ཧྥུའུ་ཧྲོན་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ།སྔ་མའི་པར་གཞི་དེ ལྷ་དབང་རྡོ་རྗེ།  ནས 2020-08-31 11:19ལ་འགྲུབ།

ཧྥུའུ་ཧྲོན་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ།

ཧྥུའུ་ཧྲོན་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ།
ཧྥུའུ་ཧྲོན་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་ནི་སྤྱི་ལོ1978ལོར་བཙུགས་པ་དང་། དེ་སྔའི་མིང་ལ་ཧྥུའུ་ཧྲོན་དགེ་འོས་ཆེད་སྦྱོང་སློབ་གྲྭ་ཟེར་ཞིང་། དེ་ནི་རྒྱལ་ཁབ་སློབ་གསོ་པུའུ་ཡིས་ཆོག་མཆན་སྤྲད་པའི་གྲོང་ཁྱེར་ཁོངས་གཏོགས་ཀྱི་ས་གནས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་ཞིག་ཡིན། སློབ་གྲྭ་སྔོན་ཆད་སྤྱི་ལོ1978ལོར་བཙུགས་པའི་ལེའོ་ཉིང་སློབ་ཆེན་ཧྥུའུ་ཧྲོན་ཆེད་སྦྱོང་འཛིན་གྲྭ་ཞིག་ཡིན། སྤྱི་ལོ1993ལོར་མིང་ལ་ཧྥུའུ་ཧྲོན་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭར་བསྒྱུར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
抚顺师范高等专科学校
དབྱིན་ཡིག་གི་མིང་།
Fushun Teachers College
བཙུགས་ལོ།
སྤྱི་ལོ1978ལོར་བཙུགས།
སློབ་གྲྭའི་རིགས་དབྱེ།
གཞུང་གཉེར་སློབ་ཆེན།
སློབ་སྒྲུབ་ངོ་བོ།
དགེ་འོས།
སློབ་གྲྭའི་ཚབ་ཨང་།
10179
གཙོ་གཉེར་ཚན་པ།
ལེའོ་ཉིང་ཞིང་ཆེན་སློབ་གསོ་ཐིང་།
ལས་ཐོག་སློབ་གཙོ།
ཀྲང་ཅན་ཀྲུང་།
གཞུང་ཕྱོགས་དྲ་གནས།
http://www.fstc.cn
1 ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ1978ལོར། ལེའོ་ཉིན་སློབ་ཆེན་ཧྥུའུ་ཧྲོན་ཆེད་སྦྱོང་འཛིན་གྲྭ་བཙུགས།

སྤྱི་ལོ1978ལོའི་སྟོན་ཁར། འབྲིང་རིམ་སློབ་གསོ་འཕེལ་རྒྱས་ཀྱི་དགོས་མཁོ་ལྟར་སློབ་གྲྭའི་མིང་ལ་ཧྲེན་དབྱང་དགེ་འོས་སློབ་གླིང་ཧྥུའུ་ཧྲོན་དགེ་འོས་ཆེད་སྦྱོང་འཛིན་གྲྭར་བསྒྱུར།

སྤྱི་ལོ1981ལོའི་ཟླ8པར། ཞིང་ཆེན་སྲིད་གཞུང་གི་ཆོག་མཆན་བཀོད་པ་བརྒྱུད་དགེ་རྒན་ཆེད་སྦྱོང་འཛིན་གྲྭ་སྒེར་ཚུགས་སུ་བཙུགས། སློབ་གྲྭའི་མིང་ཧྥུའུ་ཧྲོན་གྲོང་ཁྱེར་དགེ་འོས་ཆེད་སྦྱོང་འཛིན་གྲྭར་བསྒྱུར།

སྤྱི་ལོ1983ལོའི་ཟླ8པའི་ཚེས20ཉིན། རྒྱལ་ཁབ་སློབ་གསོ་པུའུ་དང་ལིའོ་ཉིང་ཞིང་ཆེན་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། ཧྥུའུ་ཧྲོན་གྲོང་ཁྱེར་དགེ་འོས་ཆེད་སྦྱོང་འཛིན་གྲྭའི་མིང་ཧྥུ་ཧྲུན་དགེ་འོས་ཆེད་སྦྱོང་སློབ་གྲྭར་བསྒྱུར།

སྤྱི་ལོ1993ལོའི་ཟླ6པའི་ཚེས20ཉིན་རྒྱལ་ཁབ་སློབ་གསོ་ཨུ་ལྷན་གྱི་ཆོག་མཆན་ཐོབ་པ་བརྒྱུད་མིང་ལ་ཧྥུའུ་ཧྲོན་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭར་བསྒྱུར།

