ལེའོ་ཉིང་སྨྱན་སྦྱོར་སློབ་གླིང་།སྔ་མའི་པར་གཞི་དེ ལྷ་དབང་རྡོ་རྗེ།  ནས 2020-08-31 11:36ལ་འགྲུབ།

ལེའོ་ཉིང་སྨྱན་སྦྱོར་སློབ་གླིང་།

ལེའོ་ཉིང་སྨྱན་སྦྱོར་སློབ་གླིང་།
ལེའོ་ཉིང་སྨྱན་སྦྱོར་སློབ་གླིང་ནི་ལེའོ་ཉིང་ཞིང་ཆེན་ཧྲེན་དབྱང་གྲོང་ཁྱེར་དུ་གནས་ཡོད། སྨྱན་སྦྱོར་རིགས་ཀྱི་དངོས་གཞིའི་སློབ་ཆེན་ཞིག་ཡིན་ལ། སྤྱི་ལོ1991ལོར་བཙུགས་ཤིང་། དེ་སྔོན་ལེའོ་ཉིང་མཛེས་རྩལ་ལས་རིགས་སློབ་གླིང་ཡིན་པ་དང་སྤྱི་ལོ2014ལོར་སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད། མིང་ལ་ལེའོ་ཉིང་སྨྱན་སྦྱོར་སློབ་གླིང་དུ་བསྒྱུར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
辽宁传媒学院
ཕྱི་ཡིག་གི་མིང་།
Liaoning Communication University
བཙུགས་ལོ།
སྤྱི་ལོ1991ལོ།
གནས་ཡུལ།
ལེའོ་ཉིང་ཞིང་ཆེན་ཧྲེན་དབྱང་གྲོང་ཁྱེར།
སློབ་སྒྲུབ་ངོ་བོ།
གཞུང་གཉེར་མཐོ་སློབ།
སློབ་གྲྭའི་ཚབ་ཨང་།
13957
1 ངོ་སྤྲོད་མདོར་བསྡུས།

ལེའོ་ཉིང་སྨྱན་སྦྱོར་སློབ་གླིང་ནི་ལེའོ་ཉིང་ལེའོ་ཉིང་ཞིང་ཆེན་ཧྲེན་དབྱང་གྲོང་ཁྱེར་དུ་གནས་ཡོད། སྨྱན་སྦྱོར་རིགས་ཀྱི་དངོས་གཞིའི་སློབ་ཆེན་ཞིག་ཡིན་ལ། སྤྱི་ལོ1991ལོར་བཙུགས་ཤིང་། དེ་སྔོན་ལེའོ་ཉིང་མཛེས་རྩལ་ལས་རིགས་སློབ་གླིང་ཡིན་པ་དང་སྤྱི་ལོ2014ལོར་སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད། མིང་ལ་ལེའོ་ཉིང་སྨྱན་སྦྱོར་སློབ་གླིང་དུ་བསྒྱུར།

2 ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ1991ལོར་སློབ་གྲྭ་བཙུགས།

སྤྱི་ལོ2005ལོར་ལེའོ་ཉིང་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་ལེའོ་ཉིང་མཛེས་རྩལ་ལས་རིགས་སློབ་གླིང་བཙུགས། སློབ་གྲྭས་སྒྱུ་རྩལ་རིགས་ཀྱི་ཆེད་ལས་སློབ་མ་ཁྲི་ཁ་ཤས་གསོ་སྐྱོང་བྱས།

སྤྱི་ལོ2014ལོར་སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད། སློབ་གྲྭ་ལེའོ་ཉིང་སྨྱན་སྦྱོར་སློབ་གླིང་དུ་དངོས་སུ་བསྒྱུར། བྱང་ཤར་ས་ཁུལ་གྱི་སྒེར་ཚུགས་སུ་བཙུགས་པའི་སྨྱན་སྦྱོར་རིགས་ཀྱི་དངོས་གཞིའི་སློབ་ཆེན་དང་པོར་གྱུར།

