ནན་ཅིང་འཕྲུལ་གློག་ལས་རིགས་ལག་རྩལ་སློབ་གླིང་།སྔ་མའི་པར་གཞི་དེ ལྷ་དབང་རྡོ་རྗེ།  ནས 2020-09-07 14:49ལ་འགྲུབ།

ནན་ཅིང་འཕྲུལ་གློག་ལས་རིགས་ལག་རྩལ་སློབ་གླིང་།

ནན་ཅིང་འཕྲུལ་གློག་ལས་རིགས་ལག་རྩལ་སློབ་གླིང་།
ནན་ཅིང་འཕྲུལ་གློག་ལས་རིགས་ལག་རྩལ་སློབ་གླིང་ནི་སྤྱི་ལོ2006ལོའི་ཟླ4པར་ཅང་སུའུ་ཞིང་ཆེན་སྲིད་གཞུང་གིས་ཆོག་མཆན་གནང་བ་དང་སློབ་གསོ་པུའུ་ཡིས་ཐོ་འགོད་སྙན་སེང་ཞུས་པའི་ཞིང་ཆེན་ཁོངས་གཏོགས་ཀྱི་གཞུང་བཙུགས་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན། ད་ལྟ་སློབ་གྲྭར་ཡོད་པའི་སློབ་མ8000ལྷག་ཙམ་དང་སློབ་གྲྭའི་རྒྱ་ཁྱོན་ལ་མུའུ200ལྷག་ཙམ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
南京机电职业技术学院
དབྱིན་ཡིག་གི་མིང་།
Nanjing Vocational Institute of Mechatronic Technolog
བཙུགས་ལོ།
སྤྱི་ལོ1978ལོར་བཙུགས།
སློབ་གྲྭའི་རིགས་དབྱེ།
རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ།
སློབ་སྒྲུབ་ངོ་བོ།
གཞུང་གཉེར་མཐོ་སློབ།
སློབ་གྲྭའི་ཁྱད་ཆོས།
ཞིང་ཆེན་གྱི་ཁོངས་གཏོགས་ཆེད་སྦྱོང་མཐོ་སློབ།
གཙོ་གཉེར་ཚན་པ།
ཅང་སུའུ་ཞིང་ཆེན།
གཞུང་ཕྱོགས་དྲ་གནས།
http://www.nimt.cn
ལས་ཐོག་སློབ་གཙོ།
ཀྲོའུ་ཆིང་ལི།
སློབ་གླིང་དང་སྡེ་ཁག་སྒྲིག་བཀོད།
གློག་རྡུལ་བཟོ་སྐྲུན་སྡེ་ཁག འཕྲུལ་ཆས་བཟོ་སྐྲུན་སྡེ་ཁག ཆ་འཕྲིན་བཟོ་སྐྲུན་སྡེ་ཁག་སོགས་ཡོད།
1 ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ1978ལོར721བཟོ་གྲྭའི་བཟོ་པ་དང་ལས་བཟོའི་སློབ་ཆེན་གྱིས་སློབ་མ་བསྡུ་བའི་འགོ་ཚུགས་པ་དང་། སྤྱི་ལོ1981ལོར་སྐབས་དང་པོའི་མཐར་ཕྱིན་སློབ་མར་རྒྱལ་ཁབ་ཀྱིས་ཁས་ལེན་བྱས་པའི་ཆེད་སྦྱོང་སློབ་མའི་བསླབ་གནས་དངོས་སུ་ཐོབ།

སྤྱི་ལོ1982ལོའི་ཟླ7པའི་ཚེས12ཉིན། སློབ་གྲྭས་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་ནན་ཅིང་འཕྲུལ་ཆས་བཟོ་ལས་ལས་བཟོའི་སློབ་ཆེན་ཞེས་མིང་བསྒྱུར།

