ལེའོ་ཉིང་ནོར་སྲིད་ཉོ་ཚོང་སློབ་གླིང་།སྔ་མའི་པར་གཞི་དེ ལྷ་དབང་རྡོ་རྗེ།  ནས 2020-08-31 10:43ལ་འགྲུབ།

ལེའོ་ཉིང་ནོར་སྲིད་ཉོ་ཚོང་སློབ་གླིང་།

ལེའོ་ཉིང་ནོར་སྲིད་ཉོ་ཚོང་སློབ་གླིང་།
ལེའོ་ཉིང་ནོར་སྲིད་ཉོ་ཚོང་སློབ་གླིང་ནི་རྒྱལ་ཁབ་སློབ་གསོ་པུའུ་ཡིས་ཆོག་མཆན་བཀོད་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་དངོས་གཞིའི་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན། སྤྱི་ལོ2005ལོར་ཧྲེན་དབྱང་དགེ་འོས་སློབ་ཆེན་པོ་ཧའེ་སློབ་གླིང་བཙུགས། སྤྱི་ལོ2008ལོའི་ཟླ9པར་སློབ་གསོ་པུའུ་ཡིས་ཆོག་མཆན་གནང་ནས་ལེའོ་ཉིང་ནོར་སྲིད་ཉོ་ཚོང་སློབ་གླིང་དུ་བསྒྱུར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
辽宁财贸学院
དབྱིན་ཡིག་གི་མིང་།
Liaoning Finance And Trade College
བཙུགས་ལོ།
སྤྱི་ལོ2005ལོའི་ཟླ9བའི་ཚེས1ཉིན་བཙུགས།
སློབ་གྲྭའི་རིགས་དབྱེ།
ནོར་དཔལ་རིགས།
སློབ་སྒྲུབ་ངོ་བོ།
དམངས་གཉེར་སློབ་ཆེན་དཀྱུས་མ།
གཙོ་གཉེར་ཚན་པ།
ལེའོ་ཉིང་སློབ་གསོ་ཐིང་།
སློབ་གྲྭའི་ཚབ་ཨང་།
13900
དངོས་གཞིའི་ཆེད་ལས།
35ཡོད།
གཞུང་ཕྱོགས་དྲ་གནས།
http://www.lncmxy.com
1 ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ2005ལོར་ཧྲེན་དབྱང་དགེ་འོས་སློབ་ཆེན་དང་མཉམ་ལས་བྱས་ཏེ་ཧྲེན་དབྱང་དགེ་འོས་སློབ་ཆེན་པོ་ཧའེ་སློབ་གླིང་བཙུགས།    

སྤྱི་ལོ2008ལོར་རྒྱལ་ཁབ་སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད། ཧྲེན་དབྱང་དགེ་འོས་སློབ་ཆེན་པོ་ཧའེ་སློབ་གླིང་སྒེར་ཚུགས་ཀྱི་དངོས་གཞིའི་ཚན་ཁག་གི་མཐོ་རིམ་སློབ་གྲྭ་དཀྱུས་མར་བསྒྱུར། མིང་ལ་ལེའོ་ཉིང་ནོར་སྲིད་ཚོང་ཉོ་ཚོང་སློབ་གླིང་ཞེས་བསྒྱུར། རྒྱལ་ཡོངས་ཀྱི་ཁག་དང་པོའི་སྒེར་ཚུགས་སློབ་གླིང་ནས་དམངས་གཉེར་མཐོ་སློབ་དཀྱུས་མར་བསྒྱུར་བའི་སློབ་གླིང་བཞིའི་གྲས་ཡིན།

2 སློབ་སྒྲུབ་ཆ་རྐྱེན།

སྤྱི་ལོ2019ལོའི་ཟླ12པའི་བར། སློབ་གླིང་གི་སྤྱིའི་རྒྱ་ཁྱོན་ལ་མུའུ1094.8ཟིན་པ་དང་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི29ཟིན་ཡོད། སློབ་གྲྭར་སློབ་ཁུལ་གཙོ་བོ་དང་། སྐྱེ་ཁམས་གླིང་བཅས་བཙུགས་ཡོད། ཆེད་ལས་སོ་སོའི་དངོས་སྦྱོང་ཁང41ཡོད། ཆུ་རྐྱལ་ཁང་དང་། སྤོ་ལོ་ཁང་། ལུས་སྦྱོང་ཁང་། གཟུགས་མཛེས་ལུས་སྦྱོང་ཁང་། རྐང་རྩེད་སྤོ་ལོའི་ཐང་སོགས་ལས་རྩལ་ཐང19བཙུགས་ཡོད། 

