ཀྲུང་གོ་གསོ་རིག་སློབ་ཆེན་ནད་ཐོག་གསོ་རིག་སློབ་གླིང་།སྔ་མའི་པར་གཞི་དེ ལྷ་དབང་རྡོ་རྗེ།  ནས 2020-08-31 11:29ལ་འགྲུབ།

ཀྲུང་གོ་གསོ་རིག་སློབ་ཆེན་ནད་ཐོག་གསོ་རིག་སློབ་གླིང་།

ཀྲུང་གོ་གསོ་རིག་སློབ་ཆེན་ནད་ཐོག་གསོ་རིག་སློབ་གླིང་།
ཀྲུང་གོ་གསོ་རིག་སློབ་ཆེན་ནད་ཐོག་གསོ་རིག་སློབ་གླིང་ནི་ལེའོ་ཉིང་ཞིང་ཆེན་སློབ་གསོ་ཐིང་གིས2003ལོའི་ཟླ1པོར་ཆོག་མཆན་བཀོད་ནས་བཙུགས་པ་དང་། ལེའོ་ཉིང་ཞིང་ཆེན་སློབ་གསོ་ཐིང་གིས་སྒེར་ཚུགས་ཀྱི་སློབ་གླིང་གསར་པ་ཞིག་ཡིན་པར་གཏན་འཁེལ་བྱས། 2012ལོར་སློབ་མ་བསྡུ་མཚམས་བཞག
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中国医科大学临床医药学院
སློབ་གྲྭའི་ཁྱད་ཆོས།
སྒེར་ཚུགས་སློབ་གྲྭ།
བཙུགས་ལོ།
སྤྱི་ལོ2003ལོར་བཙུགས།
སློབ་གྲྭའི་རིགས་དབྱེ།
གསོ་རིག་སྨན་བཅོས།
སློབ་སྒྲུབ་ངོ་བོ།
དམངས་གཉེར་སློབ་གྲྭ།
གཞུང་ཕྱོགས་དྲ་གནས།
http://www.cmu.edu.cn
གཙོ་གཉེར་ཚན་པ།
ལེའོ་ཉིང་ཞིང་ཆེན་སློབ་གསོ་ཐིང་།
1 སློབ་གྲྭའི་ལོ་རྒྱུས།

སློབ་གླིང་འདི་ལིའོ་ཉིང་ཞིང་ཆེན་སློབ་གསོ་ཐིང་གིས2003ལོའི་ཟླ1པོར་ཆོག་མཆན་བཀོད་ནས་བཙུགས་པ་དང་། སློབ་གསོ་པུའུ་ཡིས་སྒེར་ཚུགས་ཀྱི་སློབ་གླིང་གསར་བ་ཞིག་ཡིན་པར་གཏན་འཁེལ་བྱས། དུས་ད་ལྟའི་བར་སྐབས་བཞི་ལ་སློབ་མ་བསྐྱེད་སྲིང་བྱས་ནས་སློབ་མཐར་ཕྱིན། ཞིབ་འཇུག་སློབ་མའི་རྒྱུགས་སྤྲོད་ཚད་ཞིང་ཆེན་ཡོངས་ཀྱི་སྒེར་ཚུགས་སློབ་གྲྭའི་མདུན་གྲལ་དུ་སླེབས་ཡོད། 

2 སློབ་གཉེར་དམིགས་འབེན།

ནད་ཐོག་གསོ་རིག་སློབ་གླིང་གི་སློབ་གཉེར་རིམ་པ་ནི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་དངོས་གཞིའི་ཚན་ཁག་དཀྱུས་མ་ཡིན་པ་དང་། སློབ་བསྡུའི་ཁྱབ་ཁོངས་ནི་རྒྱལ་ཡོངས་ལ་ཁ་ཕྱོགས་ཡོད། སློབ་གྲྭས་སློབ་མའི་གསོ་རིག་གི་རྨང་གཞི་བརྟན་པ་དང་། ཆེད་ལས་ནུས་རྩལ་ལེགས་པ། ཕྱི་རྒྱལ་གྱི་སྐད་ཡིག་ནུས་པ་ཅུང་ཆེ་བ། ཕྱོགས་བསྡུས་བྱང་ཚད་བཅས་སློབ་གཉེར་གྱི་ཁྱད་ཆོས་སུ་བཟུང་ནས་གསོ་སྐྱོང་བྱེད་ཀྱིན་ཡོད།

3 སྡེ་ཁག་དང་ཆེད་ལས་ཀྱི་སྒྲིག་བཀོད། 

སློབ་གྲྭར་ཡོད་པའི་སློབ་མ900ཡོད་པ་དང་། ཆེད་ལས་ལ་ནད་ཐོག་གསོ་རིག་དང་། གསོ་རིག་གཟུགས་བརྙན་རིག་པ། གསོ་རིག་ཞིབ་བཤེར། སྔོན་འགོག་གསོ་རིག ཁྲིམས་ལུགས་གསོ་རིག ནད་སྐྱོང་རིག་པ། སྨན་རྫས་རིག་པ། སྐྱེ་དངོས་གསོ་རིག་ལས་གཞི། སྐྱེ་དངོས་ཚན་རིག་དང་སྐྱེ་དངོས་ལག་རྩལ། ཆ་འཕྲིན་དོ་དམ་དང་ཆ་འཕྲིན་མ་ལག་སོགས་ཆེད་ལས11ཡོད།

ནད་ཐོག་གསོ་རིག་སློབ་གླིང་གི་སློབ་ཁྲིད་དང་དོ་དམ་ལས་དོན་ནི་ཀྲུང་གོའི་གསོ་རིག་སློབ་ཆེན་གྱིས་ཕྱོགས་ཡོངས་ནས་འགན་འཁུར་བཞིན་ཡོད། སློབ་གླིང་གིས་ཀྲུང་གོའི་གསོ་རིག་སློབ་ཆེན་གྱི་སློབ་ཁྲིད་ཐོན་ཁུངས་གྱ་ནོམ་པ་དང་། དགེ་རྒན་གྱི་དཔུང་ཁག་སྟོབས་ཆེ་བ། ཕུན་སུམ་ཚོགས་པའི་གསོ་རིག་སློབ་ཁྲིད་ཉམས་མྱོང་དང་དོ་དམ་ལམ་ལུགས་ནན་པོར་བརྟེན་ནས་སློབ་ཁྲིད་དགེ་རྒན་དང་དོ་དམ་ལས་བྱེད་པ་ལེགས་གྲས་བདམས་མངག་བྱས་ནས་སློབ་ཁྲིད་དང་དོ་དམ་བྱེད་བཞིན་ཡོད།

4 དགེ་རྒན་གྱི་དཔུང་ཁག   

སློབ་གྲྭས་ཀྲུང་གོའི་གསོ་རིག་སློབ་ཆེན་གྱི་དགེ་རྒན་གྱི་སྟོབས་ཤུགས་ལ་བརྟེན་ནས། འགག་རྩའི་སློབ་ཚན་ནི་ཀྲུང་གོ་གསོ་རིག་སློབ་ཆེན་གྱི་དགེ་རྒན་ཆེ་མོ་གདན་ཞུ་བྱས་ནས་སློབ་ཁྲིད་བྱེད་བཞིན་ཡོད་ལ། སློབ་ཚན་གཞན་དག་ནི་སློབ་གྲྭའི་ནང་གི་དགེ་རྒན་གྱིས་སློབ་ཁྲིད་བྱེད་བཞིན་ཡོད།

སློབ་གྲྭའི་དབྱིན་ཡིག་དགེ་རྒན་མ་གཏོགས་གཞན་དག་ཚང་མ་གསོ་རིག་སློབ་ཆེན་གྱི་ཕུལ་བྱུང་སློབ་མ་ཡིན་ལ། ཁག་གཅིག་གསོ་རིག་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་ནང་ཚུད་ཡོད། 

5 ཆེད་ལས་ངོ་སྤྲོད།
5_1 ནད་ཐོག་གསོ་རིག་ཆེད་ལས།

ནད་ཐོག་གསོ་རིག་ཆེད་ལས་ནི་རྨང་གཞི་བརྟན་པ་དང་ལག་རྩལ་ཆ་ཚང་བའི་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་བྱུང་བའི་ནད་ཐོག་གསོ་རིག་གི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ་ཞིག་ཡིན། ཆེད་ལས་འདིའི་དགེ་རྒན་གྱི་སྟོབས་ཤུགས་ཆེ་ཞིང་སློབ་ཁྲིད་ཀྱི་ཆུ་ཚད་སྔོན་ཐོན་ཡིན། སྨན་བཅོས་ལག་རྩལ་བྱང་ཆུབ་པ་དང་། ཞིབ་འཇུག་གི་གྲུབ་འབྲས་གཟེངས་སུ་ཐོན་པ། རིག་གཞུང་སྤེལ་རེས་རྒྱ་ཆེ་བ། གསོ་སྐྱོང་བྱས་པའི་འཇོན་མི་རྒྱལ་ནང་དུ་སྐད་གྲགས་ཆོད་པ། ཆེད་ལས་ཀྱི་ཐད་སློབ་མར་དེང་རབས་གསོ་རིག་གི་རྨང་གཞིའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ཤེས་བྱ། གཞི་རྩའི་རྩལ་ནུས་བཅས་ཁོང་དུ་ཆུད་པར་བྱེད་པ། རང་གིས་སྦྱངས་པའི་ཤེས་བྱ་དང་ནུས་རྩལ་སྤྱད་དེ་རྒྱུན་ཐོན་ནད་རིགས་དང་། དོགས་གཞི་ཆེ་བའི་ནད་རིགས་བཅས་སྔོན་འགོག་དང་སྨན་བཅོས་བྱེད་པའི་རྩ་དོན་ཡང་ཁོང་དུ་ཆུད་པར་བྱེད་པ། ཕྱི་རྒྱལ་གྱི་སྐད་ཡིག་ཅིག་སྤྱད་དེ་ཆེད་ལས་དཔེ་དེབ་ལ་ལྟ་ཀློག་བྱེད་པ་མ་ཟད། རྨང་གཞིའི་གསོ་རིག་དང་ནད་ཐོག་གསོ་རིག་གི་ཞིབ་འཇུག་ནུས་པ་ངེས་ཅན་ལྡན་པར་གསོ་སྐྱོང་བྱེད་པའོ།།

5_2 སྔོན་འགོག་གསོ་རིག་ཆེད་ལས།

སྔོན་འགོག་གསོ་རིག་ནི་གསོ་རིག་རིགས་ཀྱི་ཚན་རིག་གི་གྲུབ་ཆ་ཆེན་པོ་གསུམ་གྱི་གྲས་ཤིག་ཡིན། དེའི་ཞིབ་འཇུག་བྱ་ཡུལ་གཙོ་བོ་ནི་མི་མང་འདུ་ཚོགས་གཙོས་མི་ཚོགས་ཡིན། སྐྱེ་དངོས་གསོ་རིག་དང་། ཁོར་ཡུག་གསོ་རིག་དང་སྤྱི་ཚོགས་གསོ་རིག་གི་རིགས་པའི་གཞུང་ལུགས། རིམས་ནད་རིག་པ་དང་འཕྲོད་བསྟེན་བསྡོམས་རྩིས་རིག་པའི་ཐབས་ཤེས། ནད་དུག་རིག་པ། སྐྱེ་དངོས་རྫས་འགྱུར། རིམས་ཐར་རིག་པ་སོགས་ལག་རྩལ་མཐོ་གསར་སྤྱད་དེ། རང་བྱུང་དང་། སྤྱི་ཚོགས། རྒྱུད་འཛིན་བཅས་ཀྱི་རྒྱུ་རྐྱེན་གྱིས་བདེ་ཐང་ལ་ཐེབས་པའི་ཤུགས་རྐྱེན་དང་ནད་རིགས་འབྱུང་བ་དང་ཁྱབ་ཚུལ་གྱི་ཆོས་ཉིད་ལ་ཞིབ་འཇུག་བྱེད་བཞིན་ཡོད། 

དཔྱད་གཞིའི་ཡིག་ཆ།