སྤྱི་ལོ1985ལོར་ནན་ཅིང་གློག་རྡུལ་བཟོ་ལས་མཉམ་འབྲེལ་ལས་བཟོའི་སློབ་ཆེན་བཙུགས་ཤིང་སློབ་གྲྭའི་མིང་ལ“ནན་ཅིང་གློག་རྡུལ་བཟོ་ལས་ལས་བཟོའི་སློབ་ཆེན”དུ་བསྒྱུར།

སྤྱི་ལོ2000ལོ་ནས་སྤྱི་ལོ2001ལོའི་བར། ཞིང་ཆེན་དང་གྲོང་ཁྱེར་སློབ་གསོ་གཙོ་གཉེར་པའི་ཐུགས་ཁུར་འོག་ནན་ཅིང་འཕྲུལ་ཆས་བཟོ་ལས་ལས་བཟོའི་སློབ་ཆེན་དང་ནན་ཅིང་གློག་རྡུལ་བཟོ་ལས་ལས་བཟོའི་སློབ་ཆེན་སོ་སོར་མཐོ་སློབ་དཀྱུས་མའི་སློབ་བསྡུའི་ཐོབ་ཐང་ཐོབ།

སྤྱི་ལོ2006ལོའི་ཟླ4པའི་ཚེས3ཉིན། ཅང་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ནན་ཅིང་འཕྲུལ་ཆས་བཟོ་ལས་ལས་བཟོ་པའི་སློབ་ཆེན་དང་། ནན་ཅིང་གློག་རྡུལ་བཟོ་ལས་ལས་བཟོ་པའི་སློབ་ཆེན་ཟླ་སྒྲིལ་བཏང་ནས་ནན་ཅིང་འཕྲུལ་གློག་ལས་རིགས་ལག་རྩལ་སློབ་གླིང་འཛུགས་པར་འཐད་པ་བྱུང་།

2 སློབ་སྒྲུབ་ཆ་རྐྱེན།
2_1 སློབ་གླིང་དང་སྡེ་ཁག་གི་ཆེད་ལས།

སློབ་གླིང་དུ་ཆེད་ལས29(ཁ་ཕྱོགས་ཚུད་མེད)ཡོད་པ་དེའི་ནང་འཕྲུལ་ཆས་དང་། གློག་རྡུལ། རྩིས་འཁོར། སྒྱུ་རྩལ་ཇུས་འགོད། འཕྲིན་གཏོང་། ཟོག་སྦྲེལ་དྲ་རྒྱ། རྩིས་གཉེར་སོགས་ཁྱབ་ཁོངས་མང་པོ་ཚུད་ཡོད། དེའི་ནང་གློག་ཤུགས་རང་འགུལ་ཅན་དང་གྲངས་འཛིན་ལག་རྩལ་གྱི་ཆེད་ལས་གཉིས་ལ་སྤྱི་ལོ2011ལོར་སློབ་གསོ་པུའུ་དང་ནོར་སྲིད་པུའུ་ཡིས“ཆེད་ལས་ཞབས་ཞུའི་ཐོན་ལས་ནུས་པ་ཆེ་རུ་གཏོང་བའི”གཙོ་གནད་འཛུགས་སྐྲུན་ཆེད་ལས་ཀྱི་ཁོངས་སུ་བཅུག

2_2 དགེ་རྒན་གྱི་དཔུང་སྡེ།

ནན་ཅིང་འཕྲུལ་གློག་ལས་རིགས་ལག་རྩལ་སློབ་གླིང་ལ་དགེ་རྒན་དང་ལས་བཟོ་བ400ཙམ་ཡོད། དེའི་ནང“ཉིས་འཇོན་དགེ་རྒན་གྱི་བྱང་ཚད”དགེ་རྒན111དང་མཐོ་རིམ་གོ་མིང་འཛིན་པའི་དགེ་རྒན35ཡོད། ད་ལྟ་སློབ་གྲྭར་ཡོད་པའི་སློབ་མ8000ལྷག་ཡོད།