3 སློབ་གླིང་དང་སྡེ་ཁག་གི་ཆེད་ལས།

སློབ་གྲྭར་དངོས་གཞིའི་ཚན་ཁག་གི་ཆེད་ལས36ཡོད། དཔལ་འབྱོར་དང་སློབ་གསོ། རིག་གནས། བཟོ་ལས། དོ་དམ། སྒྱུ་རྩལ་སོགས་རིག་ཚན་མང་པོ་ཡོད་ཅིང་། ད་ལྟ་སློབ་གྲྭར་ཡོད་པའི་སློབ་མ་ཁྲི1ལྷག་ཡོད། ཆེད་བསྐོས་དགེ་རྒན668ཡོད། སློབ་གླིང་གིས་ཏང་གི་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་དགོས། ས་གནས་ཀྱི་དཔལ་འབྱོར་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བའི་སློབ་གཉེར་རྩ་དོན་མཐའ་འཁྱོངས་བྱས་ནས་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་གཉེར་བ་དང་། “ཀུན་སྤྱོད་བཟང་བ་དང་། རིག་གནས་ཡོད་པ། ནུས་པ་ཡོད་པ། གསར་གཏོད་ཀྱི་སྙིང་སྟོབས་ཡོད་པ། ལུས་སེམས་བདེ་ཐང་གི་ཉེར་སྤྱོད་རྣམ་པའི་འཇོན་མི”གསོ་སྐྱོང་བྱས་ནས་གཞི་ལེའོ་ཉིང་དུ་ཚུགས་ཀྱང་རྒྱལ་ཡོངས་ལ་ཁྱབ་པ། གཞི་རིམ་ལ་ཞབས་འདེགས་ཞུ་བ། ཁྱད་ཆོས་མངོན་གསལ་དོད་པའི“སློབ་མའི་བློ་ཡིད་ཚིམ་པ། ཁྱིམ་བདག་གི་ཐུགས་བློ་བདེ་བ། སྤྱི་ཚོགས་ཐོག་བསྔགས་བརྗོད་བྱེད་པ”བཅས་ཀྱི་དངོས་གཞིའི་ཚན་ཁག་གི་སློབ་གྲྭ་རྩེ་གྲ་ཞིག་བསྐྲུན་རྒྱུའི་འཆོད་སེམས་ཡོད།

4 གཟི་བརྗིད་མཚན་སྙན།

སློབ་གྲྭའི་དགེ་སློབ་གཉིས་ལ་རྒྱལ་ཁབ་རིམ་པའི་བྱ་དགའ269དང་ཞིང་ཆེན་རིམ་པའི་བྱ་དགའ427ཐོབ་ཡོད། 

སྤྱི་ལོ2018ལོ་དང་སྤྱི་ལོ2019ལོར་ལེའོ་ཉིང་ཞིང་ཆེན་གྱི་དཔལ་འབྱོར་དང་དོ་དམ་རིགས་ཀྱི་ཆེད་ལས་གཅིག་གྱུར་རྒྱུགས་ལེན་ཁྲོད། སློབ་གླིང་གི་སྤྱིའི་ཆ་སྙོམས་ཀྱི་སྦྱངས་འབྲས་ལེའོ་ཉིང་ཞིང་ཆེན་གྱི་མདུན་གྲལ་དུ་སླེབས་ཡོད། 

སྤྱི་ལོ2016ལོ་དང་སྤྱི་ལོ2018ལོའི་རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གསོའི་བློ་ཡིད་ཚིམ་ཚད་བརྟག་དཔྱད་ཁྲོད་དངོས་གཞིའི་ཚན་ཁག་གི་སློབ་གསོའི་བློ་ཡིད་ཚིམ་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཚད་གཞི་ལས་བརྒྱ་ཆའི་གྲངས10ལས་མཐོ་བ་ཟིན་ཡོད།


དཔྱད་གཞིའི་ཡིག་ཆ།