དབྱིན་ཁོའུ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་།སྔ་མའི་པར་གཞི་དེ ལྷ་དབང་རྡོ་རྗེ།  ནས 2020-08-31 11:07ལ་འགྲུབ།

དབྱིན་ཁོའུ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་།

དབྱིན་ཁོའུ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་།
དབྱིན་ཁོའུ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་ནི་སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་ནས་བཙུགས་པའི་གཞུང་གཉེར་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་དངོས་གཞིའི་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན། སློབ་གྲྭ་ནི་དབྱིན་ཁོའུ་སློབ་ཆེན་གྱི་རྨང་གཞིའི་ཐོག་བཙུགས་པའི་དངོས་གཞིའི་སློབ་གླིང་ཞིག་ཡིན། སྤྱི་ལོ2009ལོའི་ཟླ1པོར་ལེའོ་ཉིང་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་དབྱིན་ཁོའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་བྱང་ཤར་ནོར་དཔལ་སློབ་ཆེན་དང་། ལེའོ་ཉིང་ཚན་རྩལ་སློབ་ཆེན། ལེའོ་ཉིང་རྡོ་སྣུམ་རྫས་འགྱུར་བཟོ་ལས་སློབ་ཆེན་བཅས་དང་མཉམ་ལས་བྱས་ནས་དབྱིན་ཁོའུ་སློབ་གླིང་བཙུགས་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
营口理工学院
དབྱིན་ཡིག་གི་མིང་།
YingKou Institute of Technology
བཙུགས་ལོ།
སྤྱི་ལོ2013ལོར་བཙུགས།
སློབ་གྲྭའི་རིགས་དབྱེ།
རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ།
སློབ་སྒྲུབ་ངོ་བོ།
གཞུང་གཉེར་སློབ་ཆེན།
སློབ་གྲྭའི་ཚབ་ཨང་།
14435
གཙོ་གཉེར་ཚན་པ།
ལེའོ་ཉིང་ཞིང་ཆེན་སློབ་གསོ་ཐིང་།
གཞུང་ཕྱོགས་དྲ་གནས།
http://www.yku.edu.cn
ལས་ཐོག་སློབ་གཙོ།
ཞཱ་ལི་ཞིང་།
1 ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ1958ལོར་དབྱིན་ཁོའུ་བཟོ་ལས་སློབ་གླིང་དང་། དབྱིན་ཁོའུ་གསོ་རིག་སློབ་གླིང་། དབྱིན་ཁོའུ་མཚོ་ཆུའི་རྫས་འགྱུར་བཟོ་ལས་ཆེད་ཚན་སློབ་གྲྭ་བཅས་སྔ་རྗེས་སུ་བཙུགས་ཤིང་། བར་ཆད་མང་པོ་བརྒྱུད་པའི་སྤྱི་ལོ1963ལོར་མཐོ་རིམ་སློབ་གྲྭ་གསུམ་གྱིས་སློབ་གཉེར་བྱེད་མཚམས་བཞག

སྤྱི་ལོ1978ལོར་ལེའོ་ཉིང་དགེ་འོས་སློབ་གླིང་དབྱིན་ཁོའུ་ཡན་ལག་སློབ་གླིང་གིས་དབྱིན་ཁོའུ་དགེ་འོས་སློབ་གྲྭ་ནས་སློབ་མ་བསྡུ་འགོ་ཚུགས། དེའི་རྗེས་སུ་དབྱིན་ཁོའུ་སློབ་གསོ་སློབ་གླིང་དང་དབྱིན་ཁོའུ་གྲོང་ཁྱེར་གྱི་ལས་བཟོ་པའི་སློབ་ཆེན་དར་མའི་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་བཅས་སྔ་རྗེས་སུ་བཙུགས།

སྤྱི་ལོ1983ལོ་ནས་སྤྱི་ལོ1984ལོའི་བར། དབྱིན་ཁོའུ་དགེ་འོས་ཆེད་སྦྱོང་སློབ་གྲྭ་དང་། ཡིན་ཁོའུ་སློབ་ཆེན། ཞུང་ཡུའེ་ཞིང་ལས་ཆེད་སྦྱོང་སློབ་གྲྭ་བཅས་སྔ་རྗེས་སུ་བཙུགས་པ་དང་། མཐོ་རིམ་ཆེད་སྦྱོང་ཚན་ཁག་གི་སློབ་གསོ་དཀྱུས་མ་གཉེར་འགོ་ཚུགས།