2 སློབ་གླིང་དང་སྡེ་ཁག་གི་ཆེད་ལས།

སྤྱི་ལོ2014ལོའི་བར་སློབ་གྲྭར་སློབ་ཁྲིད་ཚན་ཁག12དང་གློག་རྡུལ་ཆ་འཕྲིན་འགུལ་རིས་ཇུས་འགོད་དང་བཟོ་སྐྲུན། གློག་རྡུལ་ལག་རྩལ། གློག་རྡུལ་སྒྲ་བརྙན་ལག་རྩལ། ཡུལ་སྐོར་དོ་དམ། དོ་དམ་དང་ཞབས་ཞུ། ཁོ་རེ་ཡའི་སྐད་དང་། ཚོང་དོན་དབྱིན་ཡིག ཚོང་དོན་ཉི་ཧོང་སྐད། དྲུང་ཡིག ཇའི་རིག་གནས། སྐད་ཡིག་སློབ་གསོ། རྩིས་རིག་སློབ་གསོ། དབྱིན་ཡིག་སློབ་གསོ། དམའ་རིམ་སློབ་གསོ། སློབ་ཞུགས་སྔོན་གྱི་སློབ་གསོ། སྤྱི་ཚོགས་ལུས་རྩལ། གློག་ཀླད་སྒྱུ་རྩལ་ཇུས་འགོད་དང་། ཡུལ་སྐོར་བཟོ་རྩལ་ཐོན་རྫས་ཇུས་འགོད་དང་བཟོ་སྐྲུན། རོལ་དབྱངས་འཁྲབ་སྟོན་སོགས་ཆེད་ལས39བཙུགས་ཡོད། 

3 དགེ་རྒན་གྱི་དཔུང་ཁག

སྤྱི་ལོ2014ལོའི་བར་སློབ་གྲྭར་ཆེད་བསྐོས་དགེ་རྒན300ལྷག་ཙམ་ཡོད་པའི་ནང་དགེ་རྒན་ཆེན་མོ་དང་དགེ་རྒན་ཆེན་མོ་གཞོན་པ་སོགས་མཐོ་རིམ་གོ་མིང་ཡོད་པའི་དགེ་རྒན་གྱིས40%ཡན་བཟུང་ཡོད། གཞན་ད་དུང་སྤྱི་ཚོགས་ཐོག་གི་རིགས་གཅིག་མཁས་ཅན་དང་། ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་སོགས་སློབ་ཁྲིད་དགེ་རྒན་དུ་གདན་ཞུ་བྱས་ཡོད། དགེ་རྒན་གྱི་ཁྲོད་རྒྱལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན2དང་ཞིང་ཆེན་རིམ་པའི་དགེ་རྒན་གྲགས་ཅན1ཞིང་ཆེན་རིམ་པའི་ཆེད་ལས་སྣེ་ཁྲིད་པ1བཅས་ཡོད། 

4 རིག་གཞུང་ཞིབ་འཇུག

སྤྱི་ལོ2014ལོའི་བར་སློབ་གྲྭར་མཐོ་རིམ་སློབ་གསོ་བསྒྱུར་བཅོས་དང་འཕེལ་རྒྱས་ཞིབ་འཇུག་ཁང་། སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས་བཅས་སློབ་གྲྭ་རིམ་པའི་ཚན་ཞིབ་སྒྲིག་གཞི2ཡོད། 

4_1 ཞིབ་འཇུག་གི་གྲུབ་འབྲས།

ཉེ་བའི་ལོ་བཅུའི་རིང་ལ། སློབ་གྲྭའི་དགེ་རྒན་གྱིས་སློབ་དེབ་དང་ཆེད་རྩོམ50ལྷག་ཙམ་དཔེ་སྐྲུན་བྱས་པ་དང་དཔྱད་རྩོམ1600ལྷག་ཙམ་སྤེལ་ཡོད། ཞིང་ཆེན་རིམ་པའི་ཚན་ཞིབ་ཞིབ་འཇུག་བྱ་གཞི60ལྷག་ཙམ་ལེགས་གྲུབ་བྱུང་བ་དང་། ཞིང་ཆེན་རིམ་པའི་ཚན་ཞིབ་ལས་གཞི་ 40ལེགས་གྲུབ་བྱུང་། གྲོང་ཁྱེར་རིམ་པའི་ཞིབ་འཇུག་བྱ་གཞི100ལྷག་ཙམ་ཡོད་པའི་ནང30ལ་རྒྱལ་ཁབ་རིམ་པའམ་ཡང་ན་ཞིང་ཆེན་རིམ་པའི་བྱ་དགའ་ཐོབ།

4_2 རིག་གཞུང་ཐོན་ཁུངས།

སྤྱི་ལོ2014ལོའི་བར་སློབ་གྲྭའི་དཔེ་མཛོད་ཁང་དུ་དཔེ་དེབ་ཁྲི23ཉར་ཚགས་བྱས་ཡོད། དུས་དེབ་རིགས564དང་ཚགས་པར་རིགས35ཉར་ཚགས་བྱས་ཡོད།

4_3 རིག་གཞུང་དུས་དེབ།

《ལེའོ་ཉིང་དགེ་འོས་སློབ་ཆེན་གྱི་རིག་གཞུང་དུས་དེབ》ནི་ལེའོ་ཉིང་ཞིང་ཆེན་སློབ་གསོ་ཐིང་དང་། ཡོའུ་དབྱང་། ཅིན་ཀྲོའུ། ཧྥུའུ་ཧྲོན། ལེའོ་ཉིང་། ཐིའེ་ལིང་། དབྱིན་ཁོའུ་སོགས་དགེ་འོས་ཆེད་སྦྱོང་སློབ་གྲྭ་དྲུག་གིས་མཉམ་སྒྲུབ་བྱས་པའི་རིག་གཞུང་དུས་དེབ་ཅིག་ཡིན།


དཔྱད་གཞིའི་ཡིག་ཆ།