིས་ཀྱིས་མཉམ་འབྲེལ་གྱིས་སློབ་སྒྲུབ་བྱས།

སྤྱི་ལོ1991ལོར་ནན་ཅིང་འཕྲོད་བསྟེན་སློབ་གྲྭའི་སྒྲིག་གཞི་མེད་པར་བཟོས།

2002ལོར་ཅང་སུའུ་ཞིང་ཆེན་གསོ་རིག་གསང་འཕྲིན་ཞིབ་འཇུག་ཁང་དང་། ཅང་སུའུ་ཞིང་ཆེན་འཕྲོད་བསྟེན་སྡོམ་རྩིས་ཆ་འཕྲིན་ལྟེ་གནས། ཅང་སུའུ་ཞིང་ཆེན་འཕྲོད་བསྟེན་འཇོན་མིའི་ཟབ་སྦྱོང་ལྟེ་གནས་གསུམ་ཟླ་སྒྲིལ་བཏང་།

སྤྱི་ལོ2006ལོའི་ཟླ11པར་ཅང་སུའུ་ཞིང་ཆེན་འཕྲོད་བསྟེན་ཐིང་གིས་ཞིང་ཆེན་སྲིད་གཞུང་ལ་ཅང་སུའུ་ལས་བཟོའི་གསོ་རིག་སློབ་ཆེན་དང་ཅང་སུའུ་ཞིང་ཆེན་ཀྲུང་ལུགས་གསོ་རིག་སློབ་གྲྭ་ཟླ་སྒྲིལ་བཏང་ནས་ཅང་སུའུ་འཕྲོད་བསྟེན་ལས་རིགས་ལག་རྩལ་སློབ་གླིང་འཛུགས་པའི་ཆོག་མཆན་སྤྲོད་པར་རེ་ཞུ་བྱས།

སྤྱི་ལོ2007ལོའི་ཟླ4བར། ཅང་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་སློབ་གྲྭ་གཉིས་ཟླ་སྒྲིལ་བྱས་པའི་རྨང་གཞིའི་སྟེང་ཅང་སུའུ་འཕྲོད་བསྟེན་ལས་རིགས་ལག་རྩལ་སློབ་གླིང་འཛུགས་པར་འཐད་པ་བྱུང་།

སྤྱི་ལོ2009ལོའི་ཟླ3པ་ནས་ཟླ4བའི་རར། ཅང་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་དང་སློབ་གསོ་པུའུ་ཡིས་སོ་སོར་ཆོག་མཆན་བཀོད་པ་དང་ཐོ་འགོད་བྱས་ཤིང་། སློབ་གྲྭའི་མིང་ལ་ཅང་སུའུ་བདེ་ཐང་ལས་རིགས་སློབ་གླིང་དུ་གཏན་འཁེལ་བྱས། 

སྤྱི་ལོ2017ལོའི་ཟླ3པར། ཅང་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཅང་སུའུ་བདེ་ཐང་ལས་རིགས་སློབ་གླིང་གི་མིང་ལ་ཅང་སུའུ་འཕྲོད་བསྟེན་བདེ་ཐང་ལས་རིགས་སློབ་གླིང་ཞེས་བསྒྱུར། 

2 སློབ་སྒྲུབ་ཆ་རྐྱེན།
2_1 སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།

སྤྱི་ལོ2017ལོའི་ཟླ7པར་སློབ་གྲྭའི་གཞུང་ཕྱོགས་དྲ་གནས་ཐོག་མངོན་པར་གཞིགས་ན། ཅང་སུའུ་འཕྲོད་བསྟེན་བདེ་ཐང་ལས་རིགས་སློབ་གླིང་དུ་འཕྲོད་བསྟེན་དོ་དམ་དང་རྨང་གཞིའི་སློབ་གླིང་། ནད་ཐོག་སྨན་བཅོས་དང་ནད་གཡོག་སློབ་གླིང་། སྨན་རྫས་སློབ་གླིང་། ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་སློབ་གླིང(གསོ་རིག་ལག་རྩལ་སློབ་གླིང)དང་རྒྱུན་མཐུད་སློབ་གསོའི་སློབ་གླིང་བཅས་རིམ་པ་གཉིས་པའི་སློབ་གླིང5 དང་མཐོ་རིམ་ལས་རིགས་ཀྱི་ཆེད་སྦྱོང་ཆེད་ལས19བཙུགས་ཡོད།