སྤྱི་ལོ2017ལོར་ལེའོ་ཉིང་སྨྱན་སྦྱོར་སློབ་གླིང་ལ་ཕྱི་འགྲིམ་སློབ་མ་བསྡུས་ཆོག་པའི་ཆོག་མཆན་ཐོབ།   

སྤྱི་ལོ2019ལོར། ལེའོ་ཉིང་སྨྱན་སྦྱོར་སློབ་གླིང་གིས་རིམ་པ་གཉིས་པའི་སློབ་གླིང11བཙུགས། དེང་རབས་ཅན་གྱི་སློབ་ཆེན་དོ་དམ་སྒྲིག་སྲོལ་བཙུགས་ནས་ཆུ་ཚད་མཐོ་བའི་སྨྱན་སྦྱོར་སློབ་ཆེན་ཞིག་ཏུ་འགྱུར་བར་རྨང་གཞི་བརྟན་པོ་བཏིང་ཡོད།

3 རིག་གཞུང་ཞིབ་འཇུག

ཉེ་བའི་ལོ་གསུམ་རིང་རྒྱལ་ཁབ་ཀྱི་སྒྱུ་རྩལ་ཐེབས་རྩའི་རྣམ་གྲངས《ལིའོ་རྫ་ཆས་སྒྱུ་རྩལ་གསར་གཏོད་འཇོན་མི་སྣ་གསོ་སྐྱོང》ལ་འགན་འཁུར་ནས་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོང་བྱས་ཤིང་། ལེའོ་ཉིང་རྫ་ཆས་བཟོ་རྩལ་རྒྱུན་འཛིན་དང་འཕེལ་རྒྱས་ལ་ཧུར་ཐག་གིས་ནུས་པ་བཏོན། རྒྱལ་ཁབ་ཀྱི་སློབ་གསོའི་ཚན་རིག་འཆར་འགོད་ཞིབ་འཇུག་བྱ་གཞི《རང་རྒྱལ་གྱི་མཐོ་རིམ་སློབ་གྲྭའི་སློབ་ཆེན་སློབ་མའི་ཡིད་རྟོན་སློབ་གསོའི་མ་ལག་འཛུགས་སྐྲུན་ཞིབ་འཇུག》ཅེས་པའི་གཙོ་སྐྱོང་གི་འགན་འཁུར་ཞིང་། རང་རྒྱལ་གྱི་སློབ་ཆེན་སློབ་མའི་ཡིད་རྟོན་སློབ་གསོའི་ཞིབ་འཇུག་མ་ལག་གསར་གཏོད་གྱི་ལམ་བུ་བརྟོལ། གཞན་ཡང་རིག་གནས་པུའུ་ཡི་ཚན་རྩལ་གསར་གཏོད་ལས་གཞི1དང་ཞིང་ཆེན་རིམ་པ་ཡན་གྱི་ཚན་ཞིབ་གྲུབ་འབྲས་བྱ་དགའ42ཐོབ། ཆེད་རྩོམ65དཔེ་སྐྲུན་བྱས་པའི་ནང《ཉི་ཀུའུ་ལ· ཧྥེ་ཆིན་གྱི་སྒྱུ་རྩལ》གྱིས་རྒྱལ་ནང་གི་ཨུ་རུ་སུའི་རི་མོ་མཁས་ཅན་ཉི་ཀུའུ་ལ· ཧྥེ་ཆིན་ལ་ཞིབ་འཇུག་བྱེད་པའི་རིག་གཞུང་གི་སྟོང་ཆ་བསྐངས། སློབ་གྲྭའི་དགེ་རྒན་གྱི་དཔུང་སྡེ་ཡིས་དུས་དེབ་གཙོ་བོ112སྟེང་བརྩམས་ཆོས་སྤེལ། རྒྱལ་ཁབ་རིམ་པའི་ཆེད་ཁེ་ལག་རྩལ158དང་མཉེན་ཆས་བརྩམས་ཆོས67ལ་ཆོག་མཆན་སྤྲད། སློབ་མས་དཔྱད་རྩོམ182ཡོངས་བསྒྲགས་ངང་སྤེལ་བ་དང་རྒྱལ་ཁབ་རིམ་པ་ཡན་གྱི་ཆེད་ལས་འགྲན་བསྡུར་ནང་ཞུགས་ནས་བྱ་དགའ་ཐོབ་པའི་མི་གྲངས346ཟིན་ཡོད། 