སྒྱུར་བཅོས་སྒོ་འབྱེད་རྗེས་ཀྱི་ལོ20སྤྱི་ལོ2000ལོར་སླེབས་སྐབས་དབྱིན་ཁོའུ་ས་ཁོངས་སུ་གནས་པའི་མཐོ་རིམ་སློབ་གྲྭར་ལེའོ་ཉིང་ཞིང་ཆེན་ཞིང་ལས་ལས་རིགས་ལག་རྩལ་སློབ་གླིང་དང་དབྱིན་ཁོའུ་ལས་རིགས་ལག་རྩལ་སློབ་གླིང་གཉིས་ལས་མེད།

སྤྱི་ལོ2003ལོར་དབྱིན་ཁོའུ་ཡིས་ཞིང་ཆེན་སྲིད་གཞུང་དང་སློབ་གསོ་པུའུ་ལ་ལིའོ་ཉིང་ཞིང་ལས་ལས་རིགས་ལག་རྩལ་སློབ་གླིང་དང་དབྱིན་ཁོའུ་ལས་རིགས་ལག་རྩལ་སློབ་གླིང་ཟླ་སྒྲིལ་བཏང་ནས་ལེའོ་ཉིང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་དུ་བསྒྱུར་བར་རེ་ཞུ་བྱས། འོན་ཀྱང་སྐབས་དེར་སློབ་གསོ་པུའུ་ཡིས་ལེའོ་ཉིང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་དུ་བསྒྱུར་བར་ལ་ཆོག་མཆན་མ་སྤྲད།

དེའི་རྗེས་ཀྱི་སྤྱི་ལོ2012ལོའི་ཟླ་དང་པོར་དབྱིན་ཁོའུ་གྲོང་ཁྱེར་སྲིད་གཞུང་གིས་ལེའོ་ཉིང་ཞིང་ཆེན་སྲིད་གཞུང་ལ་དབྱིན་ཁོའུ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་འཛུགས་རྒྱུའི་རེ་ཞུ་བྱས་ཤིང་། ལོ་དེའི་ཟླ8པའི་ཚེས20ཉིན《ལེའོ་ཉིང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་དབྱིན་ཁོའུ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་འཛུགས་རྒྱུའི་སྐོར་གྱི་རེ་ཞུ་ཡི་གེ》སློབ་གསོ་པུའུ་ལ་སྙན་སེང་ཞུས།

སྤྱི་ལོ2013ལོའི་ཟླ་དང་པོར། རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭར་དཔྱད་མོལ་ཨུ་ཡོན་ལྷན་ཁང་སྐབས་དྲུག་པའི་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གྲོས་ཞིབ་བྱས་པ་བརྒྱུད། ལོ་དེའི་ཟླ4ཚེས18ཉིན། 《སློབ་གསོ་པུའུ་ཡི་དབྱིན་ཁོའུ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་འཛུགས་པར་འཐད་པ་བྱུང་བའི་སྐོར་གྱི་ཡི་གེ》ནང་དབྱིན་ཁོའུ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་འཛུགས་པར་འཐད་པ་བྱུང་།

2 སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།

སྤྱི་ལོ2020ལོའི་ཟླ5པར་གཞུང་ཕྱོགས་དྲ་གནས་ཐོག་མངོན་པར་གཞིགས་ན། སློབ་གྲྭར་དངོས་གཞིའི་ཆེད་ལས26ཡོད་ལ། འཕྲུལ་ཆས་དང་སྒུལ་ཤུགས་བཟོ་སྐྲུན་སློབ་གླིང་། རྒྱུ་ཆའི་ཚན་རིག་དང་བཟོ་སྐྲུན་སློབ་གླིང་། གློག་ཤུགས་བཟོ་སྐྲུན་སློབ་གླིང་། རྫས་འགྱུར་དང་ཁོར་ཡུག་བཟོ་སྐྲུན་སློབ་གླིང་། དཔལ་འབྱོར་དོ་དམ་སློབ་གླིང་། མར་ཁེ་སི་རིང་ལུགས་སློབ་གླིང་བཅས་རིམ་པ་གཉིས་པའི་སློབ་གླིང6ཡོད།    