2_2 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2019ལོའི་ཟླ2པའི་བར། སློབ་གྲྭར་ཆེད་བསྐོས་དགེ་རྒན800ལྷག་ཡོད། དེའི་ནང་མཐོ་རིམ་གོ་མིང་ཡོད་པའི་དགེ་རྒྱན་གྱིས45.9%ཟིན་པ་དང་། རབ་འབྱམས་པ་དང་འབུམ་རམས་པའི་བསླབ་གནས་ཡོད་པའི་དགེ་རྒན་གྱིས60%ཟིན། “ཉེས་འཇོན་རྣམ་པའི་དགེ་རྒན”ཀྱིས90%ལྷག་ཙམ་ཟིན་ཡོད།

3 རིག་གཞུང་ཞིབ་འཇུག
3_1 ཚན་རིག་ཞིབ་འཇུག་ལས་ཁུངས།

སྤྱི་ལོ2016ལོའི་ཟླ12བར་ཅང་སུའུ་འཕྲོད་བསྟེན་བདེ་ཐང་ལས་རིགས་སློབ་གླིང་གིས་ཞིང་ཆེན་རིམ་པའི་ཞིབ་འཇུག་ཁང1བསྐྲུན་ཡོད།

3_2 ཚན་རིག་ཞིབ་འཇུག་གི་གྲུབ་འབྲས།

སྤྱི་ལོ2016ལོར། ཅང་སུའུ་འཕྲོད་བསྟེན་བདེ་ཐང་ལས་རིགས་སློབ་གླིང་ལ་རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩའི་ལས་གཞི2དང་། ཅང་སུའུ་ཞིང་ཆེན་རང་བྱུང་ཚན་རིག་ཐེབས་རྩའི་ལས་གཞི1ཅང་སུའུ་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི1གྲོང་ཁྱེར་དང་ཐིང་རིམ་པའི་ཞིབ་འཇུག་བྱ་གཞི75བཅས་ཐོབ་ནས་ཚན་རྩལ་འགྲོ་གྲོན་འཕར་ཚད93%ཟིན་ཡོད།

3_3 རིག་གཞུང་ཐོན་ཁུངས།

སྤྱི་ལོ2010ལོའི་ཟླ12པའི་བར། ཅང་སུའུ་འཕྲོད་བསྟེན་བདེ་ཐང་ལས་རིགས་སློབ་གླིང་གི་དཔེ་མཛོད་ཁང་དུ་དེབ309359ཉར་ཚགས་བྱས་པའི་ནང་དཔེ་དེབ287882དང་། གློག་རྡུལ་དཔེ་དེབ21477བཅས་ཡོད། སློབ་ཁུལ་གཉིས་པོར་ཁྱོན་རྒྱ་ཡིག་གི་ཚགས་པར་དང་དུས་དེབ་རིགས800དང་དབྱིན་ཡིག་དུས་དེབ་རིགས14ཡོད།

3_4 རིག་གཞུང་དུས་དེབ།

《ཀྲུང་གོའི་སྐྲན་ནད་ཕྱི་ནད་ཚན་ཁག་གི་དུས་དེབ》ནི་ཀྲུང་གོའི་སྨན་པའི་མཐུན་ཚོགས་དང་། ཅང་སུའུ་ཞིང་ཆེན་གསོ་རིག་གསང་འཕྲིན་ཞིབ་འཇུག་སུའོ(ཅང་སུའུ་འཕྲོད་བསྟེན་བདེ་ཐང་ལས་རིགས་སློབ་གླིང་གི་དོ་དམ་ལ་གཏོགས་པ)ཅང་སུའུ་ཞིང་ཆེན་སྐྲན་ནད་སྨན་ཁང་བཅས་ཀྱིས་གཙོ་གཉེར་བྱས་པ་ཞིག་ཡིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གིས་གཙོ་སྐྱོང་བྱེད་པའི་གསོ་རིག་རིགས་ཀྱི་རིག་གཞུང་དུས་དེབ་ཅིག་ཡིན་པ་མ་ཟད། རྒྱལ་ཁབ་རིམ་པའི་རྒྱལ་ཡོངས་རང་བཞིན་གྱི་གསོ་རིག་ཚན་རྩལ་དུས་དེབ་ཅིག་ཀྱང་ཡིན། 


དཔྱད་གཞིའི་ཡིག་ཆ།