སློབ་གླིང་སྤྱི་ལོ2001ལོར་བཙུགས་པ་ནས་བཟུང་སློབ་གཉེར་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ལ། སློབ་གཉེར་གྱི་གཞི་ཁྱོན་རིམ་བཞིན་ཆེ་རུ་འགྲོ་བ་དང་སློབ་གཉེར་གྱི་ཆུ་ཚད་ཉིན་རེ་བཞིན་མཐོ་རུ་སོང་སྟེ། སློབ་གླིང་གིས་ལེའོ་ཉིང་རྡོ་སྣུམ་རྫས་འགྱུར་བཟོ་ལས་སློབ་ཆེན་གྱི་རྡོ་སྣུམ་རྫས་འགྱུར་བཟོ་ལས་རིག་ཚན་ཐད་ཀྱི་ལེགས་ཆ་དང་རྡོ་སོལ་ཚན་རིག་ཞིབ་འཇུག་སྤྱི་ཁྱབ་ཁང་ཧྥུའུ་ཧྲུན་ཡན་ལག་ཁང་གི་རྡོ་སོལ་གཏེར་ཁའི་བདེ་འཇགས་ཚན་རིག་ཞིབ་འཇུག་ཐད་ལེགས་ཆ་དང་དེ་བཞིན་ཧྥུའུ་ཧྲུན་རྡོ་སྣུམ་རྫས་འགྱུར་བཟོ་ལས་དང་རྡོ་སོལ་ཐོན་སྐྱེད་ཐོན་ལས་རྟེན་གཞིའི་ཁོར་ཡུག་ལེགས་ཆར་བརྟེན་ནས། བཟོ་རིག་གཙོ་བོར་བཟུང་སྟེ་བཟོ་ལས་དང་། དཔལ་འབྱོར། དོ་དམ། རིག་གནས་སོགས་རིག་གཞུང་ཚན་ཁག་མཐུན་སྦྱོར་ངང་འཕེལ་རྒྱས་སུ་བཏང་ཞིང་། སློབ་གླིང་དུ་ནུས་ཁུངས་རྫས་འགྱུར་བཟོ་ལས་ཚན་ཁག་དང་། ནུས་ཁུངས་སྒྲིག་ཆས་ཚན་ཁག ཚོད་འཛིན་བཟོ་སྐྲུན་ཚན་ཁག བཟོ་ཚོང་དོ་དམ་ཚན་ཁག ནུས་ཁུངས་ལས་གྲྭ་དང་བདེ་འཇགས་ཚན་ཁག་བཅས་བཙུགས་ཤིང་ཁྱོན་ཆེད་ལས28ཡོད། སྤྱིར་བཏང་གི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་དངོས་གཞིའི་ཚན་ཁག་གི་སློབ་གསོ་སྤེལ་བ་དང་སློབ་མ་བསྡུ་རྒྱུ་དེ་རྒྱལ་ཁབ་ཀྱི་མཐོ་རིམ་སློབ་གྲྭའི་སློབ་བསྡུའི་འཆར་གཞིའི་ནང་བཅུག་ཡོད་ལ། སྤྱི་ལོ2007ལོར་སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད་རྡོ་སོལ་དང་འབྲེལ་བ་ཡོད་པའི་ཆེད་ལས8རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ཁ་གཏད་རྐྱང་བསྡུ་སྲིད་ཇུས་ལག་བསྟར་བྱ་རྩིས་ཡོད་པ་རེད།
སློབ་གླིང་གིས་དངོས་གཞིའི་ཚན་ཁག་གི་ཉེར་སྤྱོད་རྩལ་ནུས་ཅན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་དམིགས་ཚད་དུ་བྱས་ནས་རྡོ་སྣུམ་དང་། རྡོ་སྣུམ་རྫས་འགྱུར། རྡོ་སོལ་ཁེ་ལས། ས་གནས་དཔལ་འབྱོར་འཕེལ་རྒྱས་བཅས་ལ་ཞབས་འདེགས་ཞུ་བའི་སློབ་གཉེར་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ་ལེའོ་ཉིང་རྡོ་སྣུམ་རྫས་འགྱུར་བཟོ་ལས་སློབ་ཆེན་བཙུགས་ཤིང་། དེའི་སྤྱི་ཡོངས་ཀྱི་འཛུགས་སྐྲུན་ཉམས་འགྱུར་མཛེས་ཤིང་ཡིད་དུ་འོང་བ་དང་དེང་རབས་ཀྱི་ཉམས་འགྱུར་དང་གནའ་བོའི་བབ་ཆགས་ཀྱི་ཡུལ་ཁམས་གཉིས་འབྲེལ་བ་ཟབ་མོ་ཡོད། སློབ་གླིང་གིས་ས་ཆ་མུའུ370ལྷག་ཙམ་བཟུང་བ་དང་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི10ལྷག་ཙམ་ཟིན། ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སློབ་གྲྭར་ཡོད་མུས་ཀྱི་སློབ་མ2100ལྷག་ཙམ་ཟིན། ཁྱོན་དགེ་རྒན207ཡོད་པའི་ནང་འབུམ་རམས་པའི་བསླབ་གནས་ལྡན་པའི་དགེ་རྒན15ཡོད། རབ་འབྱམས་པའི་སློབ་གཉེར་བརྒྱུད་རིམ་ལྡན་པའི་མི88དངོས་གཞིའི་སློབ་གཉེར་བརྒྱུད་རིམ་ལྡན་པའི་མི104ཡོད་པ་དང་མཐོ་རིམ་གོ་མིང་ཡོད་མཁན་གྱི་མི128ཡོད། སློབ་ཁྲིད་ཡོ་བྱད་སྒྲིག་ཆས་ཀྱི་རིན་ཐང་བསྡོམས་འབོར་སྒོར་ཁྲི2000ལྷག་ཙམ་དང་དཔེ་དེབ་ཁྲི30ལྷག་ཙམ་ཡོད།
རྫས་འགྱུར་བཟོ་རྩལ་ནི་ཞིང་ཆེན་རིམ་པའི་མཉམ་སྐྲུན་གྱི་གཙོ་གནད་རིག་ཚན་ཡིན་ལ། ཆེད་ལས་འདིས་གཙོ་བོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཀྱི་ཐོན་སྐྱེད་བཟོ་རྩལ་དང་བཀོལ་སྤྱོད། བཟོ་རྩལ་གྱི་བརྒྱུད་རིམ་དང་སྒྲིག་ཆས་ཀྱི་ཇུས་འགོད་དང་ཞིབ་འཇུགཐོན་རྫས་གསར་པ་དང་དེ་བཞིན་འགྱུར་སྐུལ་རྒྱུ་ཆ་གསར་པ་གསར་སྤེལ་དང་བེད་སྤྱོད། རྫས་འགྱུར་བཟོ་ལས་ཀྱི་བརྒྱུད་རིམ་ལད་ཟློས་ལེགས་སྒྱུར་དང་ལག་རྩལ་གསར་བཅོས་སོགས་ཀྱི་ལས་ཀ་གསོ་སྐྱོང་བྱེད་ཀྱིན་ཡོད། རྡོ་སྣུམ་རྫས་འགྱུར་བཟོ་ལས་ཀྱི་ཁེ་ལས་དང་ཚན་རིག་ཞིབ་འཇུག་ལས་ཁུངས་སུ་དེང་རབས་ཅན་གྱི་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཀྱི་ཐོན་སྐྱེད་དང་། བཟོ་རྩལ་ཇུས་འགོད། ཚན་རིག་ཞིབ་འཇུག དོ་དམ་བཅས་ཀྱི་མཐོ་རིམ་ལག་རྩལ་པའི་དཔུང་སྡེ་གྲུབ་ཡོད།
རྨང་གཞིའི་སློབ་ཚན་གཙོ་བོ་ནི་རྨང་གཞིའི་རྫས་འགྱུར་དང་། རྫས་འགྱུར་བཟོ་ལས་ཀྱི་རྩ་བའི་རིགས་པ། རྫས་འགྱུར་བཟོ་ལས་ཀྱི་ཚ་ཤུགས་རིག་པ། རྫས་འགྱུར་འགྱུར་འབྱུང་ལས་གྲྭ། རྡོ་སྣུམ་བཙོ་སྦྱང་ལས་གྲྭ། རྡོ་སྣུམ་རྫས་འགྱུར། རྫས་འགྱུར་བཟོ་རྩལ་རིག་པ། རྫས་འགྱུར་བཟོ་ལས་ཀྱི་བཟོ་རྩལ་ཇུས་འགོད། འགྱུར་འདེད་རྩ་བའི་རིགས་པ་སོགས་ཡིན། ཁ་ཕྱོགས་གསུམ་ཡོད་པ་སྟེ། རྡོ་སྣུམ་ལས་སྣོན་གྱི་ཁ་ཕྱོགས་དང་། རྫས་འགྱུར་བཟོ་ལས་ཀྱི་བཟོ་རྩལ་གྱི་ཁ་ཕྱོགས། བཟོ་ལས་ཀྱི་འགྱུར་སྐུལ་ཁ་ཕྱོགས་བཅས་ཡིན།
