སུའུ་ཀྲོའུ་ཆ་འཕྲིན་ལས་རིགས་ལག་རྩལ་སློབ་གླིང་།སྔ་མའི་པར་གཞི་དེ ལྷ་དབང་རྡོ་རྗེ།  ནས 2020-09-08 08:48ལ་འགྲུབ།

སུའུ་ཀྲོའུ་ཆ་འཕྲིན་ལས་རིགས་ལག་རྩལ་སློབ་གླིང་།

སུའུ་ཀྲོའུ་ཆ་འཕྲིན་ལས་རིགས་ལག་རྩལ་སློབ་གླིང་།
སུའུ་ཀྲོའུ་ཆ་འཕྲིན་ལས་རིགས་ལག་རྩལ་སློབ་གླིང་ནི་ཅང་སུའུ་ཞིང་ཆེན་སུའུ་ཀྲོའུ་གྲོང་ཁྱེར་ཝུའུ་ཅང་ཆུས་སུ་གནས་ཡོད། སྤྱི་ལོ2009ལོའི་ཟླ3པར་ཅང་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་དང་རྒྱལ་ཁབ་སློབ་གསོ་པུའུ་ཡིས་ཐོ་འགོད་བྱས་པ་བརྒྱུད། སུའུ་ཀྲོའུ་ཆ་འཕྲིན་ལས་རིགས་ལག་རྩལ་སློབ་གླིང་དུ་བསྒྱུར། ཅང་སུའུ་ཞིང་ཆེན་སུའུ་ཀྲོའུ་གྲོང་ཁྱེར་ཝུའུ་ཅང་ཆུས་མི་དམངས་སྲིད་གཞུང་གིས་མ་དངུལ་བཏང་ནས་བཙུགས་པའི་གཞུང་གཉེར་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
苏州信息职业技术学院
དབྱིན་ཡིག་གི་མིང་།
Suzhou College of Information Technology
བཙུགས་ལོ།
སྤྱི་ལོ2009ལོའི་ཟླ3པའི་ནང་བཙུགས།
སློབ་གྲྭའི་རིགས་དབྱེ།
གཞུང་གཉེར་སློབ་ཆེན༎
སློབ་སྒྲུབ་ངོ་བོ།
ཆུས་ཁོངས་གཏོགས་ཆེད་སྦྱོང་མཐོ་སློབ།
རྣམ་པ།
ཕྱོགས་བསྡུས།
གཙོ་གཉེར་ཚན་པ།
སུའུ་ཀྲོའུ་གྲོང་ཁྱེར་ཝུའུ་ཅང་ཆུས་སྲིད་གཞུང་།
སློབ་གྲྭའི་ཚབ་ཨང་།
14252
ལས་ཐོག་སློབ་གཙོ།
གླིང་གཙོ་གཞོན་པ་ཞུས་གོ་ཕིང་།
སློབ་གླིང་དང་སྡེ་ཁག་སྒྲིག་བཀོད།
ནོར་སྲིད་དཔལ་འབྱོར་སློབ་གླིང་། དེང་རབས་ཚོང་དོན་སློབ་གླིང་། འཕྲིན་གཏོང་གློག་རྡུལ་སློབ་གླིང་། རིག་ནུས་བཟོ་སྐྲུན་སློབ་གླིང་། གཞི་གྲངས་ཆེན་པོ་དང་དྲ་སྦྲེལ་སློབ་གླིང་། ཕྱི་སྐད་སྡེ་ཁག་སོགས་ཡོད།
1 སློབ་གླིང་གི་ལོ་རྒྱུས་མདོར་བསྡུས།

སྤྱི་ལོ2019ལོའི་ཟླ7པར་སློབ་གྲྭའི་གཞུང་ཕྱོགས་དྲ་གནས་ཐོག་གི་ཆ་འཕྲིན་ལས་མངོན་པར་གཞིགས་ན། སློབ་གླིང་གི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི34ལྷག་ཙམ་ཟིན་པ་དང་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི15ལྷག་ཙམ་ཟིན་ཡོད། སྤྱི་ལོ2018ལོའི་ཟླ9པའི་བར་གཏན་འཇགས་རྒྱུ་ནོར་སྒོར་དུང་ཕྱུར5.8ལྷག་ཙམ་ཟིན་ཡོད། དེའི་ནང་སློབ་ཁྲིད་ཚན་ཞིབ་དཔྱད་ཆས་སྒྲིག་ཆས་ཀྱི་རིན་ཐང་བསྡོམས་འབོར་སྒོར་ཁྲི4530ལྷག་ཙམ་ཟིན་པ་དང་ཆ་འཕྲིན་ཅན་གྱི་སྒྲིག་ཆས་ལ་མ་དངུལ་སྒོར་ཁྲི3963བཏང་། སློབ་གྲྭར་ཚོད་ལྟའི་དངོས་སྦྱོང་ཁང82དང་དྲ་རྒྱའི་སྨྱན་གཟུགས་སློབ་ཁང61བཅས་བཙུགས་ཡོད། དཔེ་མཛོད་ཁང་དུ་དཔེ་དེབ་ཁྲི34.44ཉར་ཚགས་བྱས་ཡོད། 

