ལེའོ་ཉིང་ཀྲུང་ལུགས་གསོ་རིག་སློབ་ཆེན་ཞང་ལིན་སློབ་གླིང་།སྔ་མའི་པར་གཞི་དེ ལྷ་དབང་རྡོ་རྗེ།  ནས 2020-08-31 11:18ལ་འགྲུབ།

ལེའོ་ཉིང་ཀྲུང་ལུགས་གསོ་རིག་སློབ་ཆེན་ཞང་ལིན་སློབ་གླིང་།

ལེའོ་ཉིང་ཀྲུང་ལུགས་གསོ་རིག་སློབ་ཆེན་ཞང་ལིན་སློབ་གླིང་།
ལེའོ་ཉིང་ཀྲུང་ལུགས་གསོ་རིག་སློབ་ཆེན་ཞང་ལིན་སློབ་གླིང་ནི་སྤྱི་ལོ2001ལོའི་ཟླ7པར་བཙུགས། ལེའོ་ཉིང་ཞིང་ཆེན་སློབ་གསོ་ཐིང་གིས་ཞིབ་བཤེར་གཏན་འབེབས་བྱས་པ་དང་རྒྱལ་ཁབ་སློབ་གསོ་པུའུ་ཡིས་ཆོག་མཆན་སྤྲད་ནས་བཙུགས་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་དངོས་གཞིའི་མཐོ་སློབ་ཅིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང།
辽宁中医药大学杏林学院
དབྱིན་ཡིག་གི་མིང་།
Liaoning University of Traditional Chinese Medicine Xinglin College
བཙུགས་ལོ།
སྤྱི་ལོ2001ལོའི་ཟླ7པའི་ནང་བཙུགས།
སློབ་སྒྲུབ་ངོ་བོ།
ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་དངོས་གཞིའི་མཐོ་སློབ།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ལེའོ་ཉིང་།
གཞུང་ཕྱོགས་དྲ་གནས།
http://www.lncmxl.edu.cn
རིགས་དབྱེ།
གསོ་རིག
གཙོ་གཉེར་ཚན་པ།
ལེའོ་ཉིང་ཞིང་ཆེན་སློབ་གསོ་ཐིང་།
ལས་ཐོག་སློབ་གཙོ།
ཞའོ་ཅན་ཏུང་།
1 ​སློབ་གླིང་ངོ་སྤྲོད།

ལེའོ་ཉིང་ཀྲུང་ལུགས་གསོ་རིག་སློབ་ཆེན་ཞང་ལིན་སློབ་གླིང་ནི་སྤྱི་ལོ2001ལོའི་ཟླ7པར་བཙུགས། ལེའོ་ཉིང་ཞིང་ཆེན་སློབ་གསོ་ཐིང་གིས་ཞིབ་བཤེར་གཏན་འབེབས་བྱས་པ་དང་རྒྱལ་ཁབ་སློབ་གསོ་པུའུ་ཡིས་ཆོག་མཆན་སྤྲད་ནས་བཙུགས་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་དངོས་གཞིའི་མཐོ་སློབ་ཅིག་ཡིན།

2 ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ2001ལོའི་ཟླ7པར་ལེའོ་ཉིང་ཀྲུང་ལུགས་གསོ་རིག་སློབ་གླིང་གི་ཞང་ལིན་སློབ་གླིང་བཙུགས།

སྤྱི་ལོ2004ལོའི་ཟླ3པར་རྒྱལ་ཁབ་སློབ་གསོ་པུའུ་ཡིས་ལེའོ་ཉིང་ཀྲུང་ལུགས་གསོ་རིག་སློབ་གླིང་གི་ཞང་ལིན་སློབ་གླིང་ནི་སྒེར་ཚུགས་ཀྱི་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་དངོས་གཞིའི་མཐོ་སློབ་ལ་བསྒྱུར་བར་ཆོག་མཆན་སྤྲད།

སྤྱི་ལོ2006ལོའི་ཟླ3པའི་ཚེས28ཉིན། ལེའོ་ཉིང་ཞིང་ཆེན་སློབ་གསོ་ཐིང་གིས་ཞིབ་བཤེར་གཏན་འབེབས་བྱས་པ་དང་རྒྱལ་ཁབ་སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད་མིང་ལ་ལེའོ་ཉིང་ཀྲུང་ལུགས་གསོ་རིག་སློབ་ཆེན་ཞང་ལིན་སློབ་གླིང་དུ་བསྒྱུར།

3 སློབ་སྒྲུབ་ཆ་རྐྱེན།

སློབ་གྲྭའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་ཁྲི34.14ཟིན་ཡོད། སློབ་གྲྭའི་སྲིད་འཛིན་ཁང་པ་སྨི་གྲུ་བཞི་མ་ཁྲི་5.5ཡོད། སློབ་ཁྲིད་སྒྲིག་ཆས་ཀྱི་རིན་ཐང་ཁྱོན་བསྡོམས་མི་དམངས་སྒོར་ཁྲི4243.91ཟིན་པ་དང་། དཔེ་མཛོད་ཁང་དུ་དཔེ་དེབ་ཁྲི34.47ལྷག་ཉར་ཚགས་བྱས་ཡོད།

4 དགེ་རྒན་གྱི་དཔུང་སྡེ།

སློབ་གླིང་གིས་རྒྱལ་ཡོངས་ཀྱི་ཞིང་ཆེན22ལ་ཁ་ཕྱོགས་ནས་སློབ་མ་བསྡུ་བ་དང་ད་ལྟ་སློབ་གྲྭར་སློབ་མ8000ལྷག་ཙམ་ཡོད། དགེ་རྒན་གྱི་དཔུང་སྡེ་ནི་གཙོ་བོ་ལོ་མང་པོར་སློབ་ཁྲིད་དང་ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་ལྡན་པའི་དགེ་རྒན་ལས་གྲུབ་པ་ཞིག་ཡིན། འབུམ་རམས་པ་དང་རབ་འབྱམས་པའི་བསླབ་གནས་ཡོད་པའི་དགེ་རྒན་གྱིས90%ཡན་ཟིན། དགེ་རྒན་ཆེན་མོ་དང་དགེ་རྒན་ཆེན་མོ་གཞོན་པའི་གོ་མིང་ཡོད་པའི་དགེ་རྒན་གྱིས60%ཟིན་ཡོད་པ་མ་ཟད། ལེའོ་ཉིང་ཀྲུང་ལུགས་གསོ་རིག་སློབ་ཆེན་གྱི་དགེ་རྒན་གདན་ཞུ་བྱས་ནས་རྒྱུན་དུ་སློབ་ཁྲིད་བྱེད་ཀྱིན་ཡོད།

5 སློབ་ཁྲིད་གྲུབ་འབྲས།

སློབ་གླིང་གིས་ཆེད་ལས་དང་རིག་ཚན་འཛུགས་སྐྱོང་ལ་མཐོང་ཆེན་བྱེད་པ་མ་ཟད། སློབ་མའི་བྱང་ཚད་གསོ་སྐྱོང་ལ་དེ་བས་མཐོང་ཆེན་བྱེད་ཀྱི་ཡོད། སྤྱི་ལོ2008ལོའི་ལེའོ་ཉིང་ཞིང་ཆེན་གྱི་སློབ་ཆེན་སློབ་མའི“འགྲན་སློང་བུམ་པའི”རྒྱལ་ཡོངས་ཀྱི་སློབ་ཆེན་སློབ་མའི་ལས་གཏོད་ཇུས་འགོད་འགྲན་བསྡུར་ཆེན་པོའི་ཁྲོད། ངེད་སློབ་གླིང་གི་སྤྱི་ལོ2005ལོའི་ཀྲུང་ལུགས་གསོ་རིག་ཆེད་ལས་ཀྱི་སློབ་མ་ལི་ཁྲང་དང་སུའུ་ཡུས་ཏིང་ལ་དམིགས་བསལ་གྱི་བྱ་དགའ་ཐོབ། སྤྱི་ལོ2006ལོའི་ཀྲུང་ལུགས་གསོ་རིག་ནད་ཐོག་གསོ་རིག་ཆེད་ལས་ཀྱི་སློབ་མ་ལི་ཞུའེ་ཤེན་ལ་བྱ་དགའ་ཨང་གསུམ་པ་ཐོབ། སྤྱི་ལོ2009ལོའི་ལེའོ་ཉིང་ཞིང་ཆེན་གྱི་སློབ་ཆེན་སློབ་མའི“འགྲན་སློང་བུམ་པའི”སློབ་ཕྱིའི་རིག་གཞུང་ཚན་རྩལ་བརྩམས་ཆོས་འགྲན་བསྡུར་ཆེན་པོའི་ཁྲོད། སློབ་གླིང་གི་ཝང་ཧན་ཅུས་དང་མཱ་ཏན་ཏན་སློབ་གྲོགས་གཉིས་ལ་བྱ་དགའ་ཨང་དང་པོ་ཐོབ། ཉིའུ་ཡུང་ཉིང་སོགས་སློབ་གྲོགས7ལ་བྱ་དགའ་ཨང་གསུམ་པ་ཐོབ། ཞིང་ཆེན་རིམ་པའི་ཕུལ་བྱུང་གཉིས་ལྡན་ཀྱི་དཔྱད་བསྡུར་ཁྲོད། ལེའོ་ཉིང་ཞིང་ཆེན་གྱི་ཕུལ་བྱུང་སློབ་མའི་ལས་བྱེད་པ1དང་ཕུལ་བྱུང་གུང་གཞོན་ཚོགས་པའི་ཚོགས་མི2ལེའོ་ཉིང་ཞིང་ཆེན་གྱི་ཕུལ་བྱུང་སློབ་ཐོན་སློབ་མ8ཡོད། རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའ་ཐོབ་པའི་སློབ་མ4དང་། ཞིང་ཆེན་སྲིད་གཞུང་གི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའ་ཐོབ་པའི་པའི་སློབ་མ5བཅས་ཡོད།