4 སློབ་གླིང་དང་སྡེ་ཁག་གི་ཆེད་ལས།

སློབ་གྲྭའི་མངའ་འོག་ཏུ་སྒྱུ་རྩལ་ཇུས་འགོད་སློབ་གླིང་དང་། གྲོང་ཁྱེར་ཇུས་འགོད་སློབ་གླིང་། གྲངས་འཛིན་སྨྱན་སྦྱོར་སློབ་གླིང་། གློག་བརྙན་རླུང་འཕྲིན་སློབ་གླིང་། གསར་འགྱུར་ཁྱབ་སྤེལ་སློབ་གླིང་། དོ་དམ་སློབ་གླིང་། མར་ཁེ་སི་རིང་ལུགས་སློབ་གླིང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཚན་རིག་ཁང་། གསར་གཏོད་ལས་གཏོད་སློབ་གླིང་། རྒྱལ་སྤྱིའི་སློབ་གསོའི་སློབ་གླིང་། ཉེར་སྤྱོད་སློབ་གསོའི་སློབ་གླིང་སོགས་རིམ་པ་གཉིས་པའི་སློབ་གླིང་11བཙུགས་ཡོད། རྩོམ་རིག་དང་། སྒྱུ་རྩལ་རིག་པ། དོ་དམ་རིག་པ། བཟོ་རིག་སོགས་རིག་ཚན་ཆེན་པོ4དང། ཆེད་ལས41བཅས་ཡོད།

5 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2020ལོའི་ལོ་སྟོད་བར་སློབ་གྲྭ་ཡོངས་སུ་དགེ་རྒན་དང་ལས་བཟོ་བ819ཡོད་པ་དང་། དགེ་རྒན་ཁྱོན་བསྡོམས559ཡོད། དགེ་རྒན་ཁྲོད་དུ་མཐོ་རིམ་གོ་མིང་དང་གཞོན་པའི་གོ་མིང་འཛིན་མཁན་མི203ཡོད། འབུམ་རམས་པ་དང་རབ་འབྱམས་པའི་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་པའི་མི342ཡོད། སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་ལོངས་སུ་སྤྱོད་མཁན4དང་། རྒྱལ་ཁབ་རིམ་པའི་སྤྱི་ཚོགས་ཚན་རིག་ཐེབས་རྩ་དང་ཆེད་ལས་འགྲན་བསྡུར་ཆེན་མོའི་ཞིབ་དཔྱད་རིགས་གཅིག་མཁས་ཅན3བཅས་ཡོད། སློབ་གསོ་པུའུ་ཡི་ཆེད་ལས་དཔྱད་དཔོག་རིགས་གཅིག་མཁས་ཅན2དང་། སློབ་གསོ་པུའུ་ཡི་བསླབ་གནས་ཨུ་ཡོན་ལྷན་ཁང་གི་རིག་ཚན་དཔྱད་མོལ་རིགས་གཅིག་མཁས་ཅན1དང་ལེའོ་ཉིང་ཞིང་ཆེན་གྱི་སློབ་ཁྲིད་དགེ་རྒན་གྲགས་ཅན3བཅས་ཡོད། རྒྱལ་ཁབ་དང་ཞིང་ཆེན། པུའུ་རིམ་པའི་སྒྱུ་རྩལ་ཆེད་ལས་མཐུན་ཚོགས་དང་ཞིབ་འཇུག་ཚོགས་པའི་ཁོངས་མི30ལྷག་ཙམ་ཡོད།1

དཔྱད་གཞིའི་ཡིག་ཆ།