2_3 སློབ་གྲྭའི་སྒྲིག་བཀོད།

སློབ་གླིང་ལ་དེང་རབས་ཅན་གྱི་གློག་ཀླད་ཁང་དང་། སྐད་གདངས་ཁང་། གློག་རྡུལ་གློག་ལས་ཚོད་ལྟ་ཁང་། གློག་རྡུལ་རྩལ་ནུས་བཀོལ་སྤྱོད་སྦྱོང་བརྡར་ཁང་། འཕྲུལ་ཆས་ལས་སྣོན་དང་གྲངས་གཞིའི་ཚོད་འཛིན་དངོས་སྦྱོང་ལྟེ་གནས་བཅས་ཡོད། ས་ཁྱོན་མུའུ30ཟིན་པའི་ལུས་རྩལ་ཐང་དང་། སྤྱི་པའི་ཉལ་ཁང་། ཚད་གཞི་མཐོ་བའི་སློབ་མའི་ཟ་ཁང་། སློབ་གྲྭའི་སྒོ་རྩིས་ཚོང་ཁང་སོགས་སྒྲིག་བཀོད་ཆ་ཚང་བ་བསྐྲུན་ཡོད།

3 གཟི་བརྗིད་མཚན་སྙན།

སློབ་གླིང་ལ“སྤྱི་ལོ2018ལོའི་ཅང་སུའུ་ཞིང་ཆེན་གྱི་ཐོན་ལས་འཇོན་མིའི་གསོ་སྦྱོང་རྟེན་གཞི”འི་ཐོབ་ཐང་སྤྲད།(ཞིང་ཆེན་ཡོངས་ཀྱི་མཐོ་སློབ29ཡོད་པའི་ནང་མཐོ་རིམ་ལས་རིགས་སློབ་གླིང4ལས་མེད) ཅང་སུའུ་སློབ་གསོ་རྒྱུགས་ལེན་ཁང་གིས“དྲ་ཐོག་བློ་འདྲི་དྲིལ་བསྒྲགས་ཀྱི་ཕུལ་བྱུང་ཚན་པར”བདམས། (ཞིང་ཆེན་ཡོངས་ཀྱི་མཐོ་སློབ20ཡོད་པའི་ནང་མཐོ་རིམ་ལས་རིགས་སློབ་གླིང8ལས་མེད) ཅང་སུའུ་ཞིང་ཆེན་སློབ་གསོ་ཐིང་གིས“ལས་རིགས་འཆར་འགོད་འགྲན་བསྡུར་ཆེན་མོའི་ཕུལ་བྱུང་རྩ་འཛུགས”ཀྱི་བྱ་དགའ་སྤྲད། སློབ་གླིང་གི་གུང་གཞོན་ཚོགས་པར“ནན་ཅིང་གྲོང་ཁྱེར་གྱི་སློབ་གྲྭ་ཆེ་འབྲིང་གི་སློབ་མའི་དབྱར་གནང་གི་སྤྱི་ཚོགས་ལག་ལེན་བྱེད་སྒོའི་སྔོན་ཐོན་ཚན་པར”བདམས། སློབ་གླིང་གི་ཏང་ཨུའི་ཨུ་ཡོན་ལྷན་ཁང་ཀྲུང་གུང་ནན་ཅིང་གྲོང་ཁྱེར་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས“དུས་རབས་གསར་པའི་གདོང་བསྐྱོད་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས”ལ་བདམས། 

4 སློབ་གླིང་གི་འགོ་ཁྲིད།

སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་དང་གླིང་གཙོ། ཀྲོའུ་ཆིང་ལི།

ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་གླིང་གཙོ་གཞོན་པ། ཀུའུ་དབྱི་མིན།

སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་གླིང་གཙོ་གཞོན་པ།ཁྲེན་ཀྲའོ།

ཏང་ཨུའི་ཨུ་ཡོན་དང་གླིང་གཙོ་གཞོན་པ། ཀུའོ་ཁྲའོ་ཧུའེ།

ཏང་ཨུའི་ཨུ་ཡོན་དང་གླིང་གཙོ་གཞོན་པ། ཀྲའོ་ཞུའེ་ཧུང་།


དཔྱད་གཞིའི་ཡིག་ཆ།