6 གཟི་བརྗིད་མཚན་སྙན།

ལས་གཏོད་དུས་རབས་དྲ་བས་ཁྱབ་བསྒྲགས་བྱས་པའི“སྤྱི་ལོ2019ལོའི་ཀྲུང་གོའི་དམངས་གཉེར་སློབ་ཆེན་གྱི་ལས་གཏོད་ནུས་པ་ཆེན་པོ་ལྡན་པའི་སློབ་གྲྭ300ཡི་འགྲན་རྩོད”ཁྲོད་ཨང173པ་བླངས།

7 ལས་ཞུགས་གནས་ཚུལ།

ཉེ་བའི་ལོ་ཤས་རིང་སློབ་མཐར་ཕྱིན་པའི་སློབ་མའི་ལས་ཞུགས་ཚད90%ཡན་ཟིན་པ་དང་། ལོ་རེའི་ལས་ཞུགས་ཚད་ཡར་འཕར་བཞིན་འདུག སློབ་གླིང་དུ་ལོ་ལྟར་པེ་ཅིང་ཀྲུང་ལུགས་གསོ་རིག་སློབ་ཆེན་དང་། ཧྲང་ཧའེ་ཀྲུང་ལུགས་གསོ་རིག་སློབ་ཆེན། ཐེན་ཅིན་ཀྲུང་ལུགས་གསོ་རིག་སློབ་ཆེན། ལེའོ་ཉིང་ཀྲུང་ལུགས་གསོ་རིག་སློབ་ཆེན་སོགས་སློབ་གྲྭ་གྲགས་ཅན་དག་ལ་རྒྱུགས་འཕྲོད་ནས་མུ་མཐུད་དུ་ཟབ་སྦྱོང་བྱེད་བཞིན་ཡོད། ཧྲེན་དབྱང་དམག་ཁུལ་གྱི་སྤྱི་ཁྱབ་སྨན་ཁང་དང་། ཀྲུང་གོ་གསོ་རིག་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་དང་པོ། ཀྲུང་གོ་གསོ་རིག་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་གཉིས་པ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་བཞི་དྲུག་གསུམ་སྨན་ཁང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི202སྨན་ཁང་། ལེའོ་ཉིང་ཀྲུང་ལུགས་གསོ་རིག་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་། ལེའོ་ཉིང་ཞིང་ཆེན་གྱི་སྐྲན་ནད་སྨན་ཁང་། དེ་བཞིན་གྲོང་ཁྱེར་དང་རྫོང་ཁག་གི་རིམ་གསུམ་སྨན་ཁང་དང་དམངས་གཉེར་སྨན་ཁང་བཅས་སུ་ལས་ཞུགས་བྱས་ཡོད་པ་མ་ཟད། སློབ་གླིང་གི་སློབ་མར་གདེང་འཇོག་ཀྱང་ཡག་པོ་ཐོབ་བཞིན་ཡོད།


དཔྱད་གཞིའི་ཡིག་ཆ།