ཆེད་ལས་འདིས་རྫས་འགྱུར་བཟོ་སྐྲུན་དང་ལག་རྩལ་ལྡན་པ། ལྷག་པར་དུ་རྡོ་སོལ་སྲེག་འགྱུར་དང་། རྡོ་སོལ་རླངས་འགྱུར་སོལ་སྣུམ་ལས་སྣོན། རྫས་འགྱུར་དངོས་རྫས་ཕྲ་ཞིབ་སོགས་རྡོ་སོལ་ཕྱོགས་བསྡུས་བེད་སྤྱོད་ཁྱབ་ཁོངས་ཐད་ཀྱི་གཞི་རྩའི་རིགས་པའི་གཞུང་ལུགས་དང་གཞི་རྩའི་ཤེས་བྱ། རྡོ་སོལ་ཐོན་ཁུངས་ཕྱོགས་བསྡུས་ཀྱིས་ལས་སྣོན་དང་བེད་སྤྱོད་བྱ་རྒྱུའི་གཞི་རྩའི་ནུས་པ་ལྡན་པ་དང་། རྡོ་སོལ་ཕྱོགས་བསྡུས་བེད་སྤྱོད་དང་ལས་སྣོན་སོགས་པའི་ཁྱབ་ཁོངས་སུ་ཞིབ་འཇུག་དང་། གསར་སྤེལ། ཇུས་འགོད་སོགས་ཀྱི་ལས་ཀ་བྱེད་ཐུབ་པའི་མཐོ་རིམ་ལག་རྩལ་ཤེས་ལྡན་མི་སྣ་བཅས་གསོ་སྐྱོང་བྱེད་པ།
རྫས་འགྱུར་བཟོ་ལས་ཀྱི་རྩ་བའི་རིགས་པ་དང་སྐྱེ་མེད་རྫས་འགྱུར་རིག་པ། དབྱེ་ཞིབ་རྫས་འགྱུར་རིག་པ། སྐྱེ་ལྡན་རྫས་འགྱུར་རིག་པ། དངོས་ལུགས་རྫས་འགྱུར་རིག་པ། རྡོ་སོལ་རྫས་འགྱུར་རིག་པ། རྡོ་སོལ་གྱི་རྫས་འགྱུར་ཐོན་རྫས་བཟོ་རྩལ་རིག་པ། རྡོ་སོལ་རླངས་འགྱུར་བཟོ་རྩལ་རིག་པ། རྡོ་སོལ་གཤེར་འགྱུར་རྫས་འགྱུར་རིག་པ་སོགས་ཡིན།
གཙོ་བོ་རྨང་གཞིའི་རྫས་འགྱུར་དང་། རྫས་འགྱུར་བཟོ་ལས་ཀྱི་རྩ་བའི་རིགས་པ། རྡོ་སོལ་རྫས་འགྱུར་དང་རྡོ་སོལ་བསྲེགས་མ་བཟོ་བ། རྡོ་སོལ་གྱི་རྫས་འགྱུར་ཐོན་རྫས་བཟོ་རྩལ་རིག་པ། རྡོ་སོལ་རླངས་འགྱུར་བཟོ་རྩལ་རིག་པ། རྡོ་སོལ་གཤེར་འགྱུར་རྫས་འགྱུར་བཅས་ཀྱི་གཞི་རྩའི་རིགས་པའི་གཞུང་ལུགས་དང་གཞི་རྩའི་ཤེས་བྱ་བཅས་སློབ་སྦྱོང་བྱ་རྒྱུ་དང་། རྨང་གཞིའི་རྫས་འགྱུར་གྱི་རིགས་པའི་གཞུང་ལུགས་དང་སྔོན་ཐོན་གྱི་དབྱེ་ཞིབ་བྱེད་ཐབས་ཁོང་དུ་ཆུད་པར་བྱས་ནས་རྡོ་སོལ་གྱི་སྤུས་ཀར་དབྱེ་ཞིབ་དང་རྡོ་སོལ་ཕྱོགས་བསྡུས་བེད་སྤྱོད་བྱ་རྒྱུའི་གཞི་རྩའི་ནུས་པ་འདོན་སྤེལ་བྱ་དགོས།
ལས་གཏོད་དུས་རབས་དྲ་བ་སུའོ་ཡིས་ཁྱབ་བསྒྲགས་བྱས་པའི“སྤྱི་ལོ2019ལོའི་ཀྲུང་གོའི་དམངས་གཉེར་སློབ་ཆེན་གྱི་ལས་གཏོད་འགྲན་རྩོད་ནུས་པ་ཆེན་པོ300”ཡི་ཁྲོད་ཨང271ཐོབ།