ཧྲེན་དབྱང་ཚན་རྩལ་སློབ་གླིང་།སྔ་མའི་པར་གཞི་དེ ལྷ་དབང་རྡོ་རྗེ།  ནས 2020-08-31 11:40ལ་འགྲུབ།

ཧྲེན་དབྱང་ཚན་རྩལ་སློབ་གླིང་།

ཧྲེན་དབྱང་ཚན་རྩལ་སློབ་གླིང་།
ཧྲེན་དབྱང་ཚན་རྩལ་སློབ་གླིང་ནི་སྤྱི་ལོ1999ལོར་བཙུགས་པ་དང་། སློབ་གསོ་པུའུ་ཡིས་ཆོག་མཆན་གནང་ནས་བཙུགས་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་དངོས་གཞིའི་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
沈阳科技学院
དབྱིན་ཡིག་གི་མིང་།
Shenyang Institute of Science and Technology
བཙུགས་ལོ།
སྤྱི་ལོ1999ལོ།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧྲེན་དབྱང་།
སློབ་གྲྭའི་ཚབ་ཨང་།
13621
ས་གནས།
ལེའོ་ཉིང་ཞིང་ཆེན་ཧྲེན་དབྱང་གྲོང་ཁྱེར།
སློབ་སྒྲུབ་ངོ་བོ།
ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་དངོས་གཞིའི་མཐོ་རིམ་སློབ་གྲྭ།
རིགས་དབྱེ།
ཕྱོགས་བསྡུས།
1 ​ངོ་སྤྲོད་མདོར་བསྡུས།

ཧྲེན་དབྱང་ཚན་རྩལ་སློབ་གླིང་ནི་སྤྱི་ལོ1999ལོར་བཙུགས་པ་དང་། སློབ་གསོ་པུའུ་ཡིས་ཆོག་མཆན་གནང་ནས་བཙུགས་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་དངོས་གཞིའི་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན། 

2 ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ1999ལོའི་ཟླ6པར་ལེའོ་ཉིང་ཞིང་ཆེན་སློབ་གསོ་ཐིང་གིས་ཆོག་མཆན་ཐོབ་པ་བརྒྱུད་ཧྲེན་དབྱང་རྫས་འགྱུར་བཟོ་ལས་སློབ་གླིང་གི་གཞུང་ཁོངས་དམངས་གཉེར་ཡན་ལག་སློབ་གླིང་བཙུགས།

སྤྱི་ལོ1999ལོའི་ཟླ9པར་སྐབས་དང་པོའི་སློབ་མ་སློབ་གྲྭར་ཞུགས་ཤིང་། སློབ་གྲྭ་དེ་ཧྲེན་དབྱང་གྲོང་ཁྱེར་ཐའེ་ཞི་ཆུས་ཡུན་ཧྥེང་ལམ་དུ་གནས་ཡོད།

སྤྱི་ལོ2000ལོའི་ཟླ9པར་གཞུང་ཁོངས་དམངས་གཉེར་ཡན་ལག་སློབ་གླིང་ཧྲེན་དབྱང་རྫས་འགྱུར་བཟོ་ལས་སློབ་གླིང་སྒེར་ཚུགས་སུ་བཙུགས།

སྤྱི་ལོ2001ལོའི་ཟླ9པར་སློབ་གྲྭ་ཧྲེན་དབྱང་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ཁྲོམ་གཞུང་ཨང་11པར་གནས་སྤོར་བྱས།

སྤྱི་ལོ2002ལོའི་ཟླ4པར། ཧྲེན་དབྱང་རྫས་འགྱུར་བཟོ་ལས་སློབ་གླིང་གཞུང་ཁོངས་དམངས་གཉེར་ཡན་ལག་ཁང་ལ་ལེའོ་ཉིང་ཞིང་ཆེན་སློབ་གསོ་ཐིང་གིས་ཞིབ་བཤེར་དཔྱད་དཔོག་བྱས་པ་དང་། དཔྱད་འབྲས་གདེང་འཇོག་ཅུང་བཟང་པོ་ཐོབ།

སྤྱི་ལོ2002ལོའི་ཟླ6པར། དེ་སྔའི་ཀྲུང་གུང་ཧྲེན་དབྱང་རྫས་འགྱུར་བཟོ་ལས་སློབ་གླིང་གི་ཏང་ཨུས་གྲོས་བསྡུར་བྱས་ནས་གྲོས་འཆམ་བྱུང་བ་ལྟར་ཧྲེན་དབྱང་རྫས་འགྱུར་བཟོ་ལས་སློབ་གླིང་གི་གཞུང་ཁོངས་དམངས་གཉེར་ཡན་ལག་སློབ་གླིང་གི་མིང་ལ་ཧྲེན་དབྱང་རྫས་འགྱུར་བཟོ་ལས་སློབ་གླིང་གི་རང་བྱུང་རིག་པ་དང་བཟོ་སྐྲུན་སློབ་གླིང་ཞེས་བསྒྱུར།

སྤྱི་ལོ2005ལོའི་ཟླ་དང་པོར་སློབ་གྲྭས་སློབ་གསོ་པུའུ་ཡི་སློབ་ཁྲིད་ཆུ་ཚད་ཀྱི་དཔྱད་དཔོག་དང་ལེན་བྱས་པ་དང་ཆེད་མཁས་ཚོགས་པའི་གདེང་འཇོག་བཟང་པོ་ཐོབ། 