3 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2017ལོའི་ཟླ2པར་གཞུང་ཕྱོགས་དྲ་གནས་ཐོག་མངོན་པར་གཞིགས་ན། སློབ་གྲྭར་ཆེད་བསྐོས་དགེ་རྒན343ཡོད་པ་དང་། མཐོ་རིམ་གཞོན་པ་ཡན་གྱི་གོ་མིང་ཡོད་པའི་དགེ་རྒན་གྱིས་དགེ་རྒན་བསྡོམས་འབོར་གྱི་བསྡུར་ཚད42.57%ཟིན་ཡོད། དེའི་ནང་དགེ་རྒན་ཆེན་མོ72ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་པའི་དགེ་རྒན་གྱིས་དགེ་རྒན་བསྡོམས་གྲངས་ཀྱི64.14%ཟིན་ཡོད། འབུམ་རམས་པའི་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་པའི་དགེ་རྒན53ཡོད་པ་དེས་དགེ་རྒན་བསྡོམས་འབོར་གྱི15.45%བཟུང་ཡོད། རང་བྱུང་རིག་པའི་ཆེད་ལས་ཀྱི་དགེ་རྒན97ཡོད། བཟོ་སྐྲུན་རིག་པའི་ཆེད་ལས་ཀྱི་དགེ་རྒན111དང་། དོ་དམ་རིག་པའི་ཆེད་ལས་ཀྱི་དགེ་རྒན109ཡོད།

4 ཞིབ་འཇུག་གྲུབ་འབྲས། 

སྤྱི་ལོ2017ལོའི་ཟླ2པར་གཞུང་ཕྱོགས་དྲ་གནས་ཐོག་མངོན་པར་གཞིགས་ན། སློབ་གྲྭའི་དགེ་རྒན་གྱིས་ཚན་ཞིབ་ལས་གཞི་སྣ་ཚོགས55ལྷག་ལེགས་འགྲུབ་ཟིན་པ་དང་། རིག་གཞུང་དཔྱད་རྩོམ236ཡོངས་བསྒྲགས་སུ་སྤེལ། སྤྱི་ལོ2014ལོ་ནས་སྤྱི་ལོ2015ལོའི་བར་དུ། སློབ་གྲྭས་ཚན་ཞིབ་རིགས་ཀྱི་དཔྱད་ཞིབ་བྱེད་སྒོ་སྤེལ་བ་དང་ཚན་ཞིབ་གྲུབ་འབྲས110ལྷག་ལ་བྱ་དགའ་ཐོབ། དེའི་ནང་ཚན་རིག་ཞིབ་འཇུག་གི་བྱ་དགའ4དང་རིག་གཞུང་དཔྱད་རྩོམ་རིགས92རིག་གཞུང་བརྩམས་ཆོས་རིགས14བཅས་ཡོད།

སྤྱི་ལོ2015ལོའི་ཟླ3པར། སློབ་གྲྭའི་དགེ་རྒན་ཆེ་མོ་བ་ཝང་ཧུའེ་ཏེ་ཡིས་གཙོ་སྐྱོང་གནང་བའི་ཚན་ཞིབ་བྱ་གཞི《ཏང་ཕྱིའི་མི་སྣའི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་ལེགས་ཆ་དང་ནུས་པ》ལ་ལེའོ་ཉིང་ཞིང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་སྤྱི་ལོ2014ལོའི་འཐབ་ཕྱོགས་གཅིག་གྱུར་གྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་གི་ཕུལ་བྱུང་གྲུབ་འབྲས་དཔྱད་བསྡུར་བྱེད་སྒོའི་ཁྲོད་བྱ་དགའ་ཨང་གཉིས་པ་ཐོབ།


དཔྱད་གཞིའི་ཡིག་ཆ།