2 ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ2003ལོར་ནན་ཅིང་སྦྲག་ཏར་སློབ་ཆེན་ཝུའུ་ཅང་ལས་རིགས་ལག་རྩལ་སློབ་གླིང་ཡིན།

སྤྱི་ལོ2009ལོའི་ཟླ3པར་ཅང་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་སུའུ་ཀྲོའུ་ཆ་འཕྲིན་ལས་རིགས་ལག་རྩལ་སློབ་གླིང་དུ་དངོས་སུ་རིམ་སྤོར་བྱས།

3 སློབ་སྒྲུབ་ཆ་རྐྱེན།
3_1 སློབ་གླིང་སྡེ་ཁག་གི་སྒྲིག་བཀོད།

སྤྱི་ལོ2019ལོའི་ཟླ3པར་སློབ་གྲྭའི་གཞུང་ཕྱོགས་དྲ་གནས་ཀྱི་ཆ་འཕྲིན་ལས་མངོན་པར་གཞིགས་ན། སུའུ་ཀྲོའུ་ཆ་འཕྲིན་ལས་རིགས་ལག་རྩལ་སློབ་གླིང་དུ་སྡེ་ཁག་དྲུག་ཡོད་ཅིང་། སོ་སོར་དཔལ་འབྱོར་ཉོ་ཚོང་སྡེ་ཁག་དང་། དོ་དམ་བཟོ་སྐྲུན་སྡེ་ཁག འཕྲིན་གཏོང་དང་ཆ་འཕྲིན་བཟོ་སྐྲུན་སྡེ་ཁག གློག་ཤུགས་དང་གློག་རྡུལ་བཟོ་སྐྲུན་སྡེ་ཁག རྩིས་འཁོར་ཚན་རིག་དང་ལག་རྩལ་སྡེ་ཁག ཕྱི་སྐད་སྡེ་ཁག་བཅས་ཡིན་ཞིང་། ཁྱོན་བསྡོམས་ཆེད་ལས21བཙུགས་ཡོད།

3_2 དགེ་རྒན་གྱི་དཔུང་སྡེ།

ད་ལྟ་སློབ་གྲྭར་དགེ་རྒན་དང་ལས་བཟོ་པ234དང་ཆེད་བསྐོས་དགེ་རྒན189ཡོད། མཐོ་རིམ་གོ་མིང་ཐོབ་པའི་དགེ་རྒན2ཡོད་པ་དང་མཐོ་རིམ་གོ་མིང་གཞོན་པ་ཐོབ་པའི་དགེ་རྒན62ཡོད། རབ་འབྱམས་པའི་བསླབ་གནས་ཡོད་པའི་དགེ་རྒན116དང་། ཅང་སུའུ་ཞིང་ཆེན་གྱི“རིམ་པ་མཐོ་བའི་འཇོན་མི་གསོ་སྐྱོང་ལས་གྲྭའི”ན་གཞོན་ཚན་རིག་ལག་རྩལ་གྱི་སྣེ་ཁྲིད་པ1ཡོད།  

4 སློབ་གྲྭའི་འགོ་ཁྲིད།

ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་གླིང་གཙོ་གཞོན་པ། ཞུས་གོ་ཕིང་།

ཏང་ཨུའི་ཨུ་ཡོན་དང་སྒྲིག་ཨུའི་ཧྲུའུ་ཅི། ཧན་མེ་ལིང་།

ཏང་ཨུའི་ཨུ་ཡོན་དང་གླིང་གཙོ་གཞོན་པ། ཞུས་པིན།

ཏང་ཨུའི་ཨུ་ཡོན་དང་ཏང་ཨུ་གཞུང་དོན་ཁང་གི་ཀྲུའུ་རེན། ཧྲ་མཱིན་ལིན།


དཔྱད་གཞིའི་ཡིག་ཆ།