སྤྱི་ལོ2009ལོའི་ཟླ3པར་སློབ་གྲྭས་མཉམ་ལས་སློབ་གཉེར་གྲོས་མཐུན་ལ་མིང་རྟགས་བཀོད།

སྤྱི་ལོ2009ལོའི་ཟླ6པར་སློབ་གྲྭ་ཧྲེན་དབྱང་གྲོང་ཁྱེར་ཏུང་ལཱིང་ཆུས་པའེ་ཐཱ་ཁྲོམ་གཞུང་ཨང་380པར་གནས་སྤོར་བྱས།

སྤྱི་ལོ2010ལོའི་ཟླ3པར་ཧྲེན་དབྱང་རྫས་འགྱུར་བཟོ་ལས་སློབ་གླིང་ཁོའོ་ཡ་སློབ་གླིང་གི་མིང་ཧྲེན་དབྱང་རྫས་འགྱུར་བཟོ་ལས་སློབ་གྲྭ་ཆེན་མོའི་ཁོའོ་ཡ་སློབ་གླིང་ཞེས་པར་བསྒྱུར།

སྤྱི་ལོ2014ལོའི་ཟླ8པར། ཧྲེན་དབྱང་གྲོང་ཁྱེར་ཧེན་ནན་ཆུས་སློབ་ཁུལ་གསར་བར་གནས་སྤོར་བྱས།

སྤྱི་ལོ2016ལོའི་ཟླ4བར། སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད། ཧྲེན་དབྱང་རྫས་འགྱུར་བཟོ་ལས་སློབ་གྲྭ་ཆེན་མོའི་ཁོའོ་ཡ་སློབ་གླིང་སྒེར་ཚུགས་ཀྱི་དམངས་གཉེར་མཐོ་རིམ་སློབ་གྲྭ་དཀྱུས་མར་བསྒྱུར་འཛུགས་བྱས་ཤིང་། མིང་ལ་ཧྲེན་དབྱང་ཚན་རྩལ་སློབ་གླིང་ཞེས་བསྒྱུར།

3 སློབ་སྒྲུབ་ཆ་རྐྱེན།

སློབ་གྲྭའི་སློབ་ཁྲིད་ཚན་ཞིབ་དཔྱད་ཆས་སྒྲིག་ཆས་ཀྱི་རིན་ཐང་ཁྱོན་བསྡོམས་སྒོར་ཁྲི3410.41ཟིན། དཔེ་མཛོད་ཁང་དུ་ཉར་ཚགས་བྱས་ཡོད་པའི་དཔེ་དེབ་ཁྲི49.1ཡོད། གློག་རྡུལ་དཔེ་དེབ་མ་ལག་དང་རྩིས་འཁོར་དྲ་རྒྱའི་ཞབས་ཞུའི་མ་ལག་བཙུགས་ཡོད། སློབ་ཁྲིད་དང་འཚམ་པའི་ཚོད་ལྟ་ཁང་དང་། སྐད་གདངས་ཁང་། རྩིས་འཁོར་ཁང་བཅས་ཁྱོན70ཡོད། སློབ་ཕྱིའི་སློབ་ཁྲིད་ལག་ལེན་དང་དངོས་སྦྱོང་རྟེན་གཞི152ཡོད། དངོས་སྦྱོང་ཁོར་ཡུག་གིས་རྨང་གཞིའི་རང་བཞིན་དང་། བརྒྱུད་རིམ་རང་བཞིན། ནུས་པའི་རང་བཞིན་བཅས་ཀྱི་ཚོད་ལྟའི་བླང་བྱ་སྐོང་ཐུབ། སློབ་ཁྲིད་འཆར་གཞིའི་ནང་གཏན་འབེབས་བྱས་པའི་ཚོད་ལྟ་དང་དངོས་སྦྱོང་སློབ་ཚན་ཁྲིད་ཚད100%ཟིན་ཡོད།

4 དགེ་རྒན་གྱི་དཔུང་སྡེ།

ད་ལྟ་སློབ་གྲྭར་ཆེད་བསྐོས་དགེ་རྒན363ཡོད། མཐོ་རིམ་གཞོན་པའི་ཆེད་ལས་ལག་རྩལ་གྱི་གོ་གནས་ཡོད་མཁན115དང་ཞིབ་འཇུག་སློབ་མའི་བསླབ་གནས་ཡོད་པའི་དགེ་རྒན 231ཡོད།

5 གཟི་བརྗིད་མཚན་སྙན།

“སྤྱི་ལོ2019ལོའི་ཀྲུང་གོའི་དམངས་བཙུགས་སློབ་ཆེན་ལས་རྒྱལ་སྤྱི་ཅན་གྱི་ནུས་པ་ཡོད་པའི་སློབ་གྲྭ300ཡི་འགྲན་རྩོད”ཁྲོད་ཨང118པར་བདམས་ཐོན་བྱུང་། 

ལས་གཏོད་དུས་རབས་དྲ་བས་ཁྱབ་བསྒྲགས་བྱས་པའི“སྤྱི་ལོ2019ལོའི་ཀྲུང་གོའི་དམངས་གཉེར་སློབ་ཆེན་གྱི་ལས་གཏོད་ནུས་པ་ཆེན་པོ་ལྡན་པའི་སློབ་གྲྭ300ཡི་འགྲན་རྩོད”ཁྲོད་ཨང216པ་བླངས།

དཔྱད་གཞིའི་ཡིག